༄༅། །བཞི་པ་རི་ཞིང་ཆུ་གསུམ་གྱི་བཤད་པ་ནི།

རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ། སྤེལ་དུས། 12-16


  ཕྱི་མི་འགྱུར་གཡུང་དྲུང་ར་བས་བསྐོར། །བར་མི་འགྱུར་བཀྲ་ཤིས་རྟགས་ཀྱིས་བསྐོར། །ནང་མི་འགྱུར་ནོར་བུ་དགའ་འཁྱིལ་ཡོད། །ཕུ་ལ་གངས་རིས་བསྐོར་བའི་རི། །གངས་ལ་སེངྒེ་འཁོར་བའི་རི། །སེང་ལ་གཡུ་རལ་རྒྱས་པར་ཤོག །བར་ལ་ཙནྡ་ནགས་ཀྱི་རི། །ནགས་ལ་སྟག་མོ་འཁོར་བའི་རི། །སྟག་མོ་འཛུམ་དྲུག་རྒྱས་པར་ཤོག །མདའ་ལ་མཚོ་མོ་འཁྱིལ་བའི་རི། །མཚོ་ལ་ཉ་སྲམ་འཁོར་བའི་རི། །ཉ་སྲམ་རྐྱལ་རྩལ་རྒྱས་པར་ཤོག །རྒྱབ་རི་སེངྒེ་འགྱིང་བའི་རི། །སེང་ལ་གཡུ་རལ་རྒྱས་འདྲ་ཡོད། །མདུན་རི་འདོད་འཇོའི་བུམ་པའི་རི། །གཏེར་བུམ་ནོར་བུས་བརྒྱན་འདྲ་ཡོད། །རི་མཐའ་ས་ཞིང་ཆགས་ལེ་དེ། །ཞིང་ཆུ་མ་པུསྟི་བརྩེགས་འདྲ་ཡོད། །འབྲུ་སྔོན་མོའི་གཏེར་ཁ་བོར་བར་ཤོག །གཤམ་ལ་ཆུ་བོ་རྒྱུ་ལེ་དེ། །ཆབ་ཆུ་བོ་ཆབ་མ་བརྡབ་འདྲ་ཡོད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1