མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན།
སྤྱི་ཟླ་12པའི་ཚེས་17ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས། ཨ་རི་དང་ཁུ་པས་ཕྱི་འབྲེལ་འབྲེལ་བ་སླར་གསོ་བྱེད་པ་ཁྱབ་བསྒྲགས་བྱས་པ་དེ་ནི་དགེ་མཚན་ལྡན་པའི་འཕེལ་རྒྱས་ཤིག་ཡིན་པས། རྒྱལ་ཁབ་གཉིས་པོའི་མི་དམངས་བར་སྔར་ལས་ལྷག་པའི་སྒོ་ནས་འབྲེལ་འདྲིས་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས།
ཕན་ཅི་ཝུན་གྱིས། ངས་ཨ་རི་དང་ཁུ་པ་རྒྱལ་ཁབ་གཉིས་ཀའི་སྲིད་གཞུང་གིས་ཕྱི་འབྲེལ་འབྲེལ་བ་སླར་གསོ་བྱེད་རྒྱུའི་གྲོས་བསྡུར་བྱས་པ་ཤེས་རྟོགས་ཐུབ་བྱུང་། དེ་ནི་དགེ་མཚན་ཆེན་པོ་ལྡན་པའི་འཕེལ་རྒྱས་ཤིག་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་ཐེངས་མང་པོར་ཨ་རི་དང་ཁུ་པའི་འབྲེལ་བ་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་བའི་གྲོས་ཆོད་ལ་གྲོས་འཆམ་ཐེངས་མང་བྱུང་མྱོང་ཡོད་པས། ང་རང་གིས་ཉིན་དེ་གའི་འཕེལ་རྒྱས་ལ་སྙིང་ཐག་པ་ནས་དགའ་བསུ་ཞུ་བཞིན་ཡོད་ཅེས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་ཁབ་གཉིས་པོའི་བར་ཁྱིམ་མཚེས་རྒྱལ་ཁབ་ཀྱི་འབྲེལ་བ་བཟང་པོ་གསོ་སྤེལ་བྱེད་པའི་ཐད་རོགས་རམ་བྱ་འདོད་ཡོད་ཅེས་གསུངས། །