ངེས་པར་དུ་ཤེས་དགོས་པའི་ནགས་ཚལ་ རྩྭ་ཐང་མེ་འགོག་ཤེས་བྱ།

རྣམ་དཀར་ལྷ་མོ་དང་དོན་གྲུབ་ཆོས་སྒྲོན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-08


ཁྲོན་ནུབ་མཐོ་སྒང་གི་མཚོ་འཕགས་ཆ་སྙོམས་སྨི་3500ཡན་ཡིན་པས། ནགས་ཚལ་དང་རྩྭ་ཐང་ལ་གནམ་གཤིས་དང་། ས་གཤིས་གྱི་ཤུགས་རྐྱེན་ཐེབས་པས་མེ་སྐྱོན་འབྱུང་སླ། ནགས་ཚལ་མེ་སྐྱོན་ནི་ཐོལ་བྱུང་གི་གཏོར་བརླག་ཚབས་ཆེ་བར་མ་ཟད། རོགས་སྐྱོབ་དང་ཐག་གཅོད་བྱེད་དཀའ་བའི་རང་བྱུང་གནོད་འཚེ་ཞིག་རེད་འདུག

གཞི་གྲངས་ལྟར་ན། 2010ལོ་ནས་2019ལོའི་བར་དུ། མེ་སྐྱོན་བྱུང་རྐྱེན་རྩད་ཆོད་མཐའ་གསལ་བྱུང་བའི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཁྲོད། མིས་བཟོས་རྒྱུ་རྐྱེན་ལས་བྱུང་བ་བརྒྱ་ཆ་97ཡན་ཟིན་འདུག འཛམ་གླིང་ཡོངས་ལ་ཆ་སྙོམས་ཀྱིས་ལོ་རེར་ནགས་ཚལ་གྱི་མེ་སྐྱོན་ཐེངས་ཁྲི་20དང་། མེར་འཚིག་པའི་ནགས་ཚལ་གྱིས་འཛམ་གླིང་ཡོངས་ཀྱི་ནགས་ཚལ་སྤྱིའི་རྒྱ་ཁྱོན་གྱི་སྟོང་ཆ་1ལྷག་ཟིན་ཡོད། ཀྲུང་གོར་ལོ་རེའི་ཆ་སྙོམས་གྱི་ནགས་ཚལ་མེ་སྐྱོན་ཐེངས་ཁྲི་1ཡས་མས་འབྱུང་བཞིན་ཡོད་ལ། ནགས་ཚལ་སྤྱི་ཆིང་བཅུ་ཕྲག་ནས་བརྒྱ་ཕྲག་མེར་འཚིག་ཅིང་། རྒྱལ་ཡོངས་ནགས་ཚལ་སྤྱིའི་རྒྱ་ཁྱོན་གྱི་སྟོང་ཆ་5ནས་8བར་ཟིན་འདུག

གནོད་འཚེ།

ཤིང་ནགས་བརླག་པ་དང་རྩི་ཤིང་ཐོན་ཁུངས་མེར་འཚིག་པ། རི་སྐྱེས་སྲོག་ཆགས་ཀྱི་ཚེ་སྲོག་བརླག་པ་མ་ཟད། ས་ཆུ་ཤོར་བ་དང་ཆུ་བོའི་སྨད་རྒྱུད་ཀྱི་ཆུའི་སྤུས་ཚད་ཇེ་ཞན་འགྱུར་བཞིན་ཡོད། དེ་མིན་མཁའ་དབུགས་འབག་བཙོག་བཟོ་བ་དང་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཉེན་ཁ་བཟོ།

