བདེ་ཆེན་ཁུལ་གྱི་རལ་པ་དང་ཁ་བ་དཀར་པོའི་གསོལ་མཆོད་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྲིགས། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-19


བདེ་ཆེན་གྱི་གནས་ཆེན་ཁ་བ་དཀར་པོའི་མཛེས་ལྗོངས།

             ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁག་བཞི་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་ལྡན་པའི་རྣམ་གྲངས་ཀྱི་མིང་གཞུང་དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་ལྡན་པའི་རྣམ་གྲངས་ཀྱི་རྒྱ་བསྐྱེད་རྣམ་གྲངས་མིང་གཞུང་ཡོངས་བསྒྲགས་བྱས་ཤིང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རལ་པ་དང་ཁ་བ་དཀར་པོའི་གསོལ་མཆོད་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་ལྡན་པའི་རྣམ་གྲངས་ཀྱི་མིང་གཞུང་དང་རྒྱ་སྐྱེད་རྣམ་གྲངས་ཀྱི་མིང་གཞུང་ནང་གི་ཞབས་བྲོའི་རིགས་དང་ཡུལ་སྲོལ་གྱི་རིགས་གཉིས་ནང་ཚུད་པ་རེད། །

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1