རྩྭ་ས་ཞན་འགྱུར་འགོག་བཅོས་བྱ་ཐབས།
རིན་ཆེན་མཁའ་འགྲོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-06
རྩྭ་སའི་འགོག་གསོའི་ལག་རྩལ།
(一)草地封育技术
རྩྭ་སའི་འགོག་གསོ་ལ་རྩྭ་ས་གསོ་བའང་ཟེར་ཞིང་། དུས་ཡུན་ངེས་ཅན་ནང་། ཞན་འགྱུར་རྩ་སར་སྒྲིག་ཆས་ངེས་ཅན་གྱིས་དོ་དམ་སྲུང་སྐྱོབ་བྱས་པ་སྟེ། བེད་སྤྱོད་མི་བྱེད་པར་འབྲོག་རྩྭར་ངལ་གསོ་བར་བྱས་ནས། ས་བོན་སྨིན་པ་དང་འཚར་ལོངས་འབྱུང་བའི་གོ་སྐབས་བསྐྲུན་ཏེ། དེའི་སྐྱེ་དངོས་སླར་སྐྱེས་ནུས་པ་མཐོར་འདེགས་གཏོང་དགོས། རྩྭ་སའི་འགོག་གསོ་བྱེད་ཐབས་སྟབས་བདེ་ཡིན། གཙོ་བོ་ར་བསྐོར་གྱིས་བསྐོར་བ་སྟེ། རྒྱ་ཁྱོན་ངེས་ཅན་གྱི་རྩྭ་སར་བཀག་འགོག་བྱེད་པའི་དངོས་རྫས་ཀྱིས་བསྐོར་བ་ནས་མངོན་གསལ་གྱི་མཚམས་གྲུབ་པར་བྱས་ཤིང་། སྲུང་སྐྱོབ་ཀྱི་ནུས་པ་ཐོན་པར་བྱ་དགོས། རྒྱུན་མཐོང་དུ་ཚེར་ལྡན་ར་བསྐོར་དང་། དྲ་རྒྱའི་ར་བསྐོར། གློག་ལྡན་ར་བསྐོར། སྐྱེ་དངོས་ར་བསྐོར། གྱང་རྡོའི་ར་བསྐོར། གྲོག་རོང་གི་ར་བསྐོར་སོགས་ཡོད་པ་དང་།
རྩྭ་སར་ལུད་འཇོག་པ་དང་རྩྭ་སར་གསབ་འདེབས་སོགས་ཀྱི་ཕྱོགས་བསྡུས་གཅེས་སྐྱོང་བྱེད་ཐབས་དང་མཉམ་འབྲེལ་བྱས་ན་ཕན་ནུས་སྔར་བས་ལྷག་པ་ཐོབ་ཐུབ། ལག་རྩལ་འདི་ནི་རྩ་ས་ཞན་འགྱུར་ཡང་མོ་དང་འབྲིང་ཙམ་གྱི་རང་བྱུང་སླར་གསོ་ལ་སྤྱོད་པ་དང་། དེའི་ཁྱད་ཆོས་གཙོ་བོ་ནི་མ་དངུལ་ཉུང་བ་དང་ཕན་ནུས་མགྱོགས་པ། བཀོལ་བདེ་སྤྱོད་བདེ་བཅས་ཡིན་པས་རྒྱ་ཁྱོན་ཆེན་པོས་སྤེལ་འོས། སྤྱིར་བཏང་དུ། བྱེ་འགྱུར་རྩྭ་ས་དང་སྔོ་ཁེབས་ཚད་དེ30%ཡི་མན་གྱི་ཞན་འགྱུར་རྩྭ་སར་རྩྭ་ས་འགོག་གསོའི་གཅེས་སྐྱོང་ལག་རྩལ་ལག་བསྟར་བྱེད་པའོ། །
གཅིག །རྩྭ་ས་ར་བསྐོར་གྱིས་འགོག་གསོའི་བཟང་ཆ།
