གཅིག སློབ་མ་མཐར་ཕྱིན་དཔྱད་རྩོམ་བགྲོ་གླེང་ལ་ཞུགས་ཆོག་པའི་ཐོབ་ཐང་ཞིབ་བཤེར་བྱེད་པ།
མཐར་ཕྱིན་སློབ་མའི་དཔྱད་རྩོམ་བགྲོ་གླེང་ལ་ཞུགས་མཁན་གྱི་སློབ་མ་ཡིན་ན་ངེས་པར་དུ་གཤམ་གྱི་ཆ་རྐྱེན་དག་ཚང་དགོས་ཏེ། 1 ངེས་པར་དུ་མཐོ་རིམ་སློབ་གྲྭའི་གཏན་འཁེལ་གྱིས་བསླབ་ཚན་ཡོངས་སུ་རྫོགས་པའི་དངོས་གཞི་མཐར་ཕྱིན་སློབ་མ་དང་དེ་དང་འབྲེལ་ཡོད་ཀྱི་གཏན་འཁེལ་བྱས་པ་མ་ཟད་སློབ་གྲྭའི་ཆོག་མཆན་ཐོབ་པའི་ལོ་སྔ་མའི་སློབ་མ་ཡིན་དགོས། 2 སློབ་མའི་སྦྱངས་པའི་བསླབ་ཚན་ལ་རྒྱུགས་ལེན་ཡོངས་རྫོགས་དང་ཞིབ་དཔྱད་ཚད་གཞི་ལོངས་པ། སློབ་སྐར་ལམ་ལུགས་ལག་བསྟར་བྱེད་པའི་སློབ་གྲྭ་ནས་སློབ་མས་ངེས་པར་དུ་སློབ་གྲྭའི་མཐར་ཕྱིན་ཐག་གཅོད་གཏན་འཁེལ་བྱས་པའི་སློབ་སྐར་འདང་དགོས། 3 སློབ་མས་བྲིས་པའི་དཔྱད་རྩོམ་ངེས་པར་དུ་མཛུབ་སྟོན་དགེ་རྒན་གྱིས་མཛུབ་སྟོན་དང་བགྲོ་གླེང་བྱས་ཆོག་པའི་མིང་རྟགས་འགོད་དགོས། གོང་གི་ཆ་རྐྱེན་གསུམ་པོ་ངེས་པར་དུ་ཚང་དགོས་པ་དང་གཅིག་ཀྱང་ཆད་ལྷག་བྱུང་མི་ཆོག ཆ་རྐྱེན་གསུམ་པོ་དུས་མཉམ་དུ་ཚང་ཡོད་ན་ད་གཟོད་མཐར་ཕྱིན་དཔྱད་རྩོམ་བགྲོ་གླེང་ལ་ཞུགས་ཆོག ཕྱོགས་གཞན་ཞིག་ནས་གོང་གི་ཆ་རྐྱེན་གསུམ་པོ་འཛོམས་ཀྱང་དམིགས་བསལ་གྱིས་ཆོག་མཆན་ཐོབ་ཡོད་མཁན་མ་གཏོགས་བགྲོ་གླེང་བྱས་བྱས་རྗེས་ད་གཟོད་སློབ་མཐར་ཕྱིན་ཆོག
གཉིས། བགྲོ་གླེང་ཨུ་ཡོན་ཚོགས་པའམ་བགྲོ་གླེང་ཚོགས་ཆུང་རྩ་འཛུགས་བྱེད་པ།
མཐར་ཕྱིན་དཔྱད་རྩོམ་གྱི་བགྲོ་གླེང་ལ་ངེས་པར་དུ་བགྲོ་གླེང་ཨུ་ཡོན་ཚོགས་པའམ་བགྲོ་གླེང་ཚོགས་ཆུང་འཛུགས་དགོས། བགྲོ་གླེང་ཨུ་ཡོན་ཚོགས་པ་ནི་མཐར་ཕྱིན་དཔྱད་རྩོམ་ལ་ཞིབ་བཤེར་དང་བདེན་སྤྲོད། མཐར་ཕྱིན་དཔྱད་རྩོམ་གྱི་སྐར་འབྲས་གཏན་འབེབས་ཁག་ཐེག་བྱེད་པའི་རྩ་འཛུགས་གལ་ཆེན་ཞིག་ཡིན། བགྲོ་གླེང་ཨུ་ཡོན་ཚོགས་པ་ནི་སློབ་གྲྭ་དང་སློབ་གྲྭའི་ཁོངས་གཏོགས་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