ཆེན་བཞིའི་ཡ་གྱལ་ཤར་གནས་ཆེན་མི་ཉག་གངས་དཀར་རི་བོ(མཚོ་ངོས་ལས་སྨི7556ཡོད)ནི་ཁམས་ཕྱོགས་ཀྱི་གངས་རི་དག་གི་ཁྲོད་དུ་གནམ་གྱི་ཀ་བ་ལྟ་བུའི་རི་དབང་ལྷུན་པོ་ལ་འགྲན་བཟོད་པའི་གངས་དཀར་ཤེལ་གྱི་ཅོད་པན་ཆེས་མཐོ་བས་རི་ཕྲན་ཐམས་ཅད་ཟིལ་གྱིས་གནོན་པ།རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་བཀྲ་ཤིས་པའི་དགེ་མཚན་དུ་མ་ལྡན་པའི་དཔལ་བདེ་མཆོག་གི་ཕོ་བྲང་བཞི་བརྩེགས་ཀྱི་ནང་དུ་གནས་ཀྱི་སྲུང་མ་དགེ་བསྙེན་རྡོ་རྗེ་བློ་གྲོས་འཁོར་བཅས་དང་།འཕགས་པའི་གནས་བརྟན་ཡན་ལག་ཀྱི་ནང་དུ་གནས་ཀྱི་སྲུང་མ་དགེ་བསྙེན་རྡོ་རྗེ་བློ་གྲོས་འཁོར་བཅས་དང་།འཕགས་པའི་གནས་བརྟན་ཡན་ལག་འབྱུང་འཁོར།དཔལ་འཁོར་ལོ་སྡོམ་པ།མཁའ་འགྲོ་ཆོས་སྲུང་ལ་སོགས་པ་ན་བུན་འཐིབས་པ་ལྟར་བཞུགས་པའི་གནས་ཁྱད་འཕགས་འདིར་འབྲེལ་ཚད་ཐམས་ཅད་ཐུབ་དབང་བཞུགས་གནས་བརྒྱད་དང་།པད་མའི་སྒྲུབ་གནས་བརྒྱ་རྩ་སོགས་བསྐོར་བའི་ཕན་ཡོན་དང་མཚུངས་པ་སོགས།སངས་རྒྱས་གཉིས་པ་པདྨ་ཀ་རས་བསླུ་མེད་རྡོ་རྗེའི་ལུང་ལས་བཀའ་བསྩལ་འདུག་པ་དང་། དཔལ་རྒྱལ་དབང་ཀརྨ་པ་རོལ་པའི་རྡོ་རྗེ་སོགས་ཀྱིས་ཀྱང་གནས་མཆོག་འདིའི་མཚན་ཉིད་ཞིབ་ཏུ་གསུངས་ཤིང་ཆེ་བའི་ཡོན་ཏན་ལ་བསྔགས་པར་མཛད་པ་དང་།གྲུབ་ཆེན་ཐང་སྟོང་རྒྱལ་པོ་དང་།གྲུབ་ཐོབ་ཀུན་དགའ་རྒྱལ་མཚན།མཁན་ཆེན་རྨ་སེ་སྟོན་པ།མཁས་གྲུབ་འཇམ་དབྱངས་གྲགས་པ་སོགས་གྲུབ་ཆེན་མང་པོས་ཞབས་ཀྱིས་བཅགས་ཤིང་རྫུ་འཕྲུལ་གྱི་བཀོད་པ་དང་གྲུབ་པའི་རྟགས་ལྷ་སྐུ་དང་ཕྱག་ཞབས་ཀྱི་རྗེས་སོགས་ངོ་མཚར་བ་དུ་མས་བྱིན་གྱིས་བརླབས་པའི་གནས་ཆེན་དེར་རང་བྱུང་སྐྱེ་ཁམས་ཕུན་སུམ་ཚོགས་པའི་མཛེས་ལྗོངས་སུ་ཆགས་པའི་གངས་དཀར་དགོན་པ་ནི་དུས་རབས་བཅུ་གསུམ་པ་བོད་རབ་བྱུང་ལྔ་པའི་ཤིང་མོ་བྱ1285ལོར་དཔལ་ཨ་ར་ཆོས་རྗེའི་དབོན་ཏེ་ཀརྨ་པཀྴི་མཆོག་གི་མཁའ་གྲུབ་གཉིས་ལྡན་གྱི་སློབ་མ་གྲགས་པའི་དཔལ་གྱིས་སྔར་ཡོད་ཀྱི་སྒྲུབ་ཁང་དེ་རྒྱ་ཆེ་རུ་བསྐྱེད་ནས་འབོ་གངས་དཀར་དགོན་པ་ཞེས་གྲགས་པ་ནས་ད་བར་མི་ལོ700ལྷག་ཙམ་གྱི་རིང་ལ་གངས་དཀར་སྤྲུལ་སྐུ་རིམ་བྱོན་གྱི་སྒྲུབ་གནས་དང་བཤད་སྒྲུབ་སོགས་རྒྱལ་བསྟན་སྤེལ་བའི་གནས་གཙོ་བོ་ཡིན་པ་དང་།རྒྱལ་ཁབ་ཕྱི་ནང་གི་ཚན་རིག་པ་དང་རི་འཛེག་པ།ཡུལ་སྐོར་ལྗོངས་རྒྱུ་བ་དང་གནས་མཇལ་བ་སོགས་རྒྱུན་མི་ཆད་པའི་གནས་ཆེན་འདི་ནི།རྒྱལ་ཁབ་རིམ་པའི་རང་བྱུང་སྐྱེ་ཁམས་མཛེས་ལྗོངས་སྲུང་སྐྱོབ་བྱེད་པའི་ས་ཁུལ་ཡིན།གནས་འདི་བྱིན་རླབས་ཆེ་ཞིང་ཡིད་དབང་འཕྲོག་པ་ལྷའི་ཡུལ་དང་མཚུངས་པར།སྐྱེ་བོ་ཚོས་གནའ་ནས་ད་བར་ལྷ་མི་མཉམ་འདྲེས་ངང་།རང་བྱུང་སྐྱེ་ཁམས་དང་འཆམ་མཐུན་དུ་གནས་པའི་དད་སེམས་གཏན་སྲུང་བྱེད་ཀྱིན་ཡོད་པས།ལས་ཅན་གྱི་སྐུ་མགྲོན་རྣམ་པ་གནས་འདིར་ཡང་ཡང་འབྱོན་ཐུབ་པར་སྨོན།།
1930ལོར་པར་དུ་བླངས་པའི་གངས་དཀར་དགོན་པ།
དེང་སང་གི་གངས་དཀར་དགོན་པ།