ཧྥ་རན་སིའི་ཙུང་ལི་ཡིས་གཤིས་འགྱུར་པྲོག་གསར་ནད་དུག་གིས་ཧྥ་རན་སིར་ངེས་པ་དོན་གྱི་འཇིགས་ཉེན་བཟོས་ཡོད་པའི་ཚུལ་བསྟན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 02-07


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཧྥ་རན་སིའི་ཙུང་ལི་ཁཱ་སི་ཐེ་ཡིས་ཚེས་བཞི་ཉིན་བསྟན་དོན། གཤིས་འགྱུར་པྲོག་གསར་ནད་དུག་གིས་ཧྥ་རན་སིར་ངེས་པ་དོན་གྱི་འཇིགས་ཉེན་བཟོས་ཡོད་པ་དང་། མིག་སྔར་ད་རུང་རིམས་འགོག་བྱེད་ཐབས་ཇེ་ལྷོད་དུ་གཏོང་བའི་དུས་ལ་བབས་མེད་ཟེར། 
        ཁཱ་སི་ཐེ་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མིག་སྔར་ཧྥ་རན་སིར་ཉིན་རེར་ཆ་སྙོམས་ཀྱིས་ནད་པ་ཁྲི་གཉིས་འབྱུང་བཞིན་ཡོད་པ་དང་། སྨན་ཁང་དུ་བསྡད་པའི་ནད་པ་སྟོང་གཅིག་དང་དྲུག་བརྒྱར་བསླེབས་ཡོད་པས། རིམས་ནད་ཀྱི་གནས་ཚུལ་དེ་ནི་ཀུན་གྱིས་སེམས་ཁུར་བྱེད་དགོས་པ་ཞིག་རེད་ཟེར། གསར་དུ་བྱུང་བའི་ནད་པའི་ཁྲོད་གཤིས་འགྱུར་པྲོག་གསར་ནད་དུག་འགོས་པའི་བསྡུར་ཚད་ཟླ་དང་པོའི་ཚེས་བརྒྱད་ཉིན་གྱི་བརྒྱ་ཆའི་གསུམ་དང་གྲངས་ཆུང་གསུམ་ནས་མིག་སྔའི་བརྒྱ་ཆའི་བཅུ་བཞིར་འཕར་ཡོད་ལ། གཤིས་འགྱུར་པྲོག་གསར་ནད་དུག་གིས་ཧྥ་རན་སིར་ངེས་པ་དོན་གྱི་འཇིགས་ཉེན་བཟོས་ཡོད་ཟེར། 
        ཁཱ་སི་ཐེ་ཡིས་བཤད་རྒྱུར། མིག་སྔར་ད་རུང་རིམས་འགོག་བྱེད་ཐབས་ཇེ་ལྷོད་དུ་གཏོང་བའི་དུས་ལ་བབས་མེད་པས། ཧྥ་རན་སིའི་མི་ཚང་མས་མཐུན་སྒྲིལ་བྱས་ནས་མཉམ་དུ་རིམས་ནད་ལ་འགོག་རྒོལ་བྱེད་དགོས། ཧྥ་རན་སི་ཡིས་ཧུར་ཐག་སྒོས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བརྒྱག་པའི་བྱ་བ་སྤེལ་བཞིན་ཡོད་པ་དང་། རྒན་གསོ་ཁང་གི་རང་འགུལ་གྱིས་འགོག་སྨན་བརྒྱག་འདོད་པའི་ལོ་ལོན་དག་གཟའ་འཁོར་འདིའི་གཟའ་མཇུག་གི་སྔོན་ལ་འགོག་སྨན་བརྒྱག་པའི་བྱ་བ་ཡོངས་འགྲུབ་བྱེད་རྒྱུ་རེད། 
        ཁོས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་རིམས་ནད་འགོག་སྲུང་བྱེད་ཆེད། རྒྱལ་ཡོངས་ཀྱི་ས་ཆ་སོ་སོས་རྒྱང་བསྟེན་གཞུང་སྒྲུབ་མངོན་འགྱུར་ཐུབ་པའི་ཁེ་ལས་ཀྱིས་ངེས་པར་དུ་ལས་བཟོ་བའི་རྒྱང་བསྟེན་བྱ་བ་སྤེལ་དགོས་ཟེར། །


རྩོམ་ཡིག་སྔོན་མ།
口臭怎么治?

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1