1.རྩྭ་ས་ར་བསྐོར་གྱིས་འགོག་གསོ་ནི་རྩྭ་ས་གང་རུང་ཞིག་གནས་མེད་སྐབས་སུ་འགོག་གསོ་བྱེད་པའི་དུས་སྐབས་སུ་ཕྱུགས་སྐྱོང་དང་རྩྭ་འབྲེག་མེད་པ་ཞིག་ལ་ཟེར། དམིགས་ཡུལ་ནི་ཕྱུགས་རྩྭ་ངལ་གསོ་ཡི་གོ་སྐབས་ཤིག་མཁོ་འདོན་བྱས་པ་དང་། ཕྱུགས་རྩྭ་གསོག་ཉར་བཅུད་ལྡན་དངོས་རྫས་འདང་བ་ཞིག་གསོག་པ་ནས་རྩྭ་ས་སླར་གསོ་བྱེད་པའི་ཐོན་སྐྱེད་ནུས་ཤུགས་དེ་ཡིན། དེ་ཡང་ཕྱུགས་རྩྭར་ས་བོན་དང་བཅུད་ལྡན་སྐྱེ་འཕེལ་གྱི་དུས་ཚོད་བརྒྱུད་ནས་རྩྭ་ཚོམ་དེ་རང་ཤུགས་ཀྱིས་གསར་བསྒྱུར་བྱེད་པར་སྐུལ་འདེད་བྱས་པ་ལ་ཟེར།
2.རྩྭ་ས་ར་བསྐོར་འགོག་གསོ་ནི་རྒྱལ་ཁབ་ཕྱི་ནང་རང་ནས་རང་བྱུང་རྩྭ་ཐང་སྐྱེད་སྲིང་བྱེད་པའི་གྲུབ་འབྲས་ཆེ་བའི་བྱེད་ཐབས་ཤིག་རེད། ཕྱོགས་གཅིག་ནས་དེ་ནི་སྟབས་བདེ་ཞིང་དཔལ་འབྱོར་གྱི་མ་རྩ་མང་པོ་དགོས་པ་རེད། ཕྱོགས་གཞན་ཞིག་ནས་དུས་ཡུན་ཐུང་ངུའི་ནང་དུ་གྲུབ་འབྲས་མངོན་གསལ་ཐོབ་པ་རེད། དཔེར་ན། ནང་སོག་གི་ཡིས་ཁི་ཀྲོ་མེན(伊克盟)རྩྭ་ས་ཞན་འགྱུར་རྗེས་ཀྱི་འགོག་གསོ་བྱས་པ་བརྒྱུད་ནས་རྩྭ་ཆོམ་གྱི་སྐ་རགས་ལ་མངོན་གསལ་གྱིས་འགྱུར་ལྡོག་བྱུང་བ་ཡིན། འགོག་གསོ་མེད་པའི་རྩྭ་སའི་རྩྭ་ལོའི་གྲངས་ཚད་ཇེ་ཉུང་དང་སྲན་རིགས་ཕྱུགས་རྩྭ་མེད་པར་གྱུར་ནས་དུག་ལྡན་རྩྭ་ཚོམ་སྐྱེས་པ་སོགས་སྲུང་སྐྱོབ་ཀྱི་བྱེད་ནུས་ལྡན་པའི་རྩི་ཤིང་ཡོད། རྩི་ཤིང་འདི་དག་སྤྱད་ནས་རང་བྱུང་སྐྱེ་དངོས་སྲུང་སྐྱོབ་ས་ཁུལ་གྲུབ་པ་རེད།
སྐྱེ་དངོས་ར་བསྐོར་གྱིས་རྩྭ་སའི་ར་བསྐོར་ཇེ་བཟང་དུ་གཏོང་བར་བྱེད་ནུས་འདོན་པར་མ་ཟད། གནམ་གཤིས་བཅོས་བསྒྱུར་བྱས་པ་དང་ལྷན་དུ་རྩི་ཤིང་གི་ཡལ་ག་ཡང་སྒོ་ཕྱུགས་ཀྱི་གཟན་ཆས་སུ་སྤྱོད་པ། ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་འཕེལ་རྒྱས་གཏོང་ཆོག
གཅིག །ཚེར་ལྡན་ར་བསྐོར།