སྤྱིར་བཏང་དུ་དཀར་མཛེས་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་མེ་འགོག་དུས་ཡུན་ནི་ལོ་རེའི་ཟླ་10པའི་ཚེས་1ཉིན་ནས་ཕྱི་ལོའི་ཟླ་6པའི་ཚེས་30ཉིན་བར་ཡིན་ལ། རྔ་བ་ཁུལ་གྱི་ནགས་ཚལ་མེ་འགོག་དུས་ཡུན་ནི་ལོ་རེའི་ཟླ་11པའི་ཚེས་1ཉིན་ནས་ཕྱི་ལོའི་ཟླ་6པའི་ཚེས་30ཉིན་བར་རེད་འདུག །དེའི་ཁྲོད་ལོ་རེའི་ཟླ་1པོའི་ཚེས་1ཉིན་ནས་ཕྱི་ལོའི་ཟླ་5པའི་ཚེས་31ཉིན་བར་ནི་ཁུལ་གཉིས་ཀྱི་ནགས་ཚལ་གྱི་མེ་སྐྱོན་འབྱུང་ཉེན་ཆེ་བའི་དུས་སྐབས་ཡིན། དེ་བཞིན་དུ་རྫོང་དང་གྲོང་ཁྱེར་སོ་སོས་ས་གནས་རང་གི་དངོས་ཡོད་གནས་ཚུལ་ལྟར་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དུས་ཡུན་དང་མེ་སྐྱོན་འབྱུང་ཉེན་ཆེ་བའི་དུས་སྐབས་ཕྱིར་འཐེན་བྱེད་པའང་སྲིད། 

ནགས་ཚལ་མེ་འགོག་གི་མི་ཆོག་པ་བཅུ།

ནགས་ཁུལ་དུ་མེ་སྤྱོད་མི་ཆོག་པ་དང་། མེ་སོན་འཁྱེར་ནས་རི་མགོར་འགྲོ་མི་ཆོག

严禁林区一切野外用火,不准携带火种进山;

ས་རྒོད་སྲེག་པ་དང་། རྨོ་ཞིང་གི་རྩྭ་བསྲེག་མི་ཆོག

不准炼山烧荒、烧田埂草;

ནགས་ཁུལ་དུ་ཤོག་བུ་བསྲེག་པ་དང་བསང་གཏོང་བ། ཤོག་སྦག་སྦར་པ་བཅས་བྱ་མི་ཆོག

不准在林区烧纸、烧香、燃放烟花爆竹;

རི་ནང་དུ་རི་དྭགས་རྔོན་པ་དང་མེ་སྦར་ནས་གཅན་གཟན་བདའ་མི་ཆོག

不准在野外狩猎,放火驱兽;

མཚན་མོར་ནགས་ཁུལ་དུ་དཔལ་འབར་ཐོགས་ནས་ལམ་ལ་འགྲོ་མི་ཆོག

不准夜间在林区点火把照明行路;

ནགས་ཁུལ་ནས་ཐ་མག་འཐེན་མི་ཆོག་ལ། རླངས་འཁོར་ནས་དུ་སྣེ་གང་འདོད་འཕེན་མི་ཆོག

不准在林区吸烟,乘车时向外扔烟头;

དམིགས་བསལ་མི་ཚོགས་དང་ལོ་ན་མ་སོན་པའི་བྱིས་པ་ནགས་ཁུལ་ནས་མེ་རྩེད་བྱེད་དུ་འཇུག་མི་ཆོག

不准特殊人群及未成年儿童进入林区玩火;

མེ་མཐོང་ན་སྙན་སེང་མ་ཞུ་བ་དང་རོགས་མི་བྱེད་པའི་གནས་ཚུལ་འབྱུང་མི་ཆོག

不准见火不报、不救;

ནགས་ཁུལ་དུ་མེ་སྦར་ནས་དྲོད་ལེན་པ་དང་ཚ་ཕོག་རྒྱག་མི་ཆོག

不准在林区烤火取暖、生火野炊;

ནགས་ཚལ་མེ་ཟོན་གྱི་དྲིལ་བསྒྲགས་བྱང་བུ་དང་རྒྱང་ལྟའི་སྟེགས་བུར་གཏོར་བཤིག་གཏོང་མི་ཆོག

不准破坏森林防火宣传牌、瞭望台(哨)。



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1