ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རྩ་གནད་མ་ཟིན་རྩོམ་སྒྲིག་ལས་དོན་འགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་གཙོ་སྐྱོང་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 12-25


        སྤྱི་ཚེས་23ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རྩ་གནད་མ་ཟིན་རྩོམ་སྒྲིག་ལས་དོན་འགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། སླར་ཡང་རྩ་གནད་མ་ཟིན་རྩོམ་སྒྲིག་སྙན་སེང་གསན་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་བ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གྲོས་ཚོགས་ལ་ཞུགས་གནང་ཡོད།
        གྲོས་ཚོགས་ཐོག རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་སྙན་སེང་ཞུས་པ་རེད། ལི་ཁེ་ཆང་གིས། མུ་མཐུད་དེ་བློ་བསྡུས་དགེ་འཚོལ་དང་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་གང་ལེགས་བྱས་ནས། རྩ་གནད་མ་ཟིན་ཡག་ཐོག་ཡག་བརྩེགས་ངང་རྩོམ་སྒྲིག་བྱེད་དགོས།
        ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་སྟོན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་བྱེད་པ། གོང་འཕེལ་གྱི་དུས་རིམ་གསར་པར་རྐང་པ་གང་ལེགས་ཚུགས་པ་བྱེད་པ་དང་གོང་འཕེལ་གྱི་འདུ་ཤེས་གསར་པར་ཁྱབ་པ་བྱེད་པ། གོང་འཕེལ་གྱི་གནས་སྟངས་གསར་པ་ཆགས་པ་བྱེད་པ། སྤུས་མཐོའི་གོང་འཕེལ་གྱི་བླང་བྱར་སྐུལ་འདེད་གཏོང་བ་བཅས་བྱས་ནས། མི་དམངས་ཀྱི་ལྟེ་བ་བྱས་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དེས་འཆར་འགོད་རྩ་གནད་ནས་ལག་ལེན་དང་ལོ་རྒྱུས་ཀྱི་ཞིབ་དཔྱད་དང་ལེན་ཐུབ་པ་བྱེད་དགོས་ཞེས་དང་།
        ལི་ཁེ་ཆང་གིས། རྩ་གནད་མ་ཟིན་རྩོམ་སྒྲིག་བྱེད་རྒྱུ་དེ་མིག་སྔ་དང་ཡུན་རིང་གཉིས་ཀར་གཅིག་ལྕོགས་བྱེད་པ་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་གྲོས་འགོ་དང་ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལ་གཞིགས་ནས། མ་འོང་པའི་ལོ་ལྔའི་གོང་འཕེལ་ལ་ཁྱོན་ཡོངས་ནས་བསམ་བློ་གཏོང་དགོས་པ་དང་། སྤྱི་ལོ་2035ལོའི་རྒྱང་རིང་དམིགས་འབེན་དང་སྦྲེལ་མཐུད་བྱེད་པ། སང་ལོ་དང་གནང་ལོ་ལོ་གཉིས་ཀྱི་དཔལ་འབྱོར་སླར་གསོ་རྒྱུན་ལྡན་ལྟར་གོང་འཕེལ་ཐུབ་རྒྱུ་དང་གོང་འཕེལ་གྱི་རྨང་གཞི་བརྟན་པོ་འཛུགས་རྒྱུའི་དམིགས་བསལ་གནས་ཚུལ་ལ་སླར་ཡང་དམིགས་ནས། འཆར་འགོད་དང་བཀོད་སྒྲིག་གཅིག་གྱུར་བྱེད་དགོས། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་དང་ཆོས་ཉིད་ལ་བརྩི་སྲུང་ཞུ་རྒྱུ།
        ཚན་རིག་དང་མཐུན་པའི་སྒོ་ནས་གོང་འཕེལ་གྱི་དམིགས་འབེན་གཏན་འཁེལ་བྱེད་པ་བཅས་ནི་གཅིག་ནས་མི་སེམས་ལ་སྐུལ་མ་ཆེན་པོ་ཐེབས་པ་དང་གཉིས་ནས་བསམ་བློ་གཏོང་ས་ཡོད་པ་ཞིག་ཡིན་དགོས། ཐོན་ལས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་དང་། རྨང་གཞིའི་སྒྲིག་ཆས་ལ་ཤུགས་སྣོན་རྒྱག་རྒྱུ། དམངས་འཚོའི་ལས་གྲྭ་ལགས་ལེན་བསྟར་རྒྱུ་སོགས་ལས་འགན་གཙོ་གནད་དུ་བཟུང་ནས་འགག་གཏོར་བྱེད་དགོས་པ་དང་། ནུས་ཤུགས་གང་ཡོད་དང་ནུས་པས་ལྕོགས་ཚོད་ཀྱིས་བྱེད་པ་ལས་རྨོང་ཚོད་ངང་ལས་ཀ་བྱེད་མི་ཉན། བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ་མངོན་པར་བྱེད་པ་དང་ཀྲུང་གོས་བློ་བརྟན་འགྱུར་མེད་སྒོ་ནས་བསྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བའི་ཆོད་སེམས་མངོན་པར་བྱས་ཐོག བསྒྱུར་བཅོས་ཟབ་ཏུ་གཏོང་བ་བརྒྱུད་དེ་ཁྲོམས་རའི་གཙོ་གཟུགས་གསོན་ཤུགས་དེ་བས་ཆེ་བ་སྐུལ་སློང་བྱེད་དགོས་པ་དང་། ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུའི་ཐད་ལམ་ལུགས་རྣམ་པའི་སྒོ་དབྱེའི་བྱེད་ཐབས་གསར་པ་དེ་བས་མང་བ་འདོན་དགོས་ཞེས་དང་།
        ལི་ཁེ་ཆང་གིས། རང་རྒྱལ་གོང་འཕེལ་གྱི་གྲུབ་འབྲས་ནི་མི་དམངས་ཡོངས་ཀྱིས་དཀའ་སྤྱད་ལས་སྒྲུབ་བྱས་པ་ལས་བྱུང་བ་ཞིག་ཡིན་པས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ཆེའི་འགོ་ཁྲིད་འོག མུ་མཐུད་དེ་འབད་འཐབ་ལྷོད་མེད་བྱེད་དགོས། སང་ལོར་དཔལ་འབྱོར་བརྟན་པོའི་ངང་སླར་གསོ་ཐུབ་རྒྱུའི་རྣམ་པ་སྲ་བརྟན་དུ་དུ་བཏང་ནས། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་བར་ཁོངས་སུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་གོང་འཕེལ་གྱི་འགོ་ཡག་པོ་འཛུགས་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
        སུན་ཁྲུན་ལན་དང་། ཧུའུ་ཁྲུན་ཧྭ། ཝེ་ཧྥེང་ཧོ། ཝང་ཡུང་། ཝང་དབྱི། ཞའོ་ཅེ། ཀྲའོ་ཁེ་ཀྲེ་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1