ཚེར་ལྡན་ར་བསྐོར་ནི་ཚེར་མ་ཅན་གྱི་ལྕགས་སྐུད་རིགས་ཤིག་གིས་གྲུབ་པ་དང་། ཚེར་ལྡན་སྐུད་པའི་ལག་རྩལ་རེ་འདུན་ནི།
1.སྤྱི་ལེ་རེ་རེའི་རིང་ཐུང་དང་ལྗིད་ཚད་ནི་སྤྱི་རྒྱ150~170ཡིན།
2.སྨི་རེ་རེའི་རིང་ཚད་ཀྱི་ཚེར་མའི་གྲངས་ནི8~9ཡིན།
3.སྨི་རེ་རེའི་རིང་ཚད་ཀྱི་གཙོ་སྐུད་ཀྱི་འཁོར་སྐྱོད་ནི་བསྐོར་བ7~8ཡིན།
4.སྨི་རེ་རེའི་འཐེན་པའི་དྲག་ཚད་སྤྱི་རྒྱ500ཡན་ཡིན་པ་དང་། འདིར་བཀོལ་བའི་ཀ་བ་ནི་སྤྱིར་བཏང་ཤིང་དང་རྣོ་ལྕགས་བསྲེས་ཏེ་ས་ཁུང་དུ་འཛུགས་པ་དང་ཕྱོགས་ཕྱོགས་ཀྱི་ལྕགས་ཀྱི་ཀ་བ་སོགས་ཡིན། ཀ་བ་དང་ཀ་བའི་བར་ཐག་སྨི4~5དང་།
ས་ནང་དུ་ཟུག་ཚད་ལི་སྨི50མི་ཉུང་བ། སྤྱིར་བཏང་དུ་སྐུད་པ6~7དང་། མཐོ་ཚད་སྨི1~1.1ཡིན། ཆེས་འགབ་མའི་སྐུད་པ་དེ་ས་ངོས་ལས་ལི་སྨི20ལས་མི་བརྒལ་བ། ཚེར་ལྡན་རྟགས18~24ཅན་བར་ཐག་ངེས་ཅན་ལྟར་ཀ་བའི་སྟེང་དུ་འདོགས་པའོ། །
གཉིས། དྲ་བའི་ར་བསྐོར།
ར་བསྐོར་འདི་རིགས་ནི་ཕྱི་རྒྱལ་དུ་བཀོལ་རྒྱ་ཧ་ཅང་ཆེ་ཞིང་ཉེ་བའི་ལོ་འདི་དག་གི་རིང་ལ་རང་རྒྱལ་གྱིས་ཀྱང་ར་བསྐོར་འདི་རིགས་བཀོལ་བ་རྒྱ་ཆེ། རྒྱུན་དུ་མཐོང་བའི་དྲ་རྒྱའི་ར་བསྐོར་ནི་བསླས་འཐག་དྲ་རྒྱ་ཡིན། འདི་ནི་ཆེད་དུ་ཐོན་སྐྱེད་བཟོ་གྲྭས་འཕྲུལ་ཆས་དང་བཟོ་བ་བཀོལ་ནས་ཐེགས་འཐག་དང་གཞུང་སྐུད་སྦྲེལ་བའི་ལྕགས་སྐུད་ཕྲ་སྐུད་དྲ་རྒྱ་ཡིན། ཁྱད་ཆོས་ནི་བཟོ་བདེ་བ་སྟེ། བསླས་ཡོད་པའི་དྲ་བ་ཀ་བའི་སྟེང་བསྐོན་པས་འཐུས་ལ། ཀ་བའི་རེ་འདུན་ནི་གོང་དང་མཐུན།
དྲ་བ་སྔོན་ཆད་དྲ་རྒྱའི་ར་བསྐོར་བསླས་འཐག་བྱེད་པར་ཚད་གཞི་གཙོ་བོ་འདི་དག་ཡོད།
གསུམ། གློག་ལྡན་ར་བསྐོར།
ར་བསྐོར་འདི་རིགས་ནི་སྔོན་ཆད་བཀོལ་རྒྱ་ཆུང་ནའང་གྲུབ་འབྲས་བཟང་བས་འཕེལ་རྒྱས་དར་བའི་རེ་བ་ཆེ། སྔོན་ཆད་བཀོལ་སྤྱོད་བྱས་པ་ནི་གཙོ་བོ་ཉི་གློག་གི་གློག་ལྡན་ར་བསྐོར་ཡིན། དེ་གཙོ་བོ་ཉི་ནུས་ཀྱི་གློག་རྫས་དང་གློག་གསོག་ཆས། རྩྭ་འཕར་འཕྲུལ་ཆས་དང་ར་བསྐོར་སྐུད་པས་གྲུབ།