་ནས་གཅིག་གྱུར་སྒོས་རྩ་འཛུགས་བྱེད་པ་དང་། ཚོགས་མི་གསུམ་ནས་ལྔ་བར་ཡོད་དགོས། དེའི་ནང་ནས་མི་གཉིས་སམ་གཉིས་ཡན་ནི་མཐོ་རིམ་མམ་འབྲིང་རིམ་མིང་བཏགས་ཡིན་དགོས་ལ། དེ་དག་གི་ཁྲོད་ནས་རིག་གཞུང་ཆུ་ཚད་ཅུང་མཐོ་བའི་ཨུ་ཡོན་དེ་ཀྲུའུ་རིན་ཨུ་ཡོན་དུ་བསྐོས་ཏེ། བགྲོ་གླེང་བྱ་བར་འགོ་འཛིན་བྱེད་དགོས།
གསུམ། མཐར་ཕྱིན་དཔྱད་རྩོམ་གྱི་སྐར་འབྲས་ཚད་གཞི་གཏན་འཁེལ།
མཐར་ཕྱིན་དཔྱད་རྩོམ་བགྲོ་གླེང་ཚར་རྗེས་ཨུ་ཡོན་ཚོགས་པ་ནས་མཐར་ཕྱིན་དཔྱད་རྩོམ་དང་རྩོམ་པ་པོའི་བགྲོ་གླེང་གི་གནས་ཚུལ་ལ་གཞིར་བཟུང་ནས། དཔྱད་རྩོམ་གྱི་སྐར་འབྲས་གཏན་འབེབས་བྱེད་དགོས། སྐར་འབྲས་གཏན་འབེབས་གྱི་འོས་འཚམས་ཚད་དང་དོ་མཉམ་ཡོང་པའི་ཆེད་དུ་སློབ་གྲྭས་སྔོན་མ་ནས་ཐུན་མོང་སྒོས་སྐར་འབྲས་དཔྱད་འཇོག་གམ་དཔྱད་འཇོག་ཚད་གཞི་གཏན་འཁེལ་བྱེད་དགོས། སྤྱིར་བཏང་དུ་ཕུལ་བྱུང (སྐར་མ90—100)དང་འབྲིང་རིམ(སྐར་མ70—79)། ཚད་གཞི་ལོངས་པ(སྐར་མ60—69)། ཚད་གཞི་མི་འདང་བ(སྐར་མ60མན)བཅས་རིམ་པ་ལྔར་དབྱེ་དགོས།
བཞི། བགྲོ་གླེང་གི་ཚོགས་ར་བཀོད་སྒྲིག
མཐར་ཕྱིན་དཔྱད་རྩོམ་བགྲོ་གླེང་གི་ཚོགས་རའི་བཀོད་སྒྲིག་གིས་དཔྱད་རྩོམ་བགྲོ་གླེང་མཁན་གྱི་རྣམ་པ་དང་སེམས་ཁམས་ལ་ཤུགས་རྐྱེན་ཐེབས་པ་ལས་བགྲོ་གླེང་ཚོགས་པའི་སྤུས་ཚད་དང་གྲུབ་འབྲས་ལ་ཡང་ཤུགས་རྐྱེན་བཟོ་བ་ཡིན། དེའི་རྐྱེན། སློབ་གྲྭས་བགྲོ་གླེང་ཚོགས་རའི་ཇུས་འགོད་དང་བཀོད་སྒྲིག་ལ་གཙིགས་ཆེན་བྱས་ཏེ་གང་ནུས་སྒོས་བགྲོ་གླེང་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས།
བགྲོ་གླེང་ཨུ་ཡོན་ཚོགས་མི་གཏན་འཁེལ་བྱས་རྗེས། སྤྱིར་བཏང་དུ་བགྲོ་གླེང་མ་ཚོགས་པའི་ཟླ་ཕྱེད་ཙམ་གྱི་སྔོན་ལ་དཔྱད་རྩོམ་ཚོགས་མིའི་ལག་ཏུ་འབྱོར་དགོས་ལ། དེ་ལ་ཞིབ་ཏུ་བལྟས་རྗེས་དཔྱད་རྩོམ་གྱིས་ཁ་མི་གསལ་བ་དང་ཞིབ་བརྗོད་བྱས་མེད་པའི་ཁག གཏན་འཁེལ་བྱས་མེད་པའི་ཁག འཐུས་ཚང་མིན་པའི་ཁག ཕན་ཚུན་འགལ་བར་གྱུར་ཡོད་པ་དང་དཔྱད་བསྡུར་བྱེད་འོས་པའི་ཆ་སོགས་ངེས་པར་བྱས་རྗེས་བགྲོ་གླེང་བྱེད་སྐབས་རྩོམ་པ་པོ་དང་མཉམ་དུ་དྲིས་ལན་གྱི་ཚུལ་དུ་བཤད་དགོས།
