མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་གྲོང་རྡལ།
ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་དང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ལོ་འདིར་བོད་རང་སྐྱོང་ལྗོངས་ཀྱིས་གྲོང་ཚོ་གྲོང་རྡལ་དང་གྲགས་ཅན་མཛེས་ལྗོངས་ཁུལ་འཛུགས་སྐྲུན་ལས་དོན་ཧུར་ཐག་གིས་བསྒྲུབས་པས་རྒྱལ་ཡོངས་གཙོ་གནད་གྲོང་རྡལ་གྱི་ཡིག་ཐོག་སྙན་ཞུ་འབུལ་བའི་ལས་དོན་ལེགས་གྲུབ་བྱུང་བ་དང་། གྲོང་རྡལ་138ལ་རྒྱལ་ཡོངས་གཙོ་གནད་གྲོང་རྡལ་གྱི་ཆོག་མཆན་ཐོབ་ཡོད།
སྲོལ་རྒྱུན་གྲོང་ཚོ་ཁག་གསུམ་པའི་ཡིག་ཐོག་སྙན་ཞུ་འབུལ་བའི་ལས་དོན་སྤེལ་ཏེ་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ལ་སྲོལ་རྒྱུན་གྲོང་ཚོ་18འོས་སྦྱོར་བྱས་པ། བཅུད་གཡང་གྲོང་ཚོ་དང་། སྤང་གཞོང་གྲོང་ཚོ། ཁྲི་ཁང་གྲོང་ཚོ། ཚྭ་ཁ་ལྷོ་སྟོད་གྲོང་ཚོ་བཅས་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་དང་འཕེལ་རྒྱས་འཆར་འགོད་བཟོ་བ་དང་གྲུབ་འབྲས་ཞིབ་དཔྱད་ལས་དོན་ལེགས་གྲུབ་བྱུང་བ། རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་། རིག་གནས་ཐིང་། རིག་དངོས་ཅུས་བཅས་དང་མཉམ་དུ་རྒྱལ་ཁབ་པུའུ་ཨུ་བཞི་ལ་ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་གྲོང་ཚོ་དང་སྐྱིད་གྲོང་རྫོང་སྤང་གཞོང་གྲོང་ཚོ་སྲུང་སྐྱོང་དང་འཕེལ་རྒྱས་རྣམ་གྲངས་ཀྱི་གྲོན་དངུལ་གྱི་ཡིག་ཐོག་སྙན་ཞུ་ཕུལ་ཞིང་། མིག་སྔར་ནོར་སྲིད་ཐིང་གིས་གྲོང་ཚོ་གཉིས་ལ་ཀྲུང་དབྱང་གི་ཁ་གསབ་མ་དངུལ་སྒོར་ཁྲི་300རེ་གཤམ་སྤྲོད་བྱས། །