གཟན་ཆས་ཀྱི་དུག་སེལ་ལས་སྣོན།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-08
དོན་ཚན་དང་པོ། གཟན་ཆས་ཁྲོད་ཀྱི་དུག་འབྱིན་དང་གནོད་སེལ།
གཅིག།།བ་ཚྭ་སྔོན་འགོག
1.སྒོ་ཕྱུགས་བཀྲེས་ལྟོགས་བྱུང་དུས་དང་དཔྱིད་མགོ་དང་སྟོན་མཇུག་གཟན་ཆས་དཀོན་པའི་དུས་སུ་གཟན་ཆས་བཟང་ངན་མེད་པར་ཟ་པས་སྒོ་ཕྱུགས་ལ་ཟས་དུག་ཕོག་སླ་བས་ཧ་ཅང་གཟབ་ནན་བྱེད་དགོས།
2.རྩྭ་རའི་གཟན་རྩྭ་བརྔ་བསྡུ་བྱས་རྗེས་དང་ཡང་ན་ཕྱུགས་འཚོས་ནས་གཟན་རྩྭ་ཟོས་ཚར་བའི་རྗེས་ཤུལ་དུ་དུག་རྩྭ་མི་སྐྱེ་པ་ལ་སྔོན་འགོག་བྱེད་དགོས།
3.བ་ཚྭ་འདྲེས་བའི་སྐྱེ་དངོས་གཟན་རྩྭ་དང་མཉམ་བསྡུ་བྱས་ནས་སྒོ་ཕྱུགས་ཀྱིས་ཟོས་རྗེས་ཟས་དུག་ཕོག་སྲིད། དཔེར་ན་དཔྱིད་མགོར་སྐྱེ་ཤིང་ཟླ་བཞི་པའི་མཇུག་ཏུ་འབྲས་བུ་འབྱུང་བའི་དུག་རྩྭ་་ཆིན་ཅིན(琴颈)དང་འབུ་སུ་ཧང་གཉིས་ཕྱི་གཟུགས་ཧ་ཅང་འདྲ་པས་མཉམ་བསྡུ་བྱེད་སྲིད་པས། དུས་རྒྱུན་འབུ་སུ་ཧང་ནང་དུ་བསྲེས་ནས་སྒོ་ཕྱུགས་ལ་དུག་ཕོག་པའི་གནས་ཚུལ་འབྱུང་བཞིན་ཡོད།
4.སྐྱེས་དངོས་བ་ཚྭ་འདུས་པའི་རྩི་ཤིང་གཟན་རྩྭར་འདོད་ནས་བཀོལ་ཏེ་དུག་ཕོག་པ་སྔོན་འགོག་བྱ་ཆེད། ཉིན་དཀར་ཀྱི་གཟན་ཆས་ཁྲོད་10%ཡི་ཁོ་རེ་ཡ་འདུས་སྦྱོར་རྩྭ་བསྲེས་ན་གསོ་ཕག་གི་ཟ་ཚད་དང་འཚར་ལོངས་མགྱོགས་ཚད་ཇེ་དམའ་གཏོང་ཐུབ།
གཉིས། ཟེ་ཚྭ་སྐྱུར་ཚྭ་དང་ཟེ་ཚྭ་སྐྱུར་འབྲིང་བ།
1.གསར་དུ་གཅོད་གཏུབ་བྱས་པའི་སྔོ་གཟན་དེ་དུས་ཐོག་ཏུ་གཟན་ཆས་སུ་བཀོལ་ཐུབ་ན་རབ་ཡིན།
2.དུས་ཡུན་རིང་བོར་སྤུངས་བ་དང་གསོག་ཉར་བྱས་ནས་རུལ་བ་དང་རྙིད་པའི་སྔོ་གཟན་གཟན་ཆས་སུ་སྤྱོད་མི་རུང་།
3.ཉིན་དེར་བཀོལ་མི་ཚར་བའི་སྔོ་གཟན་བསིལ་སྐམ་བྱེད་དགོས་པ་ལས་སྤུངས་ནས་དྲོད་རྒྱས་སུ་འཇུག་མི་ཉན།
4.ཟེ་ཚྭ་སྐྱུར་འདུས་ཚད་མཐོ་བའི་སྔོ་གཟན་དེ་སྔོ་གཟན་གསོག་ཉར་བྱས་རྗེས་སྟེར་གསོ་བྱེད་དགོས།
5.བཙོས་ནས་ཚོས་རྗེས་སྟེར་གསོ་བྱེད་དགོས་པའི་སྔོ་གཟན་ཡིན་ན་མེ་ཆེ་བྱས་སྟེ་བཙོས་རྗེས་མགྱོགས་མྱུར་ལེན་དགོས་ལ། སྐམ་རྗེས་སྟེར་གསོ་བྱེད་དགོས། ཞིབ་འཇུག་བྱས་པ་ལྟར་ན། སྔོ་གཟན་བཙོས་སྣོད་དུ་དུས་ཚོད24~48འགོར་རྗེས་ཟེ་ཚྭ་སྐྱུར་འབྲིང་བའི་འདྲེས་ཚད་སྤྱི་རྒྱ་རེའི་ནང་ཧོ་ཁེ200~400བར་ཐོན་སྲིད།
