༄༅།།སྨྱུ་གུ་བཟོ་སྟངས།

རྩོམ་པ་པོ། ཚེ་རིང་དབང་རྒྱལ་གྱིས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 03-22


དང་པོ་སྨྱུག་མའི་སྨྱུ་གུ་ལ་རིང་ཐུང་མཐོ་གང་ལྷག་ལས་མི་རིང་བ་དང་། སོར་བརྒྱད་ལས་མི་རིང་བར་བྱ། སྨྱུག་མའི་རྒྱབ་རྩི་རང་སར་བཞག་པ་ལས་འབྲད་མི་རུང་། གཡས་གཡོན་ནས་སྨྱུག་རྫིང་དང་སྨྱུག་རྩེ་ཇེ་ཕྲ་བཏང་སྟེ་གཞོག  འགྲམ་གཉིས་ཅུང་ཟད་ཟླུམ་ན་མཐེ་མཛུབ་ཀྱིས་དཀྱུ་བདེ། སྨྱུག་རྟིང་རྩེ་མོ་ཁབ་རྩེ་ལྟར་རྣོ་བར་བྱ། སྨྱུག་རྩེ་སོར་གང་ཙམ་གཞལ་མཚམས་ནས་གྲིས་གཞོག་ཅིང་། མགྱོགས་པོ་འབྲི་བྱེད་ལ་རྫིང་གས་ཆེ་ཙམ་བྱ། ལེགས་པར་འབྲི་བྱེད་ལ་རྫིང་གས་ཆུང་ཙམ་བྱ།དབུ་ཅན་འབྲི་བྱེད་ལ་གཡོན་ངོས་སུ་གསེག་ཆེར་བྱ། དབུ་མེད་འབྲི་བྱེད་ལ་གཡས་ངོས་སུ་གསེག་ཆུང་སོགས་བྱ།

ལྕགས་ཀྱི་སྨྱུག་རྩེ་གསར་དུ་གཅོད་སྐབས་སྣག་ཆུ་འཇུ་དཀའ་བ་དང་། རྩེ་མོ་རྣོ་ཆེ་བ་བཅས་འབྱུང་བས་རྡོ་སོགས་རྩུབ་པོའི་རིགས་ལ་མི་བརྡར་བར་རས་དང་ཤོག་མཐུག་གི་ངོས་ལ་བརྡར་ཏེ་འཇམ་ལ་ཕབ་ན་བཟང་། ཡི་གེ་ཆུང་ངུའི་རིགས་འབྲི་བྱེད་ལྕགས་ཀྱི་སྨྱུ་གུ་ལེགས་ཀྱང་ཡིག་ཆེན་རིགས་འབྲི་བྱེད་མི་བཟང་།

ས་སྨྱུག་གིས་ཡིག་ཆེན་ཚད་ལྡན་དང་ཡིག་འབྲུ་ཆེ་ཙམ་འབྲི་དགོས་ན་ལོགས་གཉིས་ནས་ཅུང་ཟད་གཞོག་པའམ་ཡང་ན་དུམ་བུར་གཏུབ་ནས་འབྲི་བ་ལས་ཐབས་གཞན་མེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1