པར་འདི་ནི་སྡེ་རོང་ཉི་མའི་ལུང་པ་རེད།
སྤྱི་ཟླ་དང་པོའི་ཚེས13ཉིན། ཐེ་ཆི་ལི་ཧྲི་ཚོགས་པ་དང་ལང་རག་ཚོགས་པ་གཉིས་ཀྱིས་ཁྲེང་ཏུའུ་ལ་གན་རྒྱ་འཇོག་པའི་མཛད་སྒོ་སྤེལ་ནས། མིང་བྱང་མཉམ་འགོད་ཀྱིས་དམིགས་བསལ་གྱི་བྲོ་བཅུད་ལྡན་པའི་ལག་རྟེན་སྒམ་གསུམ་གསར་འདོན་བྱས་ཏེ། ཞིམ་མངར་ལྡན་པའི་ལང་རག་གར་པོ་རིགས་གསུམ་སོ་སོར་སུར་ཆང་ཤ་རྒྱུ་དང་ཨ་མྱེ་དབྱང་ཚང་གི་བྲོ་གསར་བསྙལ་ཤ་གྲགས་ཅན་ཞོར་བསྡེབས་བྱས་ཡོད། ཐོན་རྫས་འདི་དག་ཐེན་མའོ་དང་། ཅིན་ཏུང་། ཕིང་ཏའོ་ཏའོ། ཝེ་ཕིང་ཧུའེ། ཧོ་མ་སོགས་ཀྱི་དྲྭ་སྟེགས་སུ་བྲིན་འཚོང་བྱ་རྒྱུ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིར་ཐེ་ཆི་ལི་ཧྲི་དང་ལང་རག་ཚོགས་པ་གཉིས་ལག་གདང་སྦྲེལ་ནས་མིང་བྱང་མཉམ་འགོད་ཀྱིས་ལག་རྟེན་སྒམ་འདི་གསར་འདོན་བྱས་ནས། སུར་ཆང་ཤ་རྒྱུའི་ཐོན་རྫས་གསར་གཏོད་བྱ་རྒྱུ་གཙོ་བོར་བྱས་པ་དང་། ལས་རིགས་བརྒལ་ནས་སྡེ་རོང་རྫོང་གི་ཁྱད་ཐོན་ཤིང་སུར་དང་། ཞིམ་མངར་ལྡན་པའི་ལང་རག ཐེ་ཆི་ལི་ཧྲི་ཁོངས་འོག་ན་ཡོད་པའི་ཨ་མྱེ་དབྱང་ཚང་གི་བྲོ་གསར་བསྙལ་ཤ་གྲགས་ཅན་བཅས་ཕྱོགས་བསྡུས་སྡེབ་སྒྲིག་བྱས་ནས་དུས་ཆེན་གྱི་ལག་རྟེན་ཞིག་ཁྲོམ་རར་འདོན་ཐུབ་པ་བྱ་རྒྱུ་དང་། ད་དུང་ཁྱིམ་མི་མཉམ་འཛོམས་ཀྱི་གོ་སྐབས་བྱུང་བའི་སྐབས་སུ་ལས་རིགས་བརྒལ་ནས་ཤ་དང་ཨ་རག་གི་ལག་རྟེན་ཉོ་བའི་ཐབས་ལམ་བརྒྱུད་དེ། བེད་སྤྱོད་གཏོང་མཁན་དུད་ཚང་དང་མཉམ་དུ་ཐེ་ཆི་ལི་ཧྲི་དང་ལང་རག་གི་ཟོང་རྟགས་གྲགས་ཅན་གྱི་གསོན་ཤུགས་ཐུན་མོང་དུ་མཉམ་སྤྱོད་བྱས་ཏེ་དགའ་བ་དང་བརྩེ་བ་བརྒྱུད་སྤེལ་བྱེད་པ་དང་ཆབས་ཅིག ཐེ་ཆི་ལི་ཧྲི་དང་ལང་རག་གི་ཟོང་རྟགས་གྲགས་ཅན་གཉིས་ཀྱི་དངོས་ཤུགས་ཀྱང་མཚོན་ཡོད།
