འབྲོག་པའི་ཕྱུགས་ཟོག་གི་དྲོད་ཁང་།
2014ལོར། རྔ་བ་ཁུལ་གྱིས་མུ་མཐུད་ནས་ཕྱུགས་ཟོག་གི་དྲོད་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། འབྲོག་པའི་ཁྱིམ་ཚང་2600ལ་ཕྱུགས་ཟོག་གི་དྲོད་ཁང་གསར་དུ་བཟོ་བྱ་རྒྱུ་དང་། དེའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་20.8ཡོད། ད་ལྟའི་བར། རྔ་བ་ཁུལ་གྱིས་གསར་བཟོས་བྱས་པའི་ཕྱུགས་ཟོག་གི་དྲོད་ཁང་20976ཡོད་ལ། སྨི་གྲུ་བཞི་མ་ཁྲི་156.1ཡོད། ཁྱིམ་ཚང་རེར་ཆ་སྙོམས་སྨི་གྲུ་བཞི་མ་74.42ཀྱི་ས་ཡོད།
ལོ་འདི་དག་གི་རིང་ལ། རིམ་པ་ཁག་སྲིད་གཞུང་གིས་འབྲོག་པའི་ནོར་ལུག་གི་དགུན་སྐྱེལ་བའི་ལས་ཀར་མཐོང་ཆེན་བྱས་ཤིང་། འབྲོག་པའི་ཕྱུགས་ཟོག་ལ་དྲོད་ཁང་བཟོ་རྒྱུ་བྱས་ཏེ་ནོར་ལུག་གིས་དགུན་སྐྱེལ་བར་ཁག་ཐེག་བྱ། 2008ལོ་ནས་བཟུང་། འབྲོག་པའི་ནོར་ལུག་གིས་དགུན་སྐྱེལ་བར་ཁག་ཐེག་བྱ་ཆེད་ལས་ཀ་རབ་དང་རིམ་པ་བྱས་ཤིང་། ལོ་འདི་དག་གི་འབད་བརྩོན་བརྒྱུད། འབྲོག་ཕྱོགས་ཀྱི་ནོར་ལུག་གིས་དགུན་སྐྱེལ་བའི་སྒྲིག་ཆས་དག་འཐུས་ཚང་དུ་སོང་ཡོད། ཚད་ངེས་ཅན་ཞིག་གི་ཐོག་ནས་གྲང་ངར་ཆེ་བའི་དགུན་ཁར་ནོར་ལུག་ལ་གནོད་སྐྱོན་ཐེབས་ཚད་ཇེ་ཉུང་དུ་བཞག་ཡོད། །