6.སྐྱུག་ལྡན་སྒོ་ཕྱུགས་ཀྱི་རིགས་ལ་སྟེར་བའི་གཟན་རྩྭར་ཟེ་ཚྭ་སྐྱུར་ཚྭ་འདྲེས་ཚད་མཐོ་བའི་གཟན་ཆས་སྟེར་གསོ་བྱེད་སྐབས་མངར་རྫས་མཐོ་བའི་གཟན་ཆས་དང་མཉམ་སྟེར་བྱས་ན་ལེགས། དེ་ཨཱན་གཞི་སྐྱུར་གྲུབ་རྫས་ཅིན་(氢)དང་ནུས་ཚད་དེ་དང་མཐུན་པའི་ཐོན་སྐྱུར་སོགས་འདོན་སྤྲོད་བྱས་ནས་ཟེ་ཚྭའི་སྐྱུར་ཚྭ་ཕོ་བའི་ནང་དུ་མི་གསོག་པའི་ཆེད་དུ་ཡིན། དེ་ལས་གཞན་རྨོ་འདེབས་འཁོར་རེས་བྱེད་པ་དང་ཡང་ན་སྒོ་ཕྱུགས་འཚོ་རེས་བྱེད་པའི་ཐབས་ལ་བརྟེན་ནས་གནད་དོན་འདི་ཐག་གཅོད་བྱེད་དགོས།
གསུམ། ཆིན་ཀན།
1.ཆུར་སྦང་པ། གཟན་ཆས་ནང་གནས་པའི་ཐན་དང་ཏན་མཉམ་དུ་འདྲེས་པའི་རྒྱུ་རྫས་ཆིན་ཀ་ནི་ཆུ་ནང་དུ་ཞུ་པས་གཟན་ཆས་ཆུར་སྦང་ན་དེའི་ནང་གི་ཆིན་ཀ་འདྲེས་ཚད་ཇེ་དམའ་རུ་གཏོང་ཐུབ། ཆུར་སྦང་པའི་དུས་ཚོད0.5~1དང་ཟས་འབྲུ་རྡོག་པོ་ཅན་དུས་ཚོད2~3བར་སྦང་ནས་ཆིན་ཀ་འདུས་ཚད་ཇེ་ཉུང་དུ་གཏོང་དགོས་ལ། ཆུར་སྦང་བའི་དུས་སུ་ཆུ་བརྗེ་སྤོར་མང་པོ་རྒྱགས་དགོས་ལ། ཁུ་བ་སྒོ་ཕྱུགས་ལ་སྡུད་མི་ཉན།
2.བཙོ་བ་དང་བསྙལ་བ། ཅིན་ཆིན་སྐྱུར་ཀྱི་འཁོལ་ཚད་དམའ་བས་ཚྭ་བར་བསྟེན་ན་ཡལ་སླ། དེ་བས། ཆིན་ཀ་འདྲེས་པའི་གཟན་རྩྭ་བཙོ་ཆོག་ལ། བཙོ་བའི་སྐབས་སུ་ཁ་ལེབ་མི་རྒྱག་པ་དང་དཀྲུག་དགོས་ནས་ཅིན་ཆིན་སྐྱུར་མྱུར་དུ་ཡལ་བར་བྱེད་དགོས། བཙོ་བའི་དུས་སུ་ཚད་རན་པའི་སྐྱུར་ཁུ་སྣོན་པ་དང་།
ཅིན་ཆིན་སྐྱུར་ཡལ་བར་སྐུལ་འདེད་བྱེད་དགོས་པ་དང་། རྒྱུན་ལྡན་ཡིན་ན་ཅིན་ཆིན་95%འདོན་ཐུབ།
3.ཚད་བཟུང་ནས་སྟེར་གསོ་བྱེད་དགོས། ཆིན་ཀ་འདུས་པའི་གཟན་ཆས་གཅིག་རྐྱང་སྟེར་གསོ་བྱེད་མི་འོས་ལ། གཟན་ཆས་གཞན་དང་སྡེབ་ནས་སྟེར་གསོ་བྱེད་དགོས། ཆིན་ཀ་འདུས་ཚད་1/5ལས་མི་བརྒལ་བ་བྱས་ཏེ་གཟན་ཆས་གཞན་དང་སྡེབ་ནས་སྟེར་གསོ་བྱེད་དགོས།
4.འཚོ་བཅུད་རང་བཞིན་གྱི་དུག་འབྱིན། ཅིན་ཆིན་སྐྱུར་སྐྱེས་ལྡན་རྫས་ཀྱིས་འབྱིབ་རྗེས་ཆིན་རྡུལ་ཕྲན་དེ་མུ་ཟི་སྐྱུར་མའེ་ཡས་སྐུལ་འདེད་འོག་ནང་ཁུལ་གྱི་མུ་ཟིས་མུ་ཟི་སྐྱར་ཚབ་བྱེད་པ་དང་འདྲེས་ནས། དུག་ཉུང་བའི་མུ་ཟི་སྐྱུར་ཚྭར་འགྱུར་ནས་གཅིག་པ་དང་མཉམ་དུ་འདོར་ཐུབ། འོན་ཀྱང་ནང་ཁུལ་གྱི་མུ་ཟི་སྐྱུར་ཚབ་མུ་ཟིས་བྱས་པའི་(S2O2-3)ཉར་ཚགས་ཚད་ལ་ཚད་བཀག་ཡོད་པས། སྐྱེ་ལྡན་ཆིན་ཀ་མངར་མོ་འདུས་པའི་གཟན་ཆས་ཁྲོད་མུ་ཟི་སྐྱར་མུ་ཟིས་ཚབ་བྱས་པ་བསྣན་ན། དུག་འབྱིན་ནུས་པ་མཐོར་འདེགས་གཏོང་ཐུབ། དུས་རྒྱུན་སྤྱོད་པ་ནི་ཏན་ཨཱན་སྐྱུར་ཡིན།
5.སྐྱེ་དངོས་སྐྱེ་འཕེལ་བྱུང་དུས་སུ་དུག་རྫས་གྲུབ་ཆའི་ཚད་ཀྱི་འགྱུར་ཚུལ་གྱི་ཆོས་ཉིད་ངོས་འཛིན་དང་ཚད་དང་ལྡན་པའི་སྒོ་ནས་བེད་སྤྱོད་བྱེད་ཤེས་དགོས། དཔེར་ན། ཁྲེ་རྒོད་དང་མ་རྨོས་ལོ་ཏོག་གི་ལོ་འདབ་སྙེ་མ་མ་བཏང་བའི་སྔོན་ལ་གཟན་ཆས་བྱེད་མི་རུང་པ་དང་སྐྱེ་ཚད་སྨི་1.5ལ་ཐོན་རྗེས་ད་གཟོད་སྔོ་སྐམ་དང་གསོག་ཉར་སྒྲིག་སྦྱོར་བྱས་ནས་སྒོ་ཕྱུགས་ལ་སྟེར་གསོ་བྱེད་དགོས། དེ་ནི་གཟན་ཆས་འདི་རིགས་དང་འདྲེས་པའི་ཆིན་ཆིན་སྐྱུར་(氢氰酸)སྔོ་སྐམ་དང་གསོག་ཉར་སྒྲིག་སྦྱོར་གྱི་གོ་རིམ་ཁྲོད་ཡལ་བར་བཟོ་དགོས།
6.ཆིན་མེད་པ་དང་ཆིན་འདུས་ཚད་དམའ་བའི་སྐྱེ་དངོས་འདེམས་པ། གཟན་ཆས་ནང་གི་སྐྱེ་ལྡན་ཆིན་ཀ་མངར་མོ་དེ་སྐྱེས་དངོས་མི་འདྲ་བ་ལ་བསྟེན་ནས་ཁྱད་པ་ཆེ་ལ། དེ་བས་ཆིན་མེད་པ་དང་ཆིན་འདུས་ཚད་དམའ་བའི་སྐྱེ་དངོས་འདེམས་པ་ནི་སྐྱེ་ལྡན་ཆིན་ཀ་མངར་མོའི་གནོད་པ་སེལ་བའི་ཐབས་ཤེས་ཤིག་ཡིན། ནའེ་ཙི་ལན་དང་ཨོ་སི་ཁྲོ་རི་ལི་ཡས་ཆིན་ཉུང་བའི་འདབ་གསུམ་དཀར་པོ་རིགས་གསོ་སྐྱོང་བྱས་ཡོད་པས་གཟན་ཆས་བདེ་འཇགས་ལ་ཁག་ཐེག་བྱས་ཡོད། གལ་ཏེ་སྒོ་ཕྱུགས་ལ་ཆེན་ཆིན་སྐྱུར་རྫས་ཀྱི་དུག་ཕོག་ན་1%འདྲེས་ཚད་ཀྱི་ཟེ་ཚྭ་སྐྱུར་ཚྭ་ཁབ་རྒྱག་པ་དང་དེའི་སྤྱོད་ཚད་ནི་ལུས་ལྗིད་ཚད་སྤྱི་རྒྱ་རེ་ལ་སྨན་རྫས་ཧོ་ཁེ་གཅིག་གི་ཚད་འཛིན་དགོས། ཡང་ན་1%~2%བར་གྱི་མེ་ལན་ཞུན་མའི་དུག་སེལ་ཁབ་རྒྱག་དགོས། ལྗིད་ཚད་སྤྱི་རྒྱ་གཅིག་ལ་ཧོ་ཁེ་གཅིག་གི་ཚད་ཡིན།
བཞི། འོད་འཚེར་དངོས་རྫས།
1.འོས་འཚམ་གྱིས་སྒྲིག་སྦྱོར་དང་ཚད་ལྡན་གྱི་སྟེར་གསོ། འོད་འཚེར་དངོས་རྫས་འདྲེས་ཚད་མཐོ་བའི་གཟན་ཆས་སྟེར་གསོ་བྱེད་སྐབས་ངེས་པར་དུ་ཚད་དང་ལྡན་པའི་སྒོ་ནས་སྟེར་དགོས་པ་ལས་ཚད་བརྒལ་ནས་སྟེར་གསོ་བྱེད་མི་རུང་།
2.ཉི་འོད་ལ་རྫི་གསང་ཆེ་བའི་གཟན་ཆས་སྟེར་གསོ་བྱེད་སྐབས་ཉི་འོད་དང་འཕྲད་མི་རུང་བ་ཤེས་དགོས།
3.གལ་ཏེ་སྒོ་ཕྱུགས་ལ་ཟས་དུག་ཕོག་པ་ཤེས་ཚེ་མྱུར་དུ་གཟན་ཆས་སྟེར་མཚམས་འཇོག་དགོས་པར་མ་ཟད་ཉི་འོད་དང་གཡོལ་དགོས།
4.ཟས་དུག་ཕོག་ཟིན་པའི་སྒོ་ཕྱུགས་ལ་སྨན་བཅོས་བྱེད་པ་དང་ཡང་ན་སྲན་སྣུམ་དང་མིའི་བཟོས་ཚྭ་ཆུས་རྒྱུ་མ་བཤལ་འཁྲུ་བྱེད་དགོས། དེ་ལས་གཞན་པིན་ཧའི་ལ་མིན(苯海拉明)སོགས་ཀྱི་རྩེག་ཁབ་རྒྱག་པ་དང་ཡང་ན་སྨན་སྣུམ་བྱུག་ན་ཕྱི་ལྤགས་ཟ་འཕྲུག་ལངས་བ་འགོག་ཐུབ།
ལྔ། གྲོད་ཁོག་སྦོས་པའི་ནད།