བཞི། སྐྱེ་དངོས་ར་བསྐོར།
ར་བསྐོར་འདིའི་རིགས་དེ་སྔོན་བཀོལ་སྤྱོད་མི་ཆེ་ནའང་ཕན་འབྲས་ཧ་ཅང་བཟང་། སྤྱིར་བཏང་བགོས་ཟིན་པའི་ར་བསྐོར་གྱི་དབྱེ་མཚམས་སུ་རྩི་ཤིང་ཕྲ་མོ་སོགས་སྲུང་སྐྱོབ་ཀྱི་བྱེད་ནུས་ལྡན་པའི་རྩི་ཤིང་ཡོད། རྩི་ཤིང་འདི་དག་སྤྱད་ནས་རང་བྱུང་སྐྱེ་དངོས་སྲུང་སྐྱོབ་ས་ཁུལ་གྲུབ་པ་རེད། སྐྱེ་དངོས་ར་བསྐོར་གྱིས་རྩྭ་སའི་ར་བསྐོར་ཇེ་བཟང་དུ་གཏོང་བར་བྱེད་ནུས་འདོན་པར་མ་ཟད། གནམ་གཤིས་བཅོས་བསྒྱུར་བྱས་པ་དང་ལྷན་དུ་རྩི་ཤིང་གི་ཡལ་ག་ཡང་སྒོ་ཕྱུགས་ཀྱི་གཟན་ཆས་སུ་སྤྱོད་པ། ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་འཕེལ་རྒྱས་གཏོང་ཆོག །སྐྱེ་དངོས་ར་བསྐོར་ལ་སྤྱིར་བཏང་དུ་སྨི1.5~2ཡིན།
ལྔ། རྡོ་གྱང་ར་བསྐོར།
ར་བསྐོར་འདིའི་བཟང་ཆ་ནི་རྒྱུ་ཆ་ཐོན་སླ་ལ་མ་རྩ་དམའ་བ་རེད། སྐྱོན་ཆ་ནི་བཀོལ་བའི་ལོ་ཚོད་ཐུང་ལ་སྤྱིར་བཏང་དུ་སྨི1.1ནས1.3བར་ཡིན།
རྩྭ་སར་འབྲོག་བསྐྱུར་དང་ཕྱུགས་བསྐྱུར་བྱེད་ཐབས།
(二)草地禁牧、休牧措施
རྩྭ་ས་བྱེ་འགྱུར་ལ་གཅེས་སྐྱོང་བྱ་བར། སྐྱེ་ཁམས་བདེ་འཇགས་ཀྱི་བྱེད་ཐབས་གསར་བ་འགན་ལེན་གྱིས། ངེས་པར་དངོས་ཡོད་གནས་ཚུལ་གཞིར་བཟུང་ཏེ། ས་ཁུལ་མི་འདྲ་བར་རྩྭ་ཐང་སྲུང་སྐྱོབ་དང་སྔོ་ཁེབས་སླར་གསོའི་བྱེད་ཐབས། ས་རྒྱུའི་བྱེད་ཐབས་མི་འདྲ་བ་བེད་སྤྱོད་དགོས། འབྲོག་བསྐྱུར་དང་ཕྱུགས་བསྐྱུར་ནི་ཆེས་སྟབས་བདེ་དང་ཆེས་སླ་མོ། ཆེས་ནུས་པ་ལྡན་པའི་སྲུང་སྐྱོབ་དང་རྩྭ་ཐང་སྲུང་སྐྱོབ་ཀྱི་བྱེད་ཐབས་ཡིན། སྤྱིར་བཏང་དུ་སྔོ་ཁེབས་ཚད30%~60%བར་ཡིན་ན་རྩྭ་ས་བསྐྱུར་ནས། རྩྭ་སར་འབྲོག་བསྐྱུར་དང་ཕྱུགས་བསྐྱུར་ལག་བསྟར་བྱ་དགོས།