“ཨ་རག་དང་ཤ་གཉིས་གནའ་དུས་ནས་བྲལ་ཐབས་མེད་པ་རེད། ཐང་རྒྱལ་རབས་ཀྱི་ཏུའུ་ཕུའུ་དང་པའེ་ཅུས་དབྱི་སོགས་ཀྱི་སྙན་རྩོམ་ཁྲོད་ཨ་རག་དང་ཤ་གཉིས་བཀོད་ཡོད།”ལང་རག་ཚོགས་པའི་རྐང་དཔོན་གཞོན་པ་ཝང་པོ་ཡིས་ལང་རག་དང་ཐེ་ཆི་ལི་ཧྲི་བར་ཐེངས་འདིར་ཆ་རྐྱེན་འཛོམས་ན་གྲུབ་འབྲས་ཐོན་པའི་བྱ་བ་ཞིག་ཡིན་འདུག མིང་བྱང་མཉམ་འགོད་ཀྱིས་ལག་རྟེན་སྒམ་འདི་ཁྱིམ་ཚང་ཁྲི་སྟོང་མང་པོར་སླེབས་ཐུབ་རྒྱུ་དང་། ཕྱོགས་གཉིས་ཀའི་ཨ་རག་དང་བཟའ་བཅའ་ཞིམ་པོ་མཉམ་བསྡེབས་ཀྱི་འཛད་སྤྱོད་འདུ་ཤེས་ཇེ་ཆེར་གཏོང་ཐུབ་པ་དང་། གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཚོ་བའི་འདུ་ཤེས་བཟང་པོ་བརྒྱུད་སྤེལ་བྱ་ཐུབ་རྒྱུ་རེད་ཅེས་བཤད།
ཐེ་ཆི་ལི་ཧྲི་ཚོགས་པའི་རྐང་དཔོན་གཞོན་པ་ལེ་པོ་ཡིས་ཐེངས་འདིར་མིང་བྱང་མཉམ་འབྲེལ་བྱས་ནས་ལག་རྟེན་སྒམ་གསར་གཏོད་བྱས་པ་དེས་ཐེ་ཆི་ལི་ཧྲི་དང་ལང་རག་ཚོགས་པས་མཉམ་ལས་ཀྱི་སྒོ་མོ་འབྱེད་མགོ་ཚུགས་ཤིང་། འབྱུང་འགྱུར་ལ་ཕྱོགས་གཉིས་ཀས་ད་དུང་འཐབ་ཇུས་ཀྱི་མཉམ་ལས་གཏིང་ཟབ་དང་ཕྱོགས་མང་མཉམ་འབྲེལ་བྱས་ནས། སྡེ་རོང་རྫོང་གི་དེ་བས་མང་བའི་སྤུས་ལེགས་ཀྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་རྒྱལ་ཡོངས་དང་འཛམ་གླིང་ལ་བྲིན་ཐུབ་པ་དང་ཆབས་ཅིག སི་ཁྲོན་དང་། ཀྲུང་གོའི་ཚབ་བྱེད་ནུས་པའི་ཨ་རག་དང་བཟའ་བཅའ་ཞིམ་པོ་མཉམ་སྡེབ་བྱེད་ཐུབ་པ་དང་། དེ་བས་ཡག་པོའི་སྒོས་ཕྱོགས་གཉིས་ཀའི་རྒྱུ་སྤུས་དང་བྲོ་བ། ཟོང་རྟགས་གྲགས་ཅན་བཅས་མངོན་གང་ཐུབ་བྱ་རྒྱུ་རེད་ཅེས་བཤད།
བྲོ་གསར་བསྙལ་ཤ་དང་སུར་ཆང་ཤ་རྒྱུའི་ཐོན་རྫས་གསར་པ་ཚོང་ཁྲོམ་དུ་འདོན།
ཤེས་རྟོགས་བྱུང་བར་གཞིགས་ན། སུར་པན་ཤ་རྒྱུ་ཁ་ཅུང་ཙམ་ཚ་ཡང་ཚ་འོབས་ཤས་ཆེན་པོ་མེད་པའི་རྒྱུ་མཚན་ནི་དེའི་རྒྱུ་ཆ་ཤིང་སུར་པན་ལ་རག་ལས་པ་རེད། ཤིང་སུར་པན་ནི་སྡེ་རོང་རྫོང་ལ་ཡོད་པའི་ཤིང་རིགས་དམིགས་བསལ་གྱི་སྐྱེ་དངོས་ཤིག་ཡིན་ལ་སྨིན་ཟིན་རྗེས་ཀྱི་ཁ་དོག་སེར་པོ་ཡིན་པ་རེད།
ཤིང་གི་སྡོང་པོར་སྐྱེས་པའི་སྡེ་རོང་གི་སུར་པན་ཁྲོད་མིའི་གཟུགས་པོར་དགོས་ངེས་ཀྱི་མ་རྒྱུའི་འདུས་ཚད་ནི་སྤྱིར་བཏང་གི་སུར་པན་ལས་མཐོ་བ་རེད། ཁ་ཚ་ལ་བྲོ་བ་ཞིམ་པ་དང་བཟས་ཚར་རྗེས་ཕོ་རྒྱུར་ཟུག་གཟེར་མི་སློང་བར་མ་ཟད། ཕོ་རྒྱུ་གསོ་བ་དང་ཁྲག་ཤེད་གཅོག་པ་དང་རིམས་འགོག་གི་ནུས་ཤུགས་ཇེ་དྲག་ཏུ་ཕྱིན་པ། འཕར་རྩ་སྲ་འགྱུར་དང་སྙིང་རྩ་རེངས་པའི་ནད། འབྲས་སྐྲན་བཅས་འགོག་པ། རྒས་འགོག་སོགས་ཀྱི་ཕན་ནུས་ལྡན་པས། ད་ཆ་སུར་པན་ཤིང་སྡོང་དེ་ཡུལ་དེའི་ཞིང་འབྲོག་མི་དམངས་ཀྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོའི་ཡ་གྱལ་དུ་གྱུར་ནས་དེ་བས་མང་བའི་སྡེ་རོང་བའི་འཚོ་བ་ཇེ་སྐྱིད་ཇེ་དར་ཡོང་བཞིན་པ་རེད།
ལེ་པོ་ཡིས་ངོ་སྤྲོད་བྱས་དོན། སྡེ་རོང་གི་སྤུས་ལེགས་ཞིང་ལས་ཁྱད་ཐོན་དངོས་རྫས་ཤིང་སུར་དེ་ཞིང་ཁ་ནས་གསོལ་ལྕོག་ཐོག་དེ་བས་ཡག་པོའི་ངང་འདོན་ཐུབ་པའི་ཆེད་དུ། ཐེ་ཆི་ལི་ཧྲིའི་ཧྥེང་ཀོང་ཏེ་ཚོད་ལྟའི་ཁང་གི་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་མཁན་གྱིས་ཚོགས་པའི་ཐོན་ལས་འབྲེལ་འདྲིས་ཀྱི་དགེ་མཚན་ལ་བརྟེན་པ་དང་། ཨ་མྱེ་དབྱང་ཚང་གི་སྲོལ་རྒྱུན་གྱི་བསྡུར་སྦྱོར་བྱེད་སྟངས་དང་བཟོ་རྩལ་གྱི་རྨང་གཞིའི་ཐོག “ལང་རག”དང་“སི་ཁྲོན་ཕག་ཤ” “སྡེ་རོང་སུར་པན”བཅས་ཐོན་རྫས་ཀྱི་ཁྱད་ཆོས་དང་འབྲེལ་ནས། རྒྱུ་ཆ་སྡེབ་རྫས་དང་། སྙོལ་བཟོ། བདུག་བཟོ། རླུང་སྐམ་སོགས་ཐོན་སྐྱེད་ཀྱི་གནད་འགག་ཐུག་སར་ཚོད་ལྟ་དང་སྙོམས་སྒྲིག་ཐེངས་མང་བྱས་ནས། ཁྱད་ཆོས་ལྡན་པའི་སུར་ཆང་ཤ་རྒྱུའི་ཐོན་རྫས་གསར་འདོན་བྱས་པར་མ་ཟད། བཟོ་རྩལ་གྱི་ཆ་ནས་བདུག་བཟོ་བྱེད་ཡུན་ཇེ་ཐུང་དུ་གཏོང་བ་དང་། བདུག་བཟོ་ཅུང་བྱེད་པའི་བཟོ་རྩལ་ཐོག་ནས་རང་ཤུགས་སུ་རླུང་སྐམ་བྱས་ཏེ་ཚད་ཆེ་ཤོས་ཀྱི་ཐོག་ནས་ལང་རག་གི་དམིགས་བསལ་གྱི་བྲོ་བ་སོར་ཉར་བྱེད་ཐུབ་པ་དང་། “ལང་རག”དང་“སི་ཁྲོན་ཕག་ཤ” “སྡེ་རོང་སུར་པན”བཅས་མཉམ་འདྲེས་བྱས་རྗེས་དམིགས་བསལ་གྱི་བྲོ་བ་ལྡན་པ་རེད།།