1.སྙེ་མའི་རིགས་ཅན་གྱི་གཟན་ཆས་དང་མཉམ་སྟེར་བྱེད་པ། སྒོ་ཕྱུགས་ལ་མཐའ་གཅིག་ཏུ་སྲན་རིགས་གཟན་ཆས་ཁོ་ན་སྟེར་གསོ་བྱེད་མི་རུང་ལ་ཚད་དང་ལྡན་པའི་སྒོ་ནས་སྙེ་མའི་རིགས་ཅན་དང་མཉམ་བསྲེས་བྱེད་དགོས། ཡང་ན་གཟན་རྩྭ་འདེབས་པའི་དུས་སུ་རིགས་དེ་གཉིས་བསྲེས་ནས་འདེབས་པ་དང་སྲན་རིགས་གཟན་རྩྭ་འདྲེས་ཚད་50%ལས་མང་མི་རུང་།
2.དུས་ལྟར་བེད་སྤྱོད་དང་བདག་གཉེར་བྱེད་པ། སྒོ་ཕྱུགས་ཀྱིས་མེ་ཏོ་མ་བཏང་བའི་སྲན་རིགས་གཟན་རྩྭ་ཟ་མི་རུང་བ་དང་བཀྲེས་ལྟོགས་ཀྱི་དུས་སུ་སྲན་རིགས་རྩྭ་རའི་ནང་དུ་ཤོར་ནས་ཚད་མེད་དུ་ཟ་མི་རུང་། སྒོ་ཕྱུགས་སྲན་རིགས་གཟན་རྩྭའི་རྩྭ་ར་ནང་དུ་མ་སོང་བའི་སྔོན་དུ་སྙེ་མ་རིགས་ཅན་གྱི་གཟན་ཆས་སོགས་སྟེར་གསོ་བྱེད་དགོས། སྒོ་ཕྱུགས་ཀྱིས་སྲན་རིགས་གཟན་ཆས་མང་དུ་ཟོས་ན་གྲོད་ཁོག་སྦོས་པའི་ནད་འབྱུང་བར་སླ།
3.རྫས་འགྱུར་རྫས་ཀྱིས་གྲོད་ཁོག་སྦོས་ནད་ལ་སྔོན་འགོག་བྱེད་པ། སྒོ་ཕྱུགས་ལ་གྲོད་ཁོག་སྦོས་ནད་སྔོན་འགོག་གི་ནུས་པ་ལྡན་པའི་སྨན་རྫས་བྱིན་ན་ཡང་ཕན་པ་ཡོད། དེ་ལས་གཞན་གཏེར་རྒྱུའི་སྣུམ་དང་སྐྱེ་དངོས་སྣུམ་སོགས་ལ་འགོག་བཅོས་ཀྱི་ནུས་པ་ཡོད། གོང་གི་སྨན་རྫས་ཀྱི་ཆ་རྐྱེན་མི་འཛོམས་ན་ཚྭ་ཆུ་ལ་ཡང་གྲོད་ཁོག་སྦོས་པ་ལ་འགོག་བཅོས་བྱེད་པའི་ནུས་པ་ཡོད།
4.སྒོ་ཕྱུགས་ཀྱི་གྲོད་ཁོག་སྦོས་ནད་ལ་ཕན་པའི་གཟན་རྩྭ་འདེབས་གསོ་བྱེད་པ། སྒོ་ཕྱུགས་ཀྱི་གྲོད་ཁོག་སྦོས་པའི་ནད་འགོག་བཅོས་བྱེད་པའི་གཞི་རྩའི་ཐབས་ནི་ནད་འགོག་རང་བཞིན་ཡོད་པའི་གཟན་རྩྭ་འདེབས་གསོ་བྱེད་རྒྱུ་དེ་ཡིན། དཔེར་ན་རྩྭ་ཏན་ཉིང་ནི་གྲོད་ཁོག་སྦོས་ནད་འགོག་བཅོས་བྱེད་པའི་དངོས་རྒྱུ་ལྡན་པའི་གཟན་རྩྭ་ཡིན་། གལ་ཏེ་རྩྭ་འདིའི་གཞི་རྒྱུ་སྲན་རིགས་གཟན་རྩྭའི་ནང་བསྲེས་ནས་བེད་སྤྱོད་བྱེད་ཐུབ་ན་སྒོ་ཕྱུགས་ཀྱི་གྲོད་ཁོག་སྦོས་ནད་ཕལ་ཆེར་རྩ་བ་ནས་འགོག་བཅོས་བྱེད་ཐུབ་པ་རེད།
དྲུག །རེངས་འཁུམ་ནད་རྟགས་དང་དེའི་འགོག་བཅོས་ཐད་ཀྱི་གཟན་རྩྭ།
མེག(镁)རྫས་ཉུང་བའི་རྩྭ་རའི་ནང་དུ་ཡུན་ཧྲི་དཀར་བོའི་རྡོ་ཐལ་བེད་སྤྱད་ན་སྒོ་ཕྱུགས་ཀྱི་རེངས་འཁུམ་གྱི་ནད་འགོག་པ་ལ་ཕན་པ་ཆེན་པོ་ཡོད། མེག་ལྡན་ལུད་རྫས་ཀྱིས་གནད་དོན་ཀུན་ཐག་གཅོད་ཐུབ་པ་མ་ཡིན་ཏེ། རྒྱུ་མཚན་ནི་རྩྭ་རའི་ཆུ་འདྲེས་ཚད་མཐོ་བའི་གཟན་རྩྭས་མེག་རྫས་ཀྱི་བཅུད་ཆ་ཚང་ལེན་མི་ཐུབ་པའི་ཕྱིར་རོང་གི་ཞིང་ས་འགའ་ཤས་ནང་དུ་ལིན་ལུད་སྦྱར་ན་གནད་དོན་འདི་ཐག་གཅོད་ཐུབ་པའི་ནུས་པའང་ཡོད། སྲན་རིགས་གཟན་རྩྭའི་ནང་ལྔེ་རྫས་འདྲེས་ཚད་མཐོ་བས་སྙེ་མ་ཅན་གྱི་གཟན་རྩྭ་ལ་གནད་དོན་འདི་འབྱུང་བའི་ངེས་པ་མེད། ཡིན་ཡང་སྲན་རིགས་གཟན་རྩྭ་དགུན་ཟླ་གནམ་གཤིས་འཁྱགས་དུས་སུ་སྐྱེ་བའི་ནུས་ཤུགས་ཞན་པས་མེ་ཏོག་མ་བཏང་བའི་སྲན་རིགས་གཟན་རྩྭ་སྟེར་གསོ་བྱས་ན་གོང་གི་རེངས་འཁུམ་གྱི་གནད་དོན་འབྱུང་ངེས་ཡིན། ཅུང་བློ་གཏོད་འོས་པའི་ཐབསའེཤེས་ནི་རིམས་ནད་འབྱུང་སླ་བའི་དུས་ཚིགས་སུ་ལྔེ་རྫས་འདྲེས་ཚད་མཐོ་བའི་གཏེར་རྒྱུ་སྦྱོར་རྟ་སྦྱར་ན་གྲུབ་འབྲས་དེ་བས་ལེགས་སོ།
དོན་ཚན་གཉིས་པ། དུག་རྫས་འདྲེས་ཚད་དམའ་བའི་གཟན་རྩྭའི་དུག་སེལ་ལས་སྣོན། ལས་སྣོན་དང་ཚན་རིག་དང་མཐུན་པའི་སྟེར་གསོ།
གཟན་ཆས་རྒྱུ་ཆའི་ཐོན་ཁུངས་བེད་སྤྱོད་ཀྱི་རྒྱ་ཇེ་ཆེར་གཏོང་བའི་ཆེད་དུ་དུག་རྫས་འདྲེས་ཚད་དམའ་བའི་གཟན་རྩྭ་ཁ་ཤས་ཚན་རིག་གི་ཚད་དང་མཐུན་པའི་སྒོ་ནས་སྒྲིག་སྦྱོར་དང་། དུག་སེལ་འཚོ་བཅུད་སོགས་འོས་འཚམས་སྦྱར་ནས་སྒོ་ཕྱུགས་ལ་སྟེར་གསོ་བྱེད་ཆོག་པའི་གཟན་ཆས་སྤུས་ལེགས་ཅན་བཟོ་ཐུབ།
གཅིག །རྩྭ་འདབ་གསུམ་གྱི་དུག་རྫས་སྔོན་འགོག
1.སྟེར་གསོ་ཚོད་འཛིན། གཟན་རྩྭ་འདི་རིགས་གཟན་རྩྭ་གཞན་དག་དང་བསྲེས་ནས་སྟེར་གསོ་བྱེད་པ་ལས་ཁེར་རྐྱང་དུ་སྟེར་གསོ་བྱེད་པའི་དུས་ཚོད་རིང་ན་སྒོ་ཕྱུགས་ཀྱི་བདེ་ཐང་ལ་གནོད་པ་ཡོད། སྒོ་ཕྱུགས་ཀྱི་འཚོ་གནས་སུ་གཟན་རྩྭ་བསྲེས་འདེབས་བྱེད་སྐབས་སྙེ་མ་རིགས་ཅན་གྱི་གཟན་རྩྭའི་བསྡུར་ཚད་ནི1∶2་ལྟར་བསྲེས་དགོས།
2.སྔོ་གཟན་གསོག་ཉར། གཟན་རྩྭ་གཞན་དག་དང་མཉམ་དུ་གསོག་ཉར་བྱས་ན་དུག་རྫས་འདྲེས་ཚད་ཇེ་ཉུང་དུ་གཏོང་བར་ཕན་པ་ཡོད།
3.སྔོ་སྐམ་དང་ཡང་ན་རྩྭ་ཕྱེ་སྒྲིག་སྦྱོར་བྱེད་པ། རྩྭ་འདབ་གསུམ་སྔོ་སྐམ་དུ་བཏང་རྗེས་དེའི་དུག་རྒྱུ་འདྲེས་ཚད་ཇེ་ཉུང་དུ་འགྲོ་ངེས་པས་རྩྭ་འདབ་གསུམ་སྔོ་སྐམ་དང་རྩྭ་ཕྱེ་ཅན་དུ་སྒྲིག་སྦྱོར་བྱས་ན་དུག་རྒྱུ་སེལ་བུའི་ཕན་ནུས་ཡོད། སྒོ་ཕྱུགས་ལ་ཟས་དུག་ཕོག་པའི་རྣམ་འགྱུར་ཡོད་ན་མྱུར་དུ་སྟེར་མཚམས་འཇོག་དགོས་ལ་སྨན་བཅོས་བྱེད་མི་དགོས། མཚམས་བཞག་ནས་ཉིན་6~8གྱི་རྗེས་སུ་མི་མཐུད་དུ་སྟེར་གསོ་བྱེད་ཆོག
གཉིས། འབུ་སུ་ཧང་གི་དུག་སེལ་ལས་སྣོན་དང་སྔོན་འགོག
