༄༅།།ཆུ་སྐྱེ་རྩི་ཤིང་དེ་ཆུ་ནང་ནས་མི་རུལ་པའི་རྒྱུ་མཚན་ཅི་ཡིན།

རྩོམ་པ་པོ། ཨ་འདུས་བུ་སྨྱོན རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཡོངས་འཛིན་དྲ་བ། སྤེལ་དུས། 12-31


    རྩི་ཤིང་གང་ཡིན་ཡང་ཆུ་དགོས་ཏེ། གལ་ཏེ་ཆུ་དང་བྲལ་ན་འཆི་བའི་ཉེན་ཁ་འབྱུང་། ཡིན་ནའང་རྩི་ཤིང་མི་འདྲ་བ་ལ་མི་འདྲ་བའི་འཚོ་བ་རོལ་སྟངས་ཤིག་ཡོད་དེ། ལ་ལར་ཆུ་མང་ཙམ་དགོས་ཤིང་ལ་ལར་ཉུང་ཙམ་ལས་མི་དགོས། ཉིན་འགའ་ལ་མཐུད་དེ་ཆར་ཆེན་པོ་བབས་ན། ས་ཐོག་ཏུ་གང་སར་ཆུས་གང་འགྲོ། གལ་ཏེ་དེ་མ་ཐག་ཏུ་ཆུ་ཕྱིར་མ་བཏང་ན། སྲིང་བལ་དང་སྲན་ཆེན། མ་རྨོས་ལོ་ཏོག་སོགས་ལོ་ཏོག་མང་བོ་ཆུས་གསོད་པར་འགྱུར། ཡུན་རིང་འགོར་ན་རྩི་ཤིང་ཧྲིལ་བོ་རུལ་འགྲོ། ཡིན་ནའ་ང་མེ་ཏོག་པད་མ་དེ་རྣམས་དང་མི་འདྲ་སྟེ། དེའི་ལུས་ཀྱི་ཆ་ཤས་མང་ཆེ་བ་ཆར་སྦངས་པ་རེད། རྩྭ་གསེར་ཉ་དང་གཡེང་རྩྭ་སོགས་ཆུ་སྐྱེས་རྩི་ཤིང་གི་ལུས་ཡོངས་ཆུ་རུ་གནས་ཀྱང་ཉེ་ཞོ་མེད་པར་གནས་ཐུབ། ཆུ་སྐྱེ་རྩི་ཤིང་དེ་ཆུ་ནང་ནས་མི་རུལ་ཞིང་། སྲིང་བལ་དང་སྲན་ཆེན་སོགས་ལོ་ཏོག་ཆུ་རུ་གནས་ཡུན་ཅུང་ཟད་རིང་ཙམ་སོང་ན་རུལ་འགྲོ་བའི་རྒྱུ་ཚན་ཅི་ཡིན་ཞེ་ན། སྤྱིར་རྩི་ཤིང་གི་རྩ་བས་ས་ནས་ཆུ་དང་ལུད་འདྲེན་པ་ཡིན་མོད། འོན་ཀྱང་མཁའ་རླུང་འདང་མོ་ཞིག་ལྡན་ན་ད་གཟོད་རྩད་པ་རྒྱུན་ལྡན་ངང་སྐྱེ་འཕེལ་བྱེད་སྲིད། གལ་ཏེ་རྩད་པ་ཡུན་རིང་དུ་ཆུ་རུ་སྦངས་ཏེ་མཁའ་རླུང་གིས་མ་འདང་ན། རྩད་པ་མི་སྐྱེ་ཤིང་ཐ་ན་དབུགས་བཅད་དེ་ཤི་འགྲོ། རྩད་པ་ཤི་བ་ན། རྩི་ཤིང་གི་སྡོང་བུ་ཡ་ངཤི་འགྲོའོ།། ཡིན་ནའང་ཆུ་སྐྱེ་རྩི་ཤིང་གི་རྩད་པ་དང་སྤྱིར་བཏང་གི་རྩི་ཤིང་གི་རྩད་པ་གཉིས་མི་འདྲ། ཡུན་རིང་ལ་ཁོར་ཡུག་གི་ཤན་ཤུགས་པའི་རྐྱེན་གྱིས། དེ་རྣམས་ཆུ་རུ་སྐྱེ་བའི་ཁྱད་པར་བའི་ནུས་མཐུ་ལྡན་པ་སྟེ། ཆུ་ནས་དབྱང་རླུང་འཇིབ་ལེན་བྱེད་ཐུབ་པར་མ་ཟད། དབྱང་རླུང་དཀོན་དུས་ནའང་རྒྱུན་ལྡན་ངང་གཏོང་ལེན་བྱེད་ཐུབ། དེ་དག་གིས་ཇི་ལྟར་ཆུར་ཞུ་བའི་དབྱང་རླུང་ཉུང་ངུ་འཇིབ་ལེན་བྱེད་དམ་ཞེ་ན། སྤྱིར་བཤད་ན་ཆུ་སྐྱེ་རྩི་ཤིང་གི་རྩ་འདབས་ཀྱི་ཤུན་ལྤགས་སུ་ཅུང་ཆེ་བའི་ཕྲ་ཕུང་གི་བར་སྲུབས་ཡོད་ཅིང་ཡར་མར་ལ་མཐུད་དེ་མཁའ་རླུང་གི་རྒྱུད་འདྲེན་མ་ལག་གཅིག་ཆགས་འདུག དེ་ལས་གཙོ་ཆེ་བ་ནི་དེ་དག་གི་རྩ་བའི་ཕྱི་ལྤགས་ནི་ཕྱི་ནང་གསལ་བའི་སྐྱི་ལྤགས་ཤིག་ཡིན་པས། དེས་ཆུའི་ནང་དུ་ཞུ་བའི་དབྱང་རླུང་ཉུང་ངུ་དེ་དེར་ཐིམས་ནས་རྩ་བའི་ནང་དུ་མཆེད་པར་བྱེད། དེར་ཐིམ་པའི་སྐབས་སུ་སྐྱི་ལྤགས་ཀྱི་ཕྱོགས་གཉིས་ཀྱི་གར་ཚད་མི་འདྲ་བས་ཐིམ་མནོན་ཞིག་འབྱུང་ཞིང་། ཆུ་སྐྱེ་རྩི་ཤིང་གི་རྩ་བའི་ཕྱི་ལྤགས་ཀྱི་ཐིམ་ཤུགས་ཧ་ཅང་ཆེ་བས། དབྱང་རླུང་དེའི་རྩ་བར་ཐིམས་ཏེ། རྩད་པ་ཡིས་དབྱང་རླུང་ཕྲན་ཙམ་འཇིབ་ལེན་བྱེད་ཐུབ་ཅིང་། དེ་ནས་ཅུང་ཆེ་བའི་ཕྲ་ཕུང་གི་བར་སྲུབས་བརྒྱུད་དེ་རྩ་བས་གང་ལེགས་ ཀྱིས་འབྱིན་རྔུབ་བྱེད་ཐུབ། ཆུ་སྐྱེ་རྩི་ཤིང་ལ་ལ་ཆུ་ནང་དུ་སྐྱེ་བའི་ཁོར་ཡུག་ལ་བསྟུན་ཆེད། ལུས་ཐོག་ཏུ་ད་རུང་ཁྱད་པར་བའི་གྲུབ་ཚུལ་གཞན་ཞིག་ཡོད་དེ། དཔེར་ན་པད་རྩ་ལྟ་བུ་ཡིན་ན། དེ་རྫིང་བུའི་འདམ་ནང་དུ་གཏིང་ཟབ་མོར་ཟུག་ཅིང་མཁའ་རླུང་གི་རྒྱག་མི་ཐུབ་ཕྱིར། དབུགས་འབྱིན་རྔུབ་ཡང་བྱེད་དཀའ་བ་སྨོས་མ་དགོས་མོད། འོན་ཀྱང་ང་ཚོས་དེར་སེམས་ཁྲལ་བྱེད་མི་དགོས། པད་རྩའི་ནང་ན་ཁུང་བུ་མི་འདྲ་བ་མང་དུ་ཡོད་ཅིང་། ཁུང་བུ་དེ་དག་དང་ལོ་ཡུའི་ཁུང་བུ་སྦྲེལ་འདུག་པའི་མི་ཚ། ལོ་མའི་ནང་ན་བར་སྲུབས་མང་དུ་ཡོད་པ་དེ་ལོ་མའི་ཁུང་བུ་དང་སྦྲེལ་འདུག་པས། འདམ་དུ་ཟབ་མོ་ཟུག་པའི་པད་རྩ་ཡིས་རང་དབང་གིས་ལོ་མར་བརྟེན་ནས་མཁའ་རླུང་གསར་བ་འབྱིན་རྔུབ་བྱས་ཏེ་རྒྱུན་ལྡན་ངང་དུ་འཚོ་ཐུབ། ཡང་དཔེར་ན། གཟེ་མ་ར་མགོའི་རྩ་བའང་ཆུའི་ནང་གི་འདམ་དུ་སྐྱེ་ནའང་དེའི་ལོ་ཡུ་སྦོས་ཏེ་དབུགས་ལྒང་ཞིག་ཏུ་གྲུབ་པའི་ཕྱིར་མཁའ་རླུང་མང་དུ་བསགས་ནས་རྩ་བས་འབྱིན་རྔུབ་བྱེད། དེ་མིན་ད་རུང་ཧོའེ་ཡེ་ཕིང་སོགས་ཆུ་སྐྱེ་རྩི་ཤིང་དག་གི་ལོ་མའི་ཞབས་ན་མར་འཕྱང་བའི་རྩད་པ་མང་དུ་ཡོད་ནའང་། དོན་ལ་དེ་ནི་རྩད་པ་ངོ་མ་མིན་ཏེ། དེ་ནི་ལོ་མའི་ཡ་མ་གཟུགས་ཡིན་ཞིང་། རྩ་བའི་ཚབ་བྱེད་པ་ཙམ་དུ་ཟད། དེ་མིན་པའི་ཆུ་སྐྱེ་རྩི་ཤིང་གི་གཞུང་རྟའི་ཕྱི་ལྤགས་དང་རྩད་པ་འདྲ་ཞིང་། འབྱིན་ལེན་བྱེད་པའི་ནུས་པ་ལྡན་ཞིང་། ཕྱི་ངོས་ཀྱིས་ཆུ་ཡལ་བ་འགོག་པའི་ལྤགས་རིམ་མི་དར་བའམ་མེད་པ་ཡིན། ལྤགས་རིམ་ཕྲ་ཕུང་དུ་ལོ་མའི་ལྗང་རྒྱུ་འདུས་ཡོད་པས། དེས་འོད་སྦྱོར་བྱེད་ནུས་བྱས་ཏེ་རང་ཉིད་ལ་ཟས་བཅུད་བཟོ་ཐུབ། ཆུ་སྐྱེ་རྩི་ཤིང་ལ་ཆུའི་འཚོ་བའི་གྲུབ་ཚུལ་སྣ་ཚོགས་ཡོད་པའི་ཕྱིར། རྒྱུན་ལྡན་ངང་དབུགས་འབྱིན་རྔུབ་བྱེད་ཐུབ་པར་མ་ཟད། “ཟས”བཟའ་རྒྱུ་ཡོད་པས་ཡུན་རིང་ཆུ་ནང་དུ་སྐྱེས་ཀྱང་རུལ་མི་སྲིད།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1