ལས་རིགས་བརྒལ་ནས་མཉམ་འབྲེལ་གྱིས་ཟོང་རྟགས་བཏོད་དེ་སུར་པན་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་བཏང་།
གན་རྒྱ་འཇོག་པའི་མཛད་སྒོའི་ཐོག་སྡེ་རོང་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་སུའུ་ཝུའེ་ཡིས་ད་ཐེངས་ཀྱི་མིང་མཉམ་འགོད་ཀྱི་ལག་རྟེན་སྒམ་གསར་སྤེལ་ཁྱབ་གདལ་བཏང་བར་བརྒྱུད། འདེབས་འཛུགས་དང་ཉོ་སྒྲུབ། ལས་སྣོན། ཕྱིར་ཚོང་བཅས་གཞི་གཅིག་ཅན་གྱི་སྡེ་རོང་གི་ སུར་པན་ཐོན་ལས་སྦྲེལ་ཐག་སྔར་བས་འཕེལ་རྒྱས་བཏང་ནས་སྡེ་རོང་གི་སུར་པན་སྐྱེ་ཁམས་དང་སྤུས་ལེགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱིས་སྡེ་རོང་རྫོང་གི་རྒྱ་ཆེ་བའི་གྲོང་སྡེར་དེ་བས་མང་བའི་གོ་སྐབས་བསྐྲུན་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
“ཐོན་ལས་རོགས་སྐྱོར་གྱི་རྒྱབ་ལྗོངས་འོག་སྡེ་རོང་རྫོང་གི་སུར་པན་ནི་ས་གནས་དེ་གའི་ཞིང་པའི་ཕྱུག་འགྱུར་གྱི་སུར་པན་ཞིག་དངུས་སུ་འགྱུར་ཐུབ་པར་མ་ཟད། ས་གནས་དེ་གའི་ཡུལ་སྡེ་དར་རྒྱས་ཀྱི་མྱུར་བགྲོད་ལམ་བུའི་ཐོག་སྐྱོད་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད” ལུའེ་པོས་གན་རྒྱ་འཇོག་པའི་མཛད་སྒོ་འཚོགས་རྗེས་ལས་རིགས་ལས་བརྒལ་བའི་མཉམ་འབྲེལ་ཐོག་ཟོང་རྟགས་བཏོད་པའི་རིམ་སྤེལ་བྱེད་སྒོ་སྤེལ་ནས་མིང་མཉམ་བཀོད་བྱེད་པའི་ལག་རྟེན་སྒམ་གཉེར་ཚོང་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་ཁྱབ་ཁོངས་དེ་བས་ཆེ་བའི་ནང་འདེབས་འཛུགས་ལས་རིགས་དང་། གསོ་ཚགས་ལས་རིགས་གཉེར་མཁན་ཞིང་པར་རྒྱུན་མཐུད་ངང་འབབ་འཕར་ཡོང་རྒྱུར་སྣེ་ཁྲིད་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