1.ལུགས་མཐུན་གྱི་སྡེབ་སྒྲིག འབུ་སུ་ཧང་སྔོ་འབྲེག་བྱས་ནས་སྒོ་ཕྱུགས་ལ་སྟེར་གསོ་བྱེད་དུས་གཟན་རྩྭ་གཞན་དག་དང་མཉམ་བསྲེས་བྱས་ནས་སྟེར་གསོ་བྱེད་པ་ལས་འབུ་སུ་ཧང་གཅིག་པུ་སྟེར་གསོ་བྱེད་མི་རུང་། སྒོ་ཕྱུགས་ཀྱི་འཚོ་གནས་སུ་གཟན་རྩྭ་བསྲེས་འདེབས་བྱེད་རྒྱུ་གལ།
2.སྔོ་སྐམ་དང་ཡང་ན་རྩྭ་ཕྱེ་སྒྲིག་སྦྱོར་བྱེད་པ། འབུ་སུ་ཧང་སྔོ་སྐམ་བྱས་རྗེས་དེའི་ཆལ་རྒྱུ་འདྲེས་ཚད་ཇེ་ཉུང་དུ་འགྲོ་ངེས་ཡིན།
3.སྔོ་གཟན་གསོག་ཉར། གསོག་ཉར་བྱེད་པའི་གོ་རིམ་ཁྲོད་སྐྱེ་ལྡན་སྐྱུར་འདྲེས་ཚད་ཇེ་མཐོར་སོང་ན་དེའི་ཆལ་རྒྱུ་ཇེ་ཉུང་དུ་འགྲོ་སྲིད། འབུ་སུ་ཧང་བསིལ་སྐམ་དང་ཡང་ན་རྨོ་འདེབས་བྱེད་དུས་གཟན་རྩྭ་གཞན་རིགས་དང་མཉམ་བསྲེས་བྱས་ན་གཟན་ཆས་སྤུས་ལེགས་སྒྲིག་སྦྱོར་བྱེད་ཐུབ།
4.མཁྲེས་རྒྱུ་གཤེར་རྩི་དང་ཡང་ན་རྒྱུ་དེ་འདྲེས་པའི་རྒྱུ་དངོས་སྦྱོར་བ། ཆལ་རྒྱུ་དང་མཁྲེས་རྒྱུ་གཤེར་རྩི་གཉིས་མཉམ་བསྲེས་བྱས་ན་མཉམ་འདུས་ཕུང་བོ་འབྱུང་སྲིད་པས་གཟན་ཆག་ཁྲོད་ཀྱི་ཆལ་རྒྱུ་ཇེ་ཉུང་དུ་གཏོང་བའི་ནུས་པ་ལྡན།
གསུམ། ཧྲ་ཏ་ཝང་(沙打旺)གི་དུག་སེལ་ལས་སྣོན།
1.སྔོ་སྐམ་དང་ཡང་ན་རྩྭ་ཕྱེ་སྒྲིག་སྦྱོར་བྱེད་པ། ཧྲ་ཏ་བང་གསོག་ཉར་བྱེད་པའི་གོ་རིམ་ཁྲོད་བྱུང་བའི་སྐྱེ་ལྡན་སྐྱུར་སྒོ་ཕྱུགས་ཀྱི་ཁ་ལ་མི་རན་པས་དེ་སྔོ་སྐམ་དང་ཡང་ན་རྩྭ་ཕྱེ་ཅན་དུ་སྒྲིག་སྦྱོར་བྱས་ནས་རྒྱུ་སྤུས་མཐོ་རུ་བཏང་ཆོག
2.སྔོ་གཟན་གསོག་ཉར། གཟན་ཆས་ཧྲ་ཏ་བང་གསོག་ཉར་བྱེད་པའི་དུས་སུ་སྐྱེ་ལྡན་སྐྱུར་དང་3ཟེ་ཚ་སྐྱུར་མ་པིན་སྐྱུར་དང་འདྲེས་ན་དུག་ནུས་ཆུང་དུ་འགྲོ་པས་སྒོ་ཕྱུགས་ལ་ཕན་པའི་གཟན་རྩྭ་ཡག་ཤོས་ཡིན། ལྡད་རྒྱག་སྲོག་ཆགས་དང་ཕོ་གཅིག་སྲོག་ཆགས་ཀྱིས་གཟན་ཆས་དེ་རིགས་ཟ་བར་ཧ་ཅང་དགའ་བོ་ཡོད།
3.སྟེར་གསོ་ཚོད་འཛིན་པ།
གཟན་ཆས་ཧྲ་ཏ་བང་ནོར་དང་སྐྱུག་ལྡད་སྒོ་ཕྱུགས་ལ་སྟེར་གསོ་བྱེད་སྐབས་གཟན་ཆས་གཞན་དག་དང་མཉམ་བསྲེས་བྱས་ན་ཕན་ནུས་དེ་བས་ཆེ། དཔེར་ན་ཕག་ལ་གཟན་ཆས་འདི་སྟེར་སྐབས་ཉིན་གང་གི་གཟན་ཆས་ཀྱི་15%~30%ཙམ་དང་ཁྱིམ་བྱའི་གསོ་ཚད་ནི་ཉིརྣ་གང་གི་གཟན་ཆས་སྟེར་ཚད་ཀྱི་3%~5%བར། རི་བོང་ལ་20%~50%བར་གྱི་ཚོད་འཛིན་དགོས། གཟན་ཆས་འདི་རིགས་ཀྱིས་རིལ་བུ་ཅན་གྱི་གཟན་ཆས་སྒྲིག་སྦྱོར་བྱས་ན་ཉ་རིགས་སྲོག་ཆགས་ལ་སྟེར་གསོ་བྱ་རྒྱུར་ཡང་ཕན་ནུས་ཧ་ཅང་ཆེ།
བཞི། རྩི་ཏོག་ཆུང་བའི་་དུག་སེལ་ལས་སྣོན།