སྤྱིར་བཏང་དུ་གཙོ་བོ་ཕྱོགས་གསུམ་ནས་དྲི་བ་འདྲི་བ་སྟེ། 1 དཔྱད་རྩོམ་རྫུན་མ་ཡིན་མིན་ལ་ཞིབ་བཤེར་བྱེད་པ། གཙོ་བོ་དཔྱད་རྩོམ་དང་འབྲེལ་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་དྲི་བ་འདྲི་བ་ལས། དཔྱད་རྩོམ་སློབ་མ་རང་ཉིད་ཀྱིས་བྲིས་མིན་ལ་བརྟག་པའི་ཆེད་ཡིན། གལ་ཏེ་དཔྱད་རྩོམ་རང་ཉིད་ཀྱིས་བྲིས་པ་མིན་པར་གཞན་གྱི་དེ་བརྐུ་འབྲི་བྱས་པ་ཡིན་ན་དྲི་བ་འདི་དག་ལ་ལན་འདེབས་མི་ཐུབ་པ་ཡིན། 2 སློབ་མའི་ཆུ་ཚད་ལ་བརྟག་པའི་དྲི་བ། འདི་ནི་གཙོ་བོ་དཔྱད་རྩོམ་གྱི་ནང་དོན་དང་འབྲེལ་བ་ཡོད་དེ། སློབ་མའི་ཆུ་ཚད་ཀྱི་མཐོ་དམའ་དང་རྨང་གཞིའི་ཤེས་བྱ་སྲ་བརྟན་ཡིན་མིན་ལ་བརྟག་སྟེ་ཤེས་བྱའི་གཏིང་ཚད་ལ་བརྟེན་ནས་གནད་དོན་གྱི་ཁ་བྱང་གཏན་འཁེལ་བྱེད་པ་ཡིན་ལ། གཙོ་བོ་དཔྱད་རྩོམ་ཁྲོད་ཀྱི་རྩ་བའི་མཚན་ཉིད་དང་རྩ་བའི་གཞུང་ལུགས། རྩ་བའི་གནས་ལུགས་སོགས་བཀོད་སྤྱོད་ཐད་ཀྱི་གནད་དོན་ཡིན། 3 མི་འདང་ཁ་གསབ་བྱེད་པའི་དྲི་བ། འདི་ནི་གཙོ་བོ་མཐར་ཕྱིན་དཔྱད་རྩོམ་གྱི་ཞན་ཆའི་ཐད་ནས་འདྲི་བ་ཡིན་ལ། གལ་ཏེ་དཔྱད་རྩོམ་ཁྲོད་ཀྱི་ཁ་མི་གསལ་བ་དང་ཞིབ་བརྗོད་བྱས་མེད་པའི་ཁག གཏན་འཁེལ་བྱས་མེད་པའི་ཁག འཐུས་ཚང་མིན་པའི་ཁག ཕན་ཚུན་འགལ་བར་གྱུར་ཡོད་པ་དང་དཔྱད་བསྡུར་བྱེད་འོས་པའི་ཆ་སོགས་ཀྱི་ཐད་ནས་དྲི་བ་བཏོན་རྗེས་རྩོམ་པ་པོར་གསལ་བཤད་དང་འགྲེལ་བཤད་བྱེད་དུ་འཇུག་དགོས།
གཅིག གཞུང་ལུགས་ཀྱི་དྲི་བ་དང་བཀོལ་སྤྱོད་ཀྱི་དྲི་བ་ཕན་ཚུན་འབྲེལ་བའི་རྩ་དོན། སྤྱིར་བཏང་དུ་བཤད་ན། དྲི་བ་གསུམ་ཡོད་ན་དེའི་ཁྲོད་ཀྱི་གཅིག་རྨང་གཞིའི་གཞུང་ལུགས་ཤེས་བྱའི་དྲི་བ་དང་གཞན་ཅིག་ནི་སློབ་མས་སྦྱངས་ཟིན་པའི་ཤེས་བྱ་ལས་དངོས་ཡོད་ཁྲོད་ཀྱི་གནད་དོན་ལ་དབྱེ་ཞིབ་དང་ཐག་གཅོད་པའི་དྲི་བ་ཡིན་དགོས།