ལས་རིགས་ཀྱི་ནང་ཁུལ་མི་སྣས་དོ་སྣང་བྱུང་བར་མིང་རྟགས་མཉམ་བཀོད་ཀྱི་ལག་རྟེན་སྒམ་ནང་དུ“ལང་རག་དང་སྡེ་རོང་སུར་པན། ཨ་མྱེ་དབྱང་ཚང་གི་ཤ་རྒྱུ་སོགས་གསར་གཏོད་བྱས་པའི་ཞིམ་ཟས་ཐོན་རྫས་ཡོད་ཅིང་། དེ་དག་ནི་ཞིང་ལས་ཐོན་ལས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཀྱི་གཙོ་གནད་སྣེ་འདྲེན་ཁེ་ལས་ཏེ་ཐེ་ཆི་ལི་ཧྲི་ཚོགས་པ་དང་ཞིམ་མངར་གྱི་རོལ་བཅུད་ལྡན་པའི་ཀྲུང་གོའི་ཨ་རག་གྲགས་ཅན། རྒྱལ་ཁབ་ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་རྫས“སྡེ་རོང་སུར་པན” སི་ཁྲོན་གྱི་སྣེ་ཁྲིད་ཟོང་རྟགས“ཨ་མྱེ་དབྱང་ཚང”གི་ཚོང་རྟགས་གྲགས་ཅན་བཞིའི་མིང་རྟགས་འགོད་པའི་ཐོན་རྫས་བཅས་ལས་གྲུབ་པ་རེད།
ལང་རག་ལ་སྔ་ས་ནས“སི་ཁྲོན་གྱི་ལང་རག”ནས“ཀྲུང་གོའི་ལང་རག”བར་གྱི་ཚུལ་བསྒྱུར་བྱུང་ཡོད་ཅིང་། དེའི་ཟོང་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་མཚན་སྙན་ལ་ཐེ་ཚོམ་སྐྱེ་མི་དགོས། ཨ་མྱེ་དབྱང་ལགས་ཀྱི་སིལ་ཚོང་ཐབས་ལམ་གསར་པ་སི་ཁྲོན་གྱི་བག་ལེབ་བྲོ་བ་ལྡན་པའི་སྣེ་ཁྲིད་ཟོང་རྟགས་ཤིག་ཡིན་ཞིང་། 2015ལོ་ནས་ད་བར་དྲྭ་ཐོག་སི་ཁྲོན་གྱི་བག་ལེབ་བྲོ་བ་ལྡན་པའིTOP1ཟོང་རྟགས་ཤིག་ཡིན་པ་དང་ཐེན་མའོ་རིགས་ཀྱིKAཚོང་པ་ཞིག་ཡིན། ད་ཆ་འཚོང་སྟེགས20ལྷག་ཙམ་ཡོད་པའི་ནང་ཐེན་མའོ་དང་ཅིང་ཏུང་། ཝུའེ་ཕིང་ཧུའེ་སོགས་ཚུད་ཡོད་པར་མ་ཟད། 2018ལོར“སི་ཁྲོན་གྱི་གློག་རྡུལ་ཚོང་དོན་ལོ་བཅུ་ཡི་ཟོང་རྟགས་རྩེ་གྲ་བརྒྱའི”མཚན་སྙན་ཐོབ་ཡོད། 1992ལོར་ཐེ་ཆི་ལི་ཧྲི་ཚོགས་པ་དང་མཉམ་འབྲེལ་བྱས་ནས་བཟོ་གྲྭ་གསར་པ་བཙུགས་ཡོད“ཐེ་ཆི་ལི་ཧྲི་ཚོགས་པ་ལ་ཤེས་ཡོན་ཐོན་དབང་ཡོད་པའི་སི་ཁྲོན་བསྙལ་ཤ་ཡོད་ཅིང་། ཤ་སྙི་ལ་ཁུ་བ་ཤོར་ཉུང་བ། ཤའི་བར་གྱི་ཚིལ་དེ་སྤྱིར་བཏང་གི་ཕག་ཤའི་བརྒྱ་ཆ2ནས5ལས་མཐོ་བ། ཤ་སྣག་ཚད་འོས་འཚམ་དང་གཅིག་མཐུན་ཡིན་པ་དང་། བྲོ་བ་ཞིམ་པ། འཚོ་བཅུད་ཕུན་སུམ་ཚོགས་པ་བཅས་ཡིན།