གཟན་རྩྭ་ཏོག་ཆུང་གི་དུག་སེལ་ལས་སྣོན་བྱེད་ཐབས་གོང་གི་གཟན་རྩྭ་ཧྲ་ཏ་བང་དང་མཐུན།
ལྔ། རྒྱ་སྤོས་ཀྱི་དུག་སེལ་དང་སྔོན་འགོག
1.དུས་ལྟར་བརྔ་བསྡུ་བྱེད་པ། རྒྱ་སྤོས་ནང་དུ་སྲན་མ་དྲི་ཞིམ་གྱི་རྒྱུ་འདྲེས་ཚད་ཆེས་མཐོ་དུས་ནི་གང་བུ་བྱུང་བ་ནས་མེ་ཏོག་གཏོང་བའི་དུས་ཡིན། རྒྱུ་ཆའི་ཁྲོད་ཀྱི་སྲན་མ་དྲི་ཞིམ་འདྲེས་ཚད་ཉུང་དུ་གཏོང་བའི་ཆེད་དུ་རྩྭ་རྒྱ་སྤོས་ཀྱི་གང་བུ་གཏོང་མགོ་མ་ཚུགས་པའི་སྔོན་ལ་བརྔ་བསྡུ་བྱེད་དགོས།
2.ལས་སྣོན་དང་སྒྲིག་སྦྱོར། རྒྱ་སྤོས་སྒྲིག་སྦྱོར་བྱེད་དུས་བརྔ་བསྡུ་བྱས་མ་ཐག་པའི་སྔོ་རྩྭ་ས་ཐོག་ནས་ཉི་འོད་ཀྱིས་སྐམ་པ་དང་དེ་རྗེས་བསིལ་སྐམ་བྱེད་དགོས། ཐབས་འདིས་རྒྱུ་ཆའི་ཁྲོད་ཀྱི་སྲན་མ་དྲི་ཞིམ་གྱི་ཚད་70%~75%མེད་པར་བཟོ་ཐུབ་པར་མ་ཟད་དེའི་སྐྱུར་དྲི་ཡང་ལེན་ཐུབ། སྒྲིག་སྦྱོར་གྱི་གོ་རིམ་ཁྲོད་རྒྱུ་ཆའི་ཆུ་འདྲེས་ཚད་དང་དྲོད་ཚད་ཚོད་བཟུང་ནས་སྐྱུར་མི་ལངས་པ་དང་སྲན་མ་དྲི་ཞིམ་གྱི་རྫས་དྲི་གཉིས་གྲུབ་ཅན་དུ་མི་འགྱུར་བ་ལ་སྔོན་འགོག་བྱེད་དགོས།
3.ཆུར་སྦང་ནས་དུག་སེལ་བ།
སྲན་མ་དྲི་གཉིས་གྲུབ་ཅན་མཐོ་བའི་རྒྱ་སྤོས་ཆུར་སྦང་ནས་དུག་མ་སེལ་གོང་ལ་སྒོ་ཕྱུགས་ལ་སྟེར་གསོ་བྱེད་མི་རུང་། ཆུར་སྦང་བའི་དུས་སུ་རྩྭ་ཕྱེ་དང་ཆུའི་བསྡུར་ཚད་ནི་1∶8ཚད་བྱས་ནས་དུས་ཚོད་24་ཙམ་ལ་སྦང་རྗེས་དེའི་ནང་གི་སྲན་མ་དྲི་ཞིམ་གྱི་དངོས་རྒྱུ་84%དང་སྲན་མ་དྲི་གཉིས་ཅན་གྱི་འདྲེས་ཚད་41%མེད་པར་བཟོ;ཐུབ། ཐབས་འདི་ལས་གཞན་ད་རུང་1%གི་ཚད་ལྡན་པའི་རྡོ་རྩི་ཆུའི་ནང་དུས་ཚོད4~8ལ་སྦང་རྗེས་ཆུ་གཙང་མས་བཀྲུས་ནས་སྒོ་ཕྱུགས་ལ་སྟེར་གསོ་བྱེད་ཆོག
4.སྟེར་གསོ་ཚོད་འཛིན་པ།
གཟན་རྩྭ་འདི་རིགས་ཀྱང་གཟན་ཆས་གཞན་དག་དང་མ་བསྲེས་བར་སྒོ་ཕྱུགས་ལ་སྟེར་གསོ་བྱེད་མི་རུང་། སྒོ་ཕྱུགས་ཀྱིས་གཟན་ཆས་འདི་རིགས་ཟས་རྗེས་གཙང་ཆུ་ཉུང་ངུ་འཐུང་ན་ལེགས། གལ་ཏེ་སྒོ་ཕྱུགས་ལ་ཟས་དུག་ཕོག་པའི་རྣམ་པ་ཡོད་ཚེ་ངེས་པར་དུ་རྒྱ་སྤོས་སྟེར་མཚམས་འཇོག་དགོས་པར་མ་ཟད་འཚོ་བཅུད་Kལྡན་པའི་སྔོ་གཟན་སྟེར་དགོས། དུག་ཕོག་པའི་གནས་ཚུལ་ཅུང་ལྗིད་ན་འཚོ་བཅུད་འདི་རིགས་སྒོ་ཕྱུགས་ལ་ཐད་ཀར་ཁ་ལྡུད་བྱེད་དགོས།
དྲུག །ཁྲེ་རྒོད།
ཁྲེ་རྒོད་གྱི་རིགས་སུ་གཏོགས་པའི་སྐྱེ་དངོས་ཀྱི་འབྲས་བུའི་ནང་དུ་སྒོ་ཕྱུགས་ལ་གནོད་པའི་དུག་རྫས་ཏན་ཉིན(单宁)ཞེས་པ་དེ་ཡོད།