གཉིས། ཟབ་ཚད་འོས་འཚམས་དང་དཀའ་སླ་རན་པའི་རྩ་དོན། དྲི་བ་གསུམ་གྱི་ཁྲོད་ནས་ལན་འདེབས་སླ་བའི་དྲི་ཡོད་དགོས་ལ་གཏིང་ཟབ་པ་དང་དཀའ་གནད་ཡོད་པའི་དྲི་བ་ཀྱང་ཡོད་དགོས། དེ་དང་མཉམ་དུ། དཔྱད་རྩོམ་གང་ཞིག་ཡིན་ཀྱང་དྲི་བའི་ཟབ་ཚད་དང་དཀའ་གནད་ནི་མཛུབ་སྟོན་དགེ་རྒན་གྱི་བཏོན་པའི་སྐར་འབྲས་དང་མཐུན་དགོས་ཏེ། མཛུབ་སྟོན་དགེ་རྒན་གྱིས་བཏོན་པའི་སྐར་འབྲས་ཕུལ་བྱུང་དཔྱད་རྩོམ་ཡིན་ན། བགྲོ་གླེང་དགེ་རྒན་གྱིས་དྲི་བའི་དཀའ་གནད་ཀྱང་ཅུང་ཆེ་བར་གཏོང་དགོས། བཏོན་པའི་སྐར་འབྲས་ཚད་གཞི་ལོངས་པ་ཙམ་ཡིན་ན་དྲི་བ་ཡང་བལྟས་བཅོས་ཀྱིས་སླ་མོའམ་ལན་འདེབས་ཐུབ་པའི་དྲི་བ་ཡིན་དགོས།
གསུམ། གནད་ཁྱོན་ཟུང་འབྲེལ། ཟབ་རྒྱ་འབྲེལ་བའི་རྩ་དོན།
བཞི། རྣམ་པ་སྣ་ཚོགས། ཆེ་ཆུང་དོ་མཉམ་གྱི་རྩ་དོན།
གཅིག དཔྱད་རྩོམ་གྱི་མཚམས་སྦྱོར་ལེགས་པོར་འབྲི་དགོས་ལ། གཙོ་བོ་དཔྱད་རྩོམ་གྱི་ཁ་བྱང་དང་མཛུབ་སྟོན་དགེ་རྒན་གྱི་མཚན། ཁ་བྱང་འདི་འདེམས་པའི་ཀུན་སློང་། བསྒྲུབ་བྱ་གཙོ་བོ། སྒྲུབ་བྱེད་དང་བྲིས་པའི་མྱོང་ཚོར། ད་དུང་གླེང་གཞིའི་གཞུང་ལུགས་དང་ལག་ལེན་གྱི་དོན་སྙིང་བཅས་འབྲི་དགོས།
གཉིས། རང་ཉིད་ཀྱི་བྲིས་པའི་དཔྱད་རྩོམ་ཡོངས་ལ་རྒྱུས་ལོན་བྱེད་དགོས་ལ། ལྷག་ཏུ་གཙོ་གནད་དང་སྤྱི་བསྡོམས་ཁག་གི་ནང་དོན་ལ་རྒྱུས་ལོན་དང་། དཔྱད་རྩོམ་གྱི་རྩ་བའི་ལྟ་བ་དང་བསྒྲུབ་བྱའི་གཞི་འཛིན་ས་གཙོ་བོ་གསལ་བོ་ཡིན་དགོས། དཔྱད་རྩོམ་ཁྲོད་དུ་བཀོལ་སྤྱོད་བྱས་པའི་མཚན་ཉིད་གཙོ་བོ་དག་གི་ནང་དོན་ཤེས་དགོས་ལ་བཤད་ཀྱང་ཤེས་དགོས། དེ་དང་མཉམ་དུ་ད་དུང་ཞིབ་ཏུ་ཡང་ནས་ཡང་དུ་རྩོམ་ཡིག་ཁྲོད་ཀྱི་འགལ་འདུ་དང་ཁ་མི་གསལ་ས། ཐད་ངོས་རང་བཞིན་ནམ་ཁ་གསལ་བོ་མིན་པའི་ཁག ཏང་གི་སྲིད་ཇུས་དང་འགལ་ཟླར་གྱུར་བའི་ཁག་སོགས་ལ་ཞིབ་བཤེར་ནན་མོ་བྱེད་དགོས།