ཤེས་རྟོགས་བྱུང་བར་གཞིགས་ན། ཐོན་རྫས་ཀྱི་ཚད་དཔོག་གཏན་འཁེལ་ཐད་ཐེ་ཆི་ལི་ཧྲི་དང་ལང་རག་གིས་མིང་མཉམ་དུ་བཀོད་པའི་ལག་རྟེན་སྒམ་ནང་ཆང་གར་པོ་སྣ་གསུམ་ཡོད་པ་དེ་དག་དུས་རྒྱུན་གྱི་དུས་ཆེན་དང་འདུ་འཛོམས་སོགས་ཀྱི་རྣམ་པ་དང་ཟུང་འབྲེལ་བྱས་ཏེ། ཨ་མྱེ་དབྱང་ཚང་གི་ཐོན་རྫས་དང་བསྡེབས་ནས་འཛད་སྤྱོད་ཀྱི་རྣམ་པ་མི་འདྲ་བའི་དགོས་མཁོ་སྐོང་བཞིན་ཡོད། ལས་སྟེགས་ཀྱི་ཐབས་ལམ་ཁག་དབྱེ་ནས་བྲིན་ཚོང་བྱེད་པའི་ཐད། ཐེ་ཆི་ལི་ཧྲི་ཚོགས་པ་དང་ལང་རག་གིས་མིང་མཉམ་བཀོད་པའི་ལག་རྟེན་སྒམ་དེ་ཨ་མྱེ་དབྱང་ཚང་གི་ཅ་དངོས་གསར་པ་གཏན་འཁེལ་བྱས་ནས་ད་ཡོད་ཀྱི་མཉམ་ལས་སྟེགས་བུ20ལྷག་ཙམ་ཐོག་བྲིན་ཚོང་བྱ་རྒྱུ་ཡིན་པར་མ་ཟད། ད་དུང་ཨ་མྱེ་དབྱང་ཚང་གི་བརྒྱུད་འཚོང་སྟེགས་བུ་ཆེ་གྲས་ཁག་གི་ཐོག་བྲིན་ཚོང་བྱ་རྒྱུ་ཡིན་པ་རེད། དྲིལ་བསྒྲགས་དང་ཁྱབ་སྤེལ་གཏོང་སྐབས། ལས་སྟེགས་གཉེར་འཚོང་གི་ལྷུ་ལག་དང་ཟུང་འབྲེལ་བྱས་ཤིང་། དཔེར་ན། ལོ་གསར་པའི་མཁོ་ཆས་དུས་ཆེན་སོགས་སུ་ཐེ་ཆི་ལི་ཧྲི་ཚོགས་པ་དང་ལང་རག་གི་མིང་མཉམ་བཀོད་པའི་ལག་རྟེན་སྒམ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཨ་མྱེ་དབྱང་ལགས་ཀྱིས་མཉམ་ལས་བྱས་པའིKOLདང་མཉམ་འབྲེལ་བྱས་ནས་ཐོན་རྫས་གསར་པ་བཙོངས་པའི་འོས་སྦྱོར་དང་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་བྱས། འཁྱུག་དབྱིངས་སོགས་ལས་སྟེགས་སུ། པར་རིས་དང་ཡིག་རིགས། བརྙན་ཐུང་སོགས་གཉེར་འཚོང་བྱེད་ཐབས་བརྒྱུད་དེ། རྒྱབ་སྐྱོར་བྱེད་མཁན་གྱིས་བརྒྱུད་བསྐུར་འོས་སྦྱོར་དང་ཕྱིའི་དྲ་བའི་བཞུར་ཚད་ནང་འདྲེན་བྱས་ཤིང་། དེ་དང་ཆབས་ཅིག་ཐའོ་པའོ་ནས་ཐད་གཏོང་དང་མགྱོགས་གཏོང་ཐད་གཏོང་སོགས་ཀྱི་བྱེད་ཐབས་དང་ཟུང་འབྲེལ་བྱས་ནས་ཕྱོགས་མང་པོའི་ཆ་ནས་དྲིལ་བསྒྲགས་བྱས་པ་རེད། ཐེ་ཆི་ལི་ཧྲི་ཚོགས་པ་དང་ལང་རག་གིས་ད་ཐེངས་ཁྱབ་གདལ་བཏང་བའི་མིང་མཉམ་བཀོད་པའི་ལག་རྟེན་སྒམ་ཐོག་ནས་འཛད་སྤྱོད་བྱེད་མཁན་དེ་བས་མང་བ་ལ་ཁྱབ་པ་བྱ་ཆེད། ཐེ་ཆི་ལི་ཧྲི་ཚོགས་པ་ཁོངས་འོག་གི་ཨ་མྱེ་དབྱང་ལགས་ཀྱིས་དྲྭ་ཐོག་དང་དྲྭ་ཕྱིའི་ཐབས་ལམ་བཏོད་པར་མ་ཟད་ཐབས་ལམ་ཕན་ཚུན་མཉམ་འདྲེས་ཀྱང་བྱས་པ་རེད།།