རྔ་བ་ཁུལ་ཟུང་ཆུ་རྫོང་གི་བོད་མིའི་སྡོད་ཁང་གསར་བཟོའི་ལས་གཞི་ཡོངས་སུ་འགྲུབ་ཡོད།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-18


རྔ་བ་ཁུལ་ཟུང་ཆུ་རྫོང་དུ་གསར་བཟོ་བྱས་པའི་བོད་མིའི་སྡོད་ཁང་

             མིག་སྔར། རྔ་བ་ཁུལ་ཟུང་ཆུ་རྫོང་གི་བོད་མིའི་སྡོད་ཁང་གསར་བཟོའི་ལས་གཞི་ཡོངས་སུ་འགྲུབ་ཡོད་དེ། གསར་བཟོ་བྱས་པའི་སྡོད་ཁང་680ཡོད་ལ་ཞིང་པ་ཁྱིམ་ཚང་680ཡོད། ལས་གཞི་འདིར་མ་དངུལ་སྒོར་ཁྲི་1005.8བཏང་ཡོད། ཟུང་ཆུ་རྫོང་ཐོག་གི་ལྷོ་ཁུལ་དུ་གསར་དུ་བཟོས་པའི་སྤྱིལ་བའི་ཁུལ་དང་བོད་མིའི་འདུས་སྡོད་ཁུལ་གྱི་སྡོད་ཁང་གསར་པ་དག་གིས་ཟུང་ཆུ་རྫོང་ཐོག་གི་ལྷོ་སྒོ་བརྒྱུད་མཛེས་ལྗོངས་ཤིག་སྐྲུན་ཡོད། དེ་ཡང་གྲལ་དག་ཅིང་སྤུས་ལེགས་པའི་གསར་བཟོས་ཀྱི་སྡོད་ཁང་དག་གི་ནང་མི་རྣམས་ཀྱིས་དྲོ་སྐྱིད་ལྡན་པའི་ངང་འཚོ་བ་རོལ་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1