༄༅། །བོད་ཀྱི་ཤིང་རྐོས་བཟོ་ལག་ཤེས།

རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན། སྤེལ་དུས། 12-23


             འཛིན་བདེ་ཅན་ཆེ་འབྲིང་ཆུང་གསུམ་ཙམ།གཟོང་ཁ་རྒྱ་ཆེ་ཆུང་ལྔ་དྲུག་ཙམ་སོགས་རྐོ་བྱེད་དང་།གཅོད་བྱེད།འབིག་བྱེད་ཆ་ཚང་ཞིག་མེད་དུ་མི་རུང་བ་ཞིག་ཡིན།ཤིང་བཟོའི་ལག་རྩལ་གཙོ་བོ།ཤིང་ལེབ་དང་།བཞི་ལིང་བཟོ་བ་དང་།དྲ་བ་དང་།འབུར་ལེན་དང་།གསེང་ལམ་གཤོང་བ།ཕྱག་རྒྱ་སྤྲད་པ་བཅས་ཏེ།ཕལ་ཆེར་བང་ཁང་བཟོ་བའི་ཤེས་བྱ་ལས་ཤེས་པར་བྱའོ།།

             ཤིང་རྐོས་ཀྱི་ལག་ཆ་ལ།གོང་གི་ཤིང་བཟོའི་ལག་ཆ་ཆ་ཚང་བ་དགོས་པ་ཕུད།རྡུང་བྱེད་དང་།རྐོ་བྱེད་དང་།འདྲ་བྱེད་དང་།གཤོང་བྱེད་དང་།འབིག་བྱེད་དང་།རྡར་བྱེད་སོགས་ཡིན་ཏེ།རྐོས་པ་ནི།སྐུ་གཟུགས་དང་རྒྱན་རིས་པ་ཏྲ།གཟུགས་བརྙན་སྣ་ཚོགས།མཆོད་རྫས་རིགས་ཀྱི་བཀོད་པ་ལ་མཁས་པ་ཞིག་ཡོད་ན་རབ།མིན་ཡང་པ་ཏྲ་རྒྱན་རིས་ཀྱི་འགྲོས་ཙམ་དང་།འབུར་སྐུའི་འགྲོས།རྐོས་ཀྱི་ཤེས་བྱ་ལ་མི་རྨོངས་ཤིང་།རྐོས་ཀྱི་ལག་ལེན་ལ་བྱང་བ་ཞིག་ངེས་པར་དགོས་སོ།།

             བརྐོ་བཞིའི་ཤིང་ནི།ཙན་དན་དམར་པོ།ཙན་དན་དཀར་པོ།ཨ་ག་རུ།བྱང་ཆུབ་ཀྱི་ཤིང་།སྤོས་ཤེལ་ཞེས་བོད་ཀྱི་ཤིང་བཟོའི་ལག་ཆ་ལ།ངར་ལྕགས་ཤིང་གི་རིགས་ལ་ཤིན་ཏུ་རྣོ་བའི་རིགས་ཀྱིས་མགར་ལ་རྣོ་མཉེན་ངར་གསུམ་དང་ལྡན་པ་ནི།གཅོད་བྱེད་ཀྱི་རིགས་སྤྱི་དང་འདྲ་ལ།ཤིང་བཟོའི་ལག་ཆ་འབུར་ལེན།སོག་ལེན།གསེར་ལོ།གསོར་སོགས་སྣ་འཛོམས་པའི་ཐོག གཞོག་གྲི་སེན་གཟུགས་མ།ཤིང་གི་ཡུ་བ་འ ཐང་ཆུའི་རིགས་ས་འོག་ཏུ་ཡུན་དུ་གནས་པ་ལས་བྱུང་བ་སོགས།བོད་ལ་སྐྱེ་ཤིང་དངོས་མེད་ཀྱང་མི་རིགས་དང་ཡུལ་གྲུ་གཞན་ལས་དྲངས་པའི་ཤིང་རྩ་ཆེ་ལ་རྒྱལ་བའི་སྐུ་དང་སྐུ་གཟུགས་དང་ཙན་དན་གྱི་གླེགས་ཤིང་དང་།ཤིང་གི་རོལ་ཆས་ཙན་དན་གྱི་ཌྰམ་རུ་སོགས་དང་།སྤྱོད་ཆས་སྤོས་ཤེལ་གྱི་རྣ་རུ་སོགས་སོ།། བོད་རང་ལ་ཡོད་པའི་ཤིང་ལ་བརྐོས་པ་རྒྱ་ཆེ་བ་ནི།ཁང་པའི་ནང་ཆོས་ཤིང་བརྩེགས་པ་དང་།སྒོ་དང་སྐར་ཁུང་གི་རྒྱན་རིས་སྣ་ཚོགས་དང་།དེའི་ཆ་ལག་ཏུ་གྱུར་པའི་མཆོད་སྒྲོམ་དང་མདུན་ཅོག །བཞུགས་ཁྲི།གཟིམ་ཁྲི།ཕྱེ་མར་འབོག སྤོས་སྒམ་སོགས་ཏེ།བརྐོ་གཞི་གཙོ་བོ།ལྕང་མ་དང་།མོ་འལ།གསོམ་དཀར།ཤུག་པ།སྟག་པ་སོགས་ལ་གཟུགས་བརྙན་བརྐོས་པ་རེ་འགའ་ཙམ་དེ།བརྐོ་གཞི་གཙོ་བོ་ནི་ལྕང་མ་དང་མོ་འལ་གཉིས་ཡིན་ལ།རྒྱུ་མཚན་ནི་ཤིང་དེ་གཉིས་རྒྱུ་སྙི་ཞིང་འབོལ་ལ།གས་སྐྱོན་མི་འབྱུང་བ་བཤད་ལ།ཤིང་གཅོད་དུས་ཤིང་སྡོང་ཆུང་དྲག་ན་སྙི་ཞིང་སྣ་ཐུང་ལ།ཞེང་ཕྲ་བའི་སྐྱོན་དང་།ཤིང་རྒན་ལ་ནི་ནང་སྙིང་རུལ་སྐྱོན་དང་།འབུས་ཟོས་པའི་སྐྱོན་དང་།ཤིང་འཛེར་ཤིང་འཁོར་བཅས་ཀྱི་སྐྱོན་ཡོད་པས།ཤིང་སྡོང་རྒྱས་ལ་བབས་ཤིང་།སྡོང་པོ་དྲང་ལ་ཤིང་སྡོང་གི་དཀྱིལ་དང་སྨད་དུ་འཛེར་མ་ཉུང་བ་དེ་བདམས་ལ་བཅད་དེ།སྲབ་མཐུག་རན་པར་དྲས་པའི་ཐོག །ས་རློན་དང་ལྕི་བ་རློན་པ་བྱུག ཟུར་རྡོ་ཡིས་མན་ནས་ག་ལེར་གྲིབ་སྐམ་བྱེད་དུ་གཞུག 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1