གཟན་ཆས་གསོག་འཇོག་བྱེད་པར་ཕན་པའི་ཐབས་མཆོག་བཞི།
ཚེ་འཛིན་སྒྲོལ་དཀར་གྱིས་བསྡུ་སྒྲིག་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-31
1.ཆུ་འདུས་ཚད་འོས་འཚམ་ཡིན་པ།
ཆུ་འདུས་ཚད་60%ནས་70%ཡོད་པའི་སྐབས་སུ་གསོག་འཇོག་བྱས་པའི་གཟན་ཆས་ནི་ཆེས་བཟང་བ་ཡིན་ལ་ཆུ་འདུས་ཚད་དམའ་དྲགས་ན་སྐྱུར་བསྙལ་ལེགས་པོ་མི་ཐུབ་པས་ནོར་ལུག་གི་ཁ་ལ་མི་འཕྲོད།
2.རིང་ཐུང་མཉམ་པ།
གསོག་འཇོག་མ་བྱས་པའི་ཡར་སྔོན་དུ་མ་རྨོས་ལོ་ཏོག་གི་སོག་རྐང་ངམ་གཟན་རྩྭའི་རིང་ཐུང་འཇལ་དགོས། ལི་སྨི་1ནས་2ཡིན་ན་འོས་འཚམ་ཡིན་ལ། རིང་དྲགས་ན་སྐྱུར་བསྙལ་ལེགས་པོ་བྱེད་མི་ཐུབ། ཡིན་ཡང་ཆུ་འདུས་ཚད་དམའ་བའི་མ་རྨོས་ལོ་ཏོག་གི་སོག་རྐང་དང་ཕྱུགས་རྩྭ་ཅུང་ཐུང་ཡང་ཆོག
3.མཁའ་དབུགས་ཕྱིར་གཏོང་བ།
གཟན་ཆས་མཛོད་ལ་འཇུག་སྐབས་བཅག་བཅག་བྱས་ནས་མར་གནོན་དགོས་ལ་འདྲུད་འཐེན་འཁོར་ལོ་བེད་སྤྱད་ནས་ཡང་དང་བསྐྱར་ཏུ་བཅག་བཅག་བྱས་ཆོག སྤྱིར་བཏང་དུ་མཐུག་ཚད་ལི་སྨི་30ནས་50ཡོད་དུས་བཅག་བཅག་ཐེངས་གཅིག་བྱས་པས་ཆོག དེའི་རྗེས་4དོང་ཞབས་ནས་གཟན་ཆས་ལ་སྐྱོན་ཤོར་བ་འགོག་པ།
(1)དོང་ཞབས་ལ་ལི་སྨི་20ཡོད་པའི་གྲོ་སོག་སྐམ་པོ་དང་འབྲས་སོག་སྐམ་པོ་གདིང་བ།
(2)དོང་ཞབས་སུ་ཞེང་ལ་ལི་སྨི་20དང་གཏིང་ལ་ལི་སྨི་20ཡོད་པའི་ཆུ་སྐ་བཟོས་ནས་ཕྱི་ལ་སྦྲེལ་བ།
(3)ས་ངོས་སུ་བསྐྲུན་ཡོད་པའི་མཛོད་ཀྱི་ཤབས་ནི་སྣེ་གཅིག་མཐོ་ལ་སྣེ་གཅིག་དམའ་བའི་རྣམ་པ་ལྟར་བཟོས་ནས་སྣེ་ར་སྦུག་གུ་བཞག་ནས་ཆུ་འབྱིན་དགོས། །