གསུམ། རང་གི་བྲིས་པའི་དཔྱད་རྩོམ་གྱི་འབྲེལ་ཡོད་ཤེས་བྱ་དང་རྒྱུ་ཆ་ལ་ཤེས་པ་དང་རྒྱུས་ལོན་བྱེད་དགོས།
བཞི། དཔྱད་རྩོམ་ནང་གང་དག་ཚུད་པའམ་ཐག་གཅོད་བྱེད་ཤེས་དགོས། འོན་ཀྱང་སེམས་ཤུགས་ཀྱིས་མ་འདང་བར་ཐག་གཅོད་མ་ཐུབ་པའི་གནད་དོན་དང་། གང་དག་ནང་དུ་མ་ཚུད་པའམ་ཉུང་བའི་ཁག ཞིབ་འཇུག་གི་གོ་རིམ་ཁྲོད་དུ་འཕྲད་པའི་གནད་དོན་དང་ཞིབ་བརྗོད་དང་འབྲེལ་བ་ཆེར་མེད་པའི་གནད་དོན་དག་མ་བྲིས་པ་བཅས་སོ།།
ལྔ། ཕུལ་བྱུང་དཔྱད་རྩོམ་གྱི་རྩོམ་པ་པོར་མཚོན་ན། ལྟ་བ་གང་དག་ནི་གཞན་གྱི་ཞིབ་འཇུག་གི་གྲུབ་འབྲས་རྒྱུད་འཛིན་དང་དཔྱད་གཞིར་བཟུང་བ་དང་། གང་དག་ནི་རང་གི་གསར་དུ་བཏོན་པའི་ལྟ་བ་ཡིན་པ་དང་ལྟ་བ་གསར་བ་དང་འདོད་ཚུལ་གསར་བ་དག་ཇི་ལྟར་གྲུབ་པ་སོགས་ཤེས་དགོས།
དཔྱད་རྩོམ་བགྲོ་གླེང་གི་དམིགས་ཡུལ་ནི་རྩ་འཛུགས་བྱེད་མཁན་གྱི་སློབ་གྲྭ་དང་བགྲོ་གླེང་མཁན་དཔྱད་རྩོམ་གྱི་རྩོམ་པ་པོའི་དམིགས་ཡུལ་མི་འདྲ་སྟེ། སློབ་གྲྭའི་དམིགས་ཡུལ་ལ། སྔར་ལས་ལྷག་པའི་སྒོ་ནས་དཔྱད་རྩོམ་རྩོམ་པ་པོས་དཔྱད་རྩོམ་གྱི་རྒྱུས་ལོན་ཚད་དང་ཡུལ་དངོས་སྒྲུབ་བྱེད་ཀྱི་ནུས་པ་སོགས་ལ་རྟོག་དཔྱོད་དང་ར་སྤྲོད་བྱེད་པར་མཐོ་སློབ་སློབ་གྲྭའི་མཐར་ཕྱིན་དཔྱད་རྩོམ་བགྲོ་གླེང་གི་རྩ་འཛུགས་དམིགས་ཡུལ་དང་པོ་ཡིན། དཔྱད་རྩོམ་རྩོམ་པ་པོའི་ཆེད་ལས་ཤེས་བྱའི་རྒྱུས་ལོན་གྱི་ཟབ་ཚད་དང་ཁྱབ་རྒྱ་ལ་རྟོག་དཔྱོད་བྱེད་པ་ནི་མཐར་ཕྱིན་དཔྱད་རྩོམ་བགྲོ་གླེང་གི་དམིགས་ཡུལ་གཉིས་པ་ཡིན། མཐར་ཕྱིན་དཔྱད་རྩོམ་སློབ་མ་རང་ཉིད་ཀྱིས་སྒེར་ཚུགས་ངང་ལེགས་འགྲུབ་བྱས་མིན་གྱི་དོན་དངོས་རང་བཞིན་ལ་ཞིབ་བཤེར་བྱེད་པ་ནི་མཐར་ཕྱིན་དཔྱད་རྩོམ་བགྲོ་གླེང་གི་དམིགས་ཡུལ་གསུམ་པ་ཡིན། བགྲོ་གླེང་མཁན་གྱི་ངོས་ཐད་ནས་བཤད་ན་བགྲོ་གླེང་ལེགས་འགྲུབ་དང་། དུས་ལྟར་སློབ་མཐར་ཕྱིན་པ། མཐར་ཕྱིན་འཛིན་ཡིག་ལེན་ཐུབ་པ་བཅས་ཡིན།