G4218ལམ་ཐིག་དར་རྩེ་མདོ་ནས་ར་རྔ་ཁའི་བར་གྱི་མྱུར་བགྲོད་གཞུང་ལམ་རྣམ་གྲངས་ལ་དངོས་སུ་ཆོག་མཆན་ཐོབ།

སྒྲོལ་མ་ཚེ་བརྟན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-08


རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བ་འཐུས་ཚང་གཏོང་བ་དང་།ས་ཁོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ། དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ། ལམ་རྒྱུད་ཀྱི་དགེ་མཚན་ལྡན་པའི་ཐོན་ཁུངས་གསར་སྤེལ་དང་ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྲུང་སྐྱོབ་བྱ་ཆེད། སྤྱི་ཟླ་2ཚེས་23ཉིན། G4218ལམ་ཐིག་དར་རྩེ་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་རྣམ་གྲངས་ལ་ཞིང་ཆེན་འཕེལ་རྒྱས་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་དངོས་སུ་མཆན་འགོད་བཀའ་ལན་ཐོབ། རྣམ་གྲངས་ཚོད་རྩིས་བྱས་ན་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་164.57ཙམ་བཏང་ཡོད་པ་དང་། རྣམ་གྲངས་ཀྱི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་79.2ལྷག་ཟིན་ཡོད། ལམ་ཐིག་ཧྲིལ་པོར་ཕྱོགས་གཉིས་ཀྱི་འཁོར་ལམ་བཞིའི་མྱུར་བགྲོད་གཞུང་ལམ་གྱི་ཚད་གཞི་ལྟར་འཛུགས་སྐྲུན་བྱ་རྒྱུ་དང་། ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་80ཇུས་འགོད་བྱས་ཡོད་པ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1