སི་ཁྲོན་ཞིང་ཆེན་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་འཚོགས་པ།

སྒྲོལ་མ་ཚེ་བརྟན་གྱིས་བསྡུ་སྒྲིག་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-08


སྤྱི་ཟླ་3པའི་ཚེས་1ཉིན། ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཁྲེང་ཏུའུ་རུ་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།


ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་དང་། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས་སི་ཁྲོན་ཞིང་ཆེན་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ནན་གྱིས་སྤེལ་བ། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པར་ཁྲིད་སྟོན་བྱས་ཏེ་ལོ་རྒྱུས་སློབ་སྦྱོང་དང་གནས་ལུགས་སློབ་སྦྱོང་། ལོ་རྒྱུས་སློབ་སྦྱོང་དང་ཡིད་ཆེས་ཇེ་རྒྱས། ལོ་རྒྱུས་སློབ་སྦྱོང་དང་ཀུན་སྤྱོད་ལ་བརྩི་མཐོང་། ལོ་རྒྱུས་སློབ་སྦྱོང་དང་ལག་ལེན་ཧུར་ཐག ། དྲང་བདེན་བརྩི་སྲུང་དང་གསར་གཏོད་གསར་སྐྲུན། གོ་སྐབས་དམ་འཛིན་དང་བློ་སེམས་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་རྣམ་པ་གསར་བཏོད་བྱས་ནས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཁྲོད་སི་ཁྲོན་བཅོས་སྐྱོང་དར་སྤེལ་གཏོང་བའི་དུས་རབས་ཀྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་བརྩམས་ནས། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་གསུངས།

ཕེང་ཆིང་ཧྭ་ཡིས་གསུང་བཤད་གནང་སྐབས། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ལ་གཞི་ཚུགས་པའི་ལོ་བརྒྱའི་ལོ་རྒྱུས་ཀྱི་མགོ་ཚུགས་ས་གསར་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཁྱོན་ཡོངས་དང་འཛམ་གླིང་ཐོག་ལོ་བརྒྱའི་ནང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་གཅིག་གྱུར་འཆར་འགོད་བྱེད་པ། ཏང་ཡོངས་དང་རྒྱལ་ཡོངས་སུ་སྐུལ་སློང་བྱས་ཏེ་ཡིད་ཆེས་ཆེན་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུའི་ནང་དུ་ཞུགས་འཇུག་ཕྱིར་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་རེད་ཅེས་བསྟན།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧོང་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁའོ་ཙེང་ཕིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་བཅས་ཚོགས་འདུར་ཕེབས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1