དཀར་མཛེས་ཁུལ་གྱི་འབའ་ཐང་ཡུལ་སྐོར་འཚམས་སྦྱོར་ཚོགས་འདུ་དང་འབའ་ཐང་རིག་གནས་ཡུལ་སྲོལ་གོམས་གཤིས་འགྲེམ་སྟོན་བྱེད་སྒོ་དེ། 2015ལོའི་སྤྱི་ཟླ་1པོའི་ཚེས་6ཉིན་ནས་ཚེས་8བར་ཁྲེན་ཏུའུ་གྲོང་ཁྱེར་ཅིན་ལི་ནས་གཟབ་རྒྱས་ངང་སྤེལ་རྒྱུ་ཡིན་ལ། བྱེད་སྒོ་འདི་བརྒྱུད་དེ། འབའ་ཐང་གི་ཡུལ་སྐོར་དང་ཚོང་ལས་ཀྱི་ལས་གཞི་འཚམས་སྦྱོར་བྱ་རྒྱུ་དང་། འབའ་ཐང་གི་ཡུལ་སྐོར་ཐོན་རྫས་འགྲེམ་ཚོང་བྱ་རྒྱུ། འབའ་ཐང་གི་མི་རིགས་སྣ་མང་གི་རིག་གནས་འགྲེམ་སྟོན་བཅས་བྱ་རྒྱུ་རེད། མིག་སྔར། ཕྱོགས་བསྡུས་མཐུན་སྦྱོར་ཚོ་ཆུང་གིས་སྤྱི་གཉེར་ཁང་གི་ལས་ཀ་ལག་བསྟར་ཡག་པོ་བྱེད་པ་དང་། གྲོས་ཚོགས་ཀྱི་ལས་དོན། ཁྱབ་བསྒྲགས་སྤེལ་བ། རིག་རྩལ་གྱི་ལེ་ཚན། ཡུལ་སྐོར་ཐོན་རྫས། རྒྱབ་སྐྱོར་འགན་ལེན། ཡུལ་སྐོར་མ་འཇོག་སྤྱི་གཉེར་ཁང་སོགས་ཀྱི་ལས་ཀའི་ཚོ་ཆུང་དང་ལས་ཁུངས་ཀྱིས་གྲ་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད། དཀར་མཛེས་ཁུལ་གྱི་འབའ་ཐང་ཡུལ་སྐོར་འཚམས་སྦྱོར་ཚོགས་འདུ་དང་འབའ་ཐང་རིག་གནས་ཡུལ་སྲོལ་གོམས་གཤིས་འགྲེམ་སྟོན་བྱེད་སྒོའི་གྲ་སྒྲིག་ལས་ཀའི་འཕེལ་རིམ་བདེ་བླག་ཡིན། །