གཅིག །འབྲོག་བསྐྱུར།
(གཅིག) འབྲོག་བསྐྱུར་གྱི་དོན་སྙིང་།
ཕྱུགས་འགོག་ནི་དུས་ཡུན་རིང་པོར་རྩྭ་སར་ར་བསྐོར་ལག་བསྟར་བྱས་ནས་ཕྱུགས་སྐྱོང་བཀོལ་བར་བཀག་འགོག་བྱས་པ་དེ་ཡིན། རྩྭ་ཐང་གི་སྔོ་ཁེབས་སླར་གསོ་མྱུར་མོ་ཡོང་ཆེད་ཆུ་ཁུངས་ཀྱི་འཚོ་བཅུད་དང་ས་རྒྱུ་རྒྱུན་འཁྱོངས་བྱས་ནས་བྱེ་འགྱུར་བཀག་འགོག་དང་ཚྭ་འགྱུར་ཇེ་ཉུང་ངུ་གཏོང་བ། སྐྱེ་དངོས་སྲུང་སྐྱོབ་ཀྱི་སྣ་འཛོམས་རང་བཞིན་དང་རི་སྐྱེས་སྲོག་ཆགས་གསོ་སྐྱོང་བྱས་པ་སོགས་ནི་སྐྱེ་ཁམས་གཉོམ་ས་དང་དམིགས་བསལ་གྱི་སྐྱེ་ཁམས་ནུས་པའི་ཚུལ་དུ་འཇོག་དགོས་པ་མ་ཟད། ར་བསྐོར་ཕྱུགས་འགོག་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས།
(གཉིས) ས་འགོག་འབེབས་པའི་རྟེན་གཞི་གཙོ་བོ།
རྒྱུན་དུ་ཐོག་རིམ་སྐྱེད་ནུས་ཤུགས་དང་སྔོ་ཁེབས་གཡོགས་ཚད་འབེབས་པའི་རྟེན་གཞི་གཙོ་བོ་ཡིན། ཕྱོགས་ཡོངས་ཀྱི་གནས་ཚུལ་གཞིགས་ན། ལོ་སྔོན་མའི་ཐོག་རིམ་ཐོན་སྐྱེད་ནུས་ཤུགས་ཐོན་ཚད་དེ་སྔོ་ཁེབས་ཀྱི་གཡོགས་ཚད15%ལས་མ་བརྒལ་ན་ཕྱུགས་འགོག་སེལ་ཆོགས་གནས་རྩྭ་ཐང་གི་གཞུང་ལུགས་ཀྱི་ཕྱུགས་ཤོང་ཚད་དེ་ཕྱོགས་སྟོན་གྱི་དཔྱད་གཞི་བྱ་ཆོག །ཕྱུགས་འགོག་ས་ཁུལ་གྱི་ལོ་རེའི་རྩྭའི་ཐོན་ཚད་དེ་ས་གཤིས་དེའི་ཤོང་ཚད་ཀྱི་ཆ་རྐྱེན་འོག་ཏུ། ཕྱུགས་ཀྱི་ལོ་རེའི་རྩྭའི་ལྡབ2ཡིན་སྐབས། སྒོ་ཕྱུགས་འགོག་སེལ་བྱེད་ཆོག །
ཕྱུགས་འགོག་སེལ་རྗེས་རྩྭ་ཐང་དུ་རེས་འཁོར་ཕྱུགས་སྐྱོང་དང་ཕྱུགས་སྒྱུར་གྱི་ས་བགོ་བ་རེད།
གཉིས་པ། ཕྱུགས་བསྐྱུར།
(གཅིག) ཕྱུགས་བསྐྱུར་གྱི་དགེ་མཚན།
ཕྱུགས་བསྐྱུར་ནི་ཚན་རིག་གི་སྒོ་ནས་རྩྭ་ཐང་གསོ་སྐྱོང་བྱེད་པའི་ཐབས་ཤིག་ཡིན་ལ། དེ་ནི་དུས་ཚོད་ངེས་ཅན་ཞིག་གི་ནང་དུ་རྩྭ་ཐང་བེད་སྤྱོད་མི་བྱེད་པ་དང་། རྩྭ་སའི་རྩི་ཤིང་ངལ་གསོ་སྡོད་གནས་དང་སྐྱེ་རུ་ལྡན་སླར་གསོ་རྩྭའི་ཐོན་ཚད་ཇེ་མཐོར་གཏོང་བ་ཞིག་ཡིན། ཕྱུགས་བསྐྱུར་ནི་དུས་ཚོད་ཀྱི་རིན་ཐང་ལྟར་ན། དུས་ཐུང་དུས་ཚིགས་རང་བཞིན་གྱི་ཕྱུགས་བསྐྱུར་དང་དུས་ཡུན་རིང་པོའི་ཕྱུགས་བསྐྱུར་གྱི་རྣམ་པ་གཉིས་ཡོད། ལོ་རེའི་ནང་དུ་ཕྱུགས་བསྐྱུར་དང་ཕྱོགས་ཡོངས་ནས་ཕྱུགས་བསྐྱུར་ལ་དུས་ཚིགས་རང་བཞིན་གྱི་ཕྱུགས་བསྐྱུར་ཟེར། མུ་མཐུད་དུ་ལོ2ནས3བར་གྱི་དུས་ཡུན་དེ་ལས་རིང་ན་ཡུན་རིང་བའི་ཕྱུགས་བསྐྱུར་ཟེར། དུས་ཐུང་ཕྱུགས་བསྐྱུར་དང་དུས་རིང་ཕྱུགས་བསྐྱུར་ཡིན་ནའང་ཆོག །ཚང་མས་རྩྭ་སའི་སྔོ་ཁེབས་ཀྱི་གཡོགས་ཚད་དང་སྟུག་ཚད། མཐོ་ཚད་བཅས་མངོན་གསལ་གྱིས་ཕྱུགས་རྩྭའི་ཐོན་ཚད་ཇེ་མཐོར་གཏོང་ཆོག །དུས་རིང་ཕྱུགས་བསྐྱུར་གྱིས་ད་དུང་རྩྭ་སའི་སྐྱེ་དངོས་གྲུབ་ཆ་བཅོས་བསྒྱུར་དང་རྩྭ་བཟང་འཕར་སྣོན། ས་རྩྭ་འདྲེས་མ་ཇེ་ཉུང་གཏོང་ནས་ཕྱུགས་རྩྭའི་རྒྱུ་བ་ཇེ་མཐོར་གཏོང་བ་རེད། ཆུ་ཚད་དང་ས་རྒྱུའི་ཆ་རྐྱེན་ཅུང་བཟང་བའི་རྩྭ་ས་དེ་དུས་ཡུན་རིང་པོར་ཕྱུགས་བསྐྱུར་ཀྱི་རྗེས་སུ་ཕྱུགས་རྩྭའི་ཐོན་ཚད་དེ་སྤྱིར་བཏང་དུ་འཕར་སྣོན་མི་ཐུབ་པས་ལོ་ཧྲིལ་པོར་ཕྱུགས་སྐྱོང་ལག་བསྟར་མི་ཐུབ་པའོ། །
(གཉིས) ཕྱུགས་བསྐྱུར་གྱིས་རྩྭ་སར་ཐེབས་པའི་བཟང་ཆ།
དཔྱིད་དུས་དང་སྟོན་དུས་སུ་ཕྱུགས་རྩྭ་དེ་དཔྱིད་དུས་དང་སྟོན་དུས་ཀྱི་ཉེན་ཚབས་སྐབས་སུ་ཕྱུགས་སྐྱོང་གི་ཉེན་ཁ་མ་བྱུང་སྔོན་དུ་སྔོན་འགོག་བྱས་པ། དེ་ནི་དཔྱིད་ཀར་སྔོ་ཁེབས་གཡོགས་པའི་སྐབས་སུ་ཕྱུགས་རྩྭའི་འཚར་ལོངས་དང་སྟོན་དུས་ཀྱི་ཕྱུགས་རྩྭའི་སྡོད་གནས་དེ་རྩྭའི་ཕྱོགས་ལ་གསོག་འཇོག་གི་འཚོ་བཅུད་དངོས་རྫས་སྐྱེལ་བ་དང་ལོ་རྗེས་མའི་དཔྱིད་རྩྭ་སྐྱེས་པར་ཕན་པ་ཡོད། ཞན་འགྱུར་རྩྭ་སའི་སྟེང་གི་སྐྱེ་ལྡན་ཉམས་པའི་རྒྱུ་མཚན་གསུམ་ཡོད། དུས་ཡུན་རིང་པོའི་ཕྱུགས་རྩྭའི་དཔྱིད་དུས་དང་སྟོན་དུས་ཀྱི་ཉེན་ཁའི་དུས་སྐབས་བེད་སྤྱོད་ཚད་ལས་བརྒལ་བ་དང་གཟན་སྤྱོད་ཐེངས་མང་བྱུང་དུས་རྩྭར་རྩ་བའི་ལོ་མ་བེད་སྤྱོད་དང་འོད་སྦྱོར་བྱེད་ནུས་བཀོལ་ནས་འཚོ་བཅུད་དངོས་རྫས་སྐྲུན་ནས་འཚར་ལོངས་བྱུང་བར་གསོག་འཇོག་བྱས་པའི་བཅུད་ལྡན་དངོས་རྫས་འབོར་ཆེན་ཟད་གྲོན་བྱས་ནས་ཕྱུགས་རྩྭའི་སྐྱེ་ལྡན་མང་པོར་གནོད་པ་ཐེབས་པ་རེད།
རྩྭ་ས་ཚད་བརྒལ་བེད་སྤྱོད་བྱས་པའི་གནས་ཚུལ་འོག་ཏུ། ཕྱུགས་རྩྭར་མེ་ཏོག་བཞད་པའི་གོ་སྐབས་དང་བྲལ་བས་ཕྱུགས་རྩྭའི་སྐྱེ་འཕེལ་རང་བཞིན་དང་རྩྭ་ས་གསར་སྒྱུར་མེ་ཏོག་བཞད་ནས་ས་བོན་ལ་སྐྱེ་འཕེལ་བྱུང་། སྐྱེ་འཕེལ་ལྡན་པའི་རྗེས་རབས་དེ་སྐྱེ་འཕེལ་མི་ལྡན་པའི་འཚོ་བའི་ཤུགས་ལམ་སྟོབས་དགོས་པ་ནི་སྔར་ལས་ལྷག་པར་སྐྱེ་སྲིང་འཚར་ལོངས་མགྱོགས་པ་དང་སྡོང་གཟུགས་མཐོ་བ། རྩྭ་ངན་གྱི་འགྲན་རྩོད་ནུས་ཤུགས་ཆེ་བ་སོགས་ལ་ཆ་རྐྱེན་འོས་འཚམ་མིན་པ་མཚོན་ཡོད། དེའི་རྐྱེན་གྱིས་ཕྱུགས་རྩྭ་བཟང་པོ་རིམ་གྱིས་སྟུག་པོར་གྱུར་ནས་དེ་དང་བསྟུན་ནས་མཐོ་རུ་འགྲོ་བ་རེད།
དུས་ཡུན་རིང་པོར་ཕྱུགས་བསྐྱུར་གྱིས་རྩྭ་ས་མི་སྤྱོད་པའི་ཁོར་ཡུག་གི་ཆ་རྐྱེན་བཅོས་བསྐྱུར་བྱེད་ཐུབ། རྩྭ་ས་ཞན་འགྱུར་ནི་སྒོ་ཕྱུགས་ཀྱིས་ཕྱུགས་རྩྭ་ཟ་བ་དང་རྡོག་བརྫིས་ལས་བྱས་པ་ཚད་ལས་བརྒལ་ནས་སྔོ་ཁེབས་ཐར་ཐོར་ས་ངོས་ནས་ཕྱིར་མངོན་པ། ས་ཞིང་ཇེ་སྲ་གྱུར་བ། གནས་ཚུལ་འདིའི་འོག་ཏུ་ཞིང་སའི་ཆུ་རྡུལ་རླངས་འགྱུར་ཇེ་ཆེར་སོང་ནས་རླུང་རྒྱུག་རང་བཞིན་དང་ཆུ་སིམ་ཤུགས་ཇེ་ཞན་དུ་གྱུར་བ་རེད། དེ་ནས་རླུང་གིས་ཟད་པ་དང་ཆུ་ཡིས་ཟད་པ་སོགས་ཀྱི་ས་ཆུ་ཤོར་བའི་སྣང་ཚུལ་འབྱུང་བའི་རྐྱེན་གྱིས་རྩྭ་ཞན་འགྱུར་འབྲིང་ཙམ་ཚང་མར་དུས་ཡུན་རིང་པོར་བསྐྱུར་དགོས། །