དུག་རྫས་ཏན་ཉིན་སེལ་ཐབས་དང་སྔོན་འགོག
1.འཕྲུལ་ཆས་ཀྱིས་འབྲས་བུའི་ཤུན་ལེན་པ། ཏན་ཉིན་ནི་སྐྱེ་དངོས་ཀྱི་འབྲས་བུ་ནང་དུ་གནས་པས་ཤིང་ཏོག་གི་ཕྱི་ཤུན་བཀོག་རྗེས་སུ་དུག་དེ་རིགས་ཀྱི་འདྲེས་ཚད་ཇེ་ཉུང་དུ་གཏོང་ཐུབ།
2.འབྲས་བུ་ཆུར་སྦང་བ། དུག་རྫས་ཏན་ཉིན་ཆུར་ཞུན་སླ་བས་སྐྱེ་དངོས་ཀྱི་འབྲས་བུ་གཙང་ཆུས་དུས་ཚོད་2ཙམ་སྦང་བ་དང་ཡང་ན་སྐར་མ་5་ཙམ་ལ་ཆུས་བཙོས་ན་རྒྱུ་ཆའི་ནང་གི་དུག་རྫས་70%ལེན་ཐུབ། འོན་ཀྱང་ཆུར་སྦང་བ་དང་བཙོ་བས་དུས་རིང་མི་རུང་། གལ་ཏེ་ཆུར་སྦང་བའི་དུས་ཚོད་རིང་དྲག་ན་དུག་སེལ་མི་ཐུབ་པར་མ་ཟད་ཕྱི་ཤུན་ཐོག་གི་དུག་རྫས་འབྲས་བུའི་ནང་སྙིང་ཐོག་ལ་འགོས་ནས་རྒྱུ་ཆའི་སྤུས་ཀ་དེ་བས་ཇེ་ཞེན་དུ་འགྲོ་ངེས་ཡིན། གཟན་རྩྭ་སྦང་བྱེད་ཀྱི་ཆུ་སྒོ་ཕྱུགས་ཀྱིས་འཐུང་མི་རུང་།
3.སྔོ་སྐམ་བྱེད་པ། བརྔ་བསྡུ་བྱས་མ་ཐག་པའི་ཁྲེ་རྒོད་སྔོ་སྐམ་བྱས་ན་ཡང་དེའི་ནང་གི་80%ཡན་གྱི་དུག་རྫས་ཏན་ཉིན་མེད་པར་བཟོ་ཐུབ།
4.ལུགས་མཐུན་གྱིས་གཟན་ཆས་སྒྲིག་སྦྱོར་བྱེད་པ། ཁྲེ་རྒོད་གྱི་ཁོངས་སུ་གཏོགས་པའི་གཟན་ཆས་སྒོ་ཕྱུགས་ལ་སྟེར་གསོ་བྱེད་སྐབས་ངེས་པར་དུ་སྔོ་གཟན་རིགས་གཞན་དག་དང་ཡང་ན་སྤྲི་དཀར་འདྲེས་ཚད་མཐོ་བའི་གཟན་རྩྭ་བསྲེས་དགོས་པར་མ་ཟད་གཏེར་རྒྱུ་དང་འཚོ་བཅུད་ཁ་སྣོན་བྱེད་དགོས། གཟན་ཆས་འདི་རིགས་སྒོ་ཕྱུགས་ལ་ཉིན་རེའི་ཟ་ཚད་ཀྱི་20%ཡན་སྟེར་མི་རུང་།
བདུན། དབྱིན་ཧོ་ཧོན།(银合欢)གྱི་དུག་སེལ་དང་སྔོན་འགོག
1.སྒོ་ཕྱུགས་ཀྱི་ཁ་ལ་རན་པའི་སྙེ་མ་རིགས་ཅན་གྱི་གཟན་རྩྭ་དང་བསྲེས་འདེབས་བྱེད་པ་དང་། ཕྱུགས་ཀྱི་ཟ་ཚད་ལ་ཚོད་འཛིན་བྱེད་དགོས།
2.སྙེ་མ་རིགས་ཅན་གྱི་གཟན་རྩྭ་དང་མཉམ་བསྲེས་བྱས་ནས་སྒོ་ཕྱུགས་ལ་སྟེར་གསོ་དང་། ཡང་ན་སྔོ་གཟན་གསོག་ཉར་བྱས་ན་དེའི་རྒྱུ་ཆའི་ནང་འདྲེས་པའི་དུག་རྫས་48.4%ཙམ་ལས་མེད་པར་བཟོ་ཐུབ།
3.གཟན་ཆས་འདིའི་ནང་སྒོ་ཕྱུགས་ལ་ཟས་དུག་ཕོག་པའི་གྲུབ་ཆ་ལྡན་པས་ཉིན་རེའི་སྟེར་ཚད་ལ་ཚད་འཛིན་དགོས། དཔེར་ན་ཕྱུགས་རིགས་ཀྱི་ཉིན་གཅིག་གི་གཟན་ཆས་ཀྱི་བསྡུར་ཚད་ནི། ནོར་ནག་ལ་30%དང་། ཕག་ལ་10%། ལུག་དང་ཤྭ་སོགས་ལ་60%ཙམ་ཡིན།
4.གཟན་རྩྭ་འདི་རིགས་ཀྱི་ལོ་འདབ་གཙང་ཆུ་ནང་དུས་ཚོད་12གཡས་གཡོན་དུ་སྦང་ནས་སྔོ་སྐམ་བྱས་རྗེས་སྒོ་ཕྱུགས་ལ་སྟེར་གསོ་བྱེད་ཆོག་པའོ། །