ཧིན་ཉི་དང་སིང་གྷ་ཕོར་གྱི་དམག་གི་གནམ་གྲུ་སྤྱད་དེ་འཚོལ་ཞིབ་བྱེད་བཞིན་པ།
སྤྱི་ཟླ་12པའི་ཚེས་28ཉིན། ཧྥ་རན་སིའི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་དོན། ཨེ་ཤེ་ཡ་མཁའ་འགྲུལ་སྤྱི་གཉེར་ཁང་གི་ཧིན་དྷུ་ཉི་ཞི་ཡ་ནས་སིང་གྷ་ཕོར་དུ་འཕུར་བསྐྱོད་བྱེད་བཞིན་པའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་འབྲེལ་བ་ཆད་ཡོད་ལ། གནས་ཚུལ་ཐོན་རྗེས་ཧིན་ཉི་དང་སིང་གྷ་ཕོར་གྱི་དམག་གི་གནམ་གྲུ་སྤྱད་དེ་འཚོལ་ཞིབ་བྱས་ཡོད་ཀྱང་འགྲུལ་སྐྱེལ་གནམ་གྲུའི་གནས་ཚུལ་ཅི་ཡང་ཤེས་རྟོགས་བྱུང་མི་འདུག
གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཨེ་ཤེ་ཡ་མཁའ་འགྲུལ་སྤྱི་གཉེར་ཁང་དང་ཧིན་ཉི་འགྲིམ་འགྲུལ་པུའུ་ཡི་འགོ་གཙོ་ཡིས། འགྲུལ་སྐྱེལ་གནམ་གྲུ་དེ་འཕུར་བསྐྱོད་བྱེད་པའི་ཁྲོད་དུ་གནམ་གཤིས་ངན་པ་དང་འཕྲད་པས་ཡིན་སྲིད་ཅེས་བཤད། འབྲེལ་བ་ཆད་པའི་ཨེ་ཤེ་ཡ་མཁའ་འགྲུལ་སྤྱི་གཉེར་ཁང་གི་འགྲུལ་སྐྱེལ་གནམ་གྲུ་དེའི་ནང་ཁྱོན་བསྡོམས་མི་གྲངས་162ཡོད་པ་དང་། དེའི་ཁྲོད་དུ་འགྲུལ་བ་མི་གྲངས་155དང་གནམ་གྲུའི་ལས་བྱེད་མི་སྣ་7བཅས་ཡོད་ལ། དེ་དག་གི་ཁྲོད་དུ་མ་ལེ་ཞི་ཡའི་མི་157དང་། ཁོ་རེ་ཡ་ལྷོ་མའི་མི་3། དབྱིན་ཇིའི་མི་1། སིང་གྷ་ཕོར་གྱི་མི་1བཅས་ཡོད། གནམ་གྲུའི་ཐོག་ཀྲུང་གོའི་མི་མེད་པར་བཤད། །
ཧིན་ཉི་དང་སིང་གྷ་ཕོར་གྱི་དམག་གི་གནམ་གྲུ་སྤྱད་དེ་འཚོལ་ཞིབ་བྱེད་བཞིན་པ།