དཀར་མཛེས་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཆོས་ལུགས་ཅུས་ཀྱིས་དར་མདོའི་ས་འགུལ་གནོད་ཐེབས་ཁུལ་གྱི་དགོན་པར་ཞལ་འདེབས་སྒོར་ཁྲི་40ཕུལ་ཡོད།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྲིགས། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-30


ཞལ་འདེབས་འབུལ་བཞིན་པའི་ཡུལ་དངོས།

             སྤྱི་ཟླ་12པའི་ཚེས་24ཉིན། དཀར་མཛེས་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཆོས་ལུགས་ཅུས། ཁུལ་ནང་བསྟན་མཐུན་ཚོགས། ཁུལ་བོད་རིག་པའི་ཞིབ་འཇུག་ཁང་བཅས་ཀྱིས་གྲུབ་པའི་ལས་སྒྲུབ་ཚོ་ཆུང་དར་མདོ་རྫོང་གི་བཀྲ་ཤིས་དགོན་པ་དང་ལྷ་སྒང་དགོན་པ། རྟའུ་རྫོང་གི་མགར་ཐར་དགོན་པ་དང་ཅིག་ལུང་དགོན་པ་བཅས་ས་འགུལ་ཁྲོད་དུ་གནོད་སྐྱོན་ཚབས་ཆེན་ཐེབས་པའི་དགོན་བ་བཞི་རུ་ཕྱིན་ནས་ཞལ་འདེབས་སྒོར་ཁྲི་40ཕུལ་ཡོད།

             དར་མདོའི་གནོད་ཐེབས་དགོན་པར་ཞལ་འདེབས་ཕུལ་བའི་མཛད་སྒོ་དེ་དར་མདོའི་བཀྲ་ཤིས་དགོན་དུ་སྤེལ་ཞིང་། དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཏོན་ནེ་ཁའེ་ཡིས་མངགས་བཅོལ་གནང་བ་ལྟར་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཚངས་དཀར་ཚུལ་ཁྲིམས་ཀྱིས་གནོད་ཐེབས་གྲྭ་བཙུན་རྣམས་ལ་མཛའ་བརྩེའི་འཚམས་འདྲི་ཞུས་ཐོག ཀྲུང་དབྱང་དང་ཞིང་ཆེན། ཁུལ། རྫོང་བཅས་ཀྱིས་དགོན་པའི་གནོད་རྗེས་བསྐྱར་སྐྲུན་ལས་ཀར་མཐོང་ཆེན་གནང་བཞིན་ཡོད་ཚུལ་བཤད་པར་མ་ཟད། སི་ཁྲོན་གྱི་འགུལ་འགོག་གནོད་སེལ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཁྱིམ་གཞིས་བསྐྱར་འཛུགས་སྔར་ལས་ཡག་པོ་བྱ་དགོས་པའི་སྐུལ་མ་བཏང་། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1