《ཁ་བཏགས་དཀར་པོ》ནི་དགོན་པ་དང་གྲྭ་བཙུན་ཚོ་ལ་ཕུལ་བའི་བཀྲ་ཤིས་ཁ་བཏགས་ཡིན།

གུ་རུ་རྡོ་རྗེས་བསྒྱུར། རྩོམ་སྒྲིག་པ།ཚུལ་བཟང་།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-05


    ཏང་དང་སྲིད་གཞུང་གི་གསུང་སྐད་བོད་འབྲེལ་ས་ཁུལ་གྱི་གྲོང་སྡེ་དང་འབྲོག་ས། དགོན་པ། དགེ་འདུན་པ་དང་དད་ལྡན་མང་ཚོགས་ཀྱིས་གོ་ཐུབ་པ་དང་། བོད་འབྲེལ་ས་ཁུལ་མང་ཚོགས་ལ་ཏང་གི་གསུང་སྐད་དང་དྲོད་ཁོལ། ཐུགས་ཁུར་བཅས་བརྒྱུད་སྤྲོད་བྱ་ཆེད། རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་རྫོང་༼གྲོང་ཁྱེར༽སོ་སོའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དག་ལ་རིན་མེད་ངང་《ཁ་བཏགས་དཀར་པོ》(བོད་ཡིག་པར་མ)མངག་ཉོ་བྱས།

    གཟི་ཚ་སྡེ་དགུ་ནང་བསྟན་མཐུན་ཚོགས་ཀྱིས་དཔྱིད་གསར་དུས་ཆེན་སྐབས་སུ་དགོན་འབྲེལ་གྲྭ་འབྲེལ་བྱས་ཏེ་ཆོས་ལུགས་ཀྱི་ཚབ་བྱེད་མི་སྣར་འཚམས་འདྲི་ཞུས་པ་དང་། དུས་ཐོག་ཏུ་རྫོང་ཡོངས་ཀྱི་དགོན་སྡེའི་གྲྭ་ཚང་ལ་《ཁ་བཏགས་དཀར་པོ》ཕུལ་བ་དང་། གྲྭ་ཚང་རྩ་འཛུགས་བྱས་ཏེ་《ཁ་བཏགས་དཀར་པོ》དུས་དེབ་ཀྱི་ནང་དོན་ལ་སློབ་སྦྱོང་བྱས།

    གཟི་ཚ་སྡེ་དགུ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐལ་བཟང་རིན་ཆེན་དགོན་པ་རེ་རེར་ཕེབས་ནས་འཚམས་འདྲི་དང་ལས་ཀ་བརྟག་དཔྱད། བརྟག་ཞིབ་བྱེད་དུས་ཁོང་གིས་《ཁ་བཏགས་དཀར་པོ》ལེགས་སྐྱེས་བྱས་ཏེ་དགེ་འདུན་པར་ཕུལ་པ་དང་། ཚང་མ་རྩ་འཛུགས་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་དང་དུས་དེབ་དུ་བཀོད་པའི་ཏང་དང་མི་རིགས་ཆོས་ལུགས་སྐོར་གྱི་སྲིད་ཇུས་དང་ཁྲིམས་ལུགས་སྐོར་ལ་སློབ་སྦྱོང་བྱས།
    དགོན་སྡེ་སོ་སོའི་དགེ་འདུན་པ་ཚོས་《ཁ་བཏགས་དཀར་པོ》ཞེས་པའི་དུས་དེབ་དེར་ཧ་ཅང་དགའ་པོ་བྱེད་པ་དང་གཟི་ཚ་སྡེ་དགུ་རྫོང་ནང་བསྟན་མཐུན་ཚོགས་ལ་སྙིང་དབུས་ནས་བཀའ་དྲིན་ཞུ་བཞིན་འདུག །རྩུབ་མ་དགོན་གྱི་དགེ་འདུན་པ་རྒན་པ་ཡོན་འགྲུབ་ཆུང་བས་དེ་སྔ་རང་ཉིད་ཀྱིས་རྒྱ་ཡིག་མི་ཤེས་པ་དང་། ཚགས་པར་དང་དུས་དེབ་ཀྱང་མི་ཤེས་པར་བརྟེན་རྫོང་ནང་བསྟན་མཐུན་ཚོགས་ཀྱིས་བྱིན་བའི《ཁ་བཏགས་དཀར་པོ》ཞེས་པའི་དུས་དེབ་འབྱོར་རྗེས། པར་དང་ཡི་གེ་ཟུང་འབྲེལ་བྱས་ཡོད་ལ། དེའི་སྟེང་དུ་བོད་ཡིག་པར་གཞི་ཡིན་པས། རང་ཉིད་ཀྱིས་གཏིང་ཟབ་སྒོས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་ཚན་རིག་རིག་གནས་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་ཐུབ་པ་མ་ཟད། རྒྱལ་སྤྱི་དང་རྒྱལ་ནང་གི་དུས་བབ་ལའང་རྒྱུས་མངའ་གསལ་པོ་བྱུང་བས་ཏང་ལ་ཐུགས་རྗེ་ཞུ་བ་དང་། ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་ང་ལ་བསམ་པའི་རྒྱགས་ཕྱེ་བསྩལ་བར་མ་ཟད། ང་ཚོར་ཏང་གི་གསུང་སྐད་ཀྱང་བསྣམས་བྱུང་བས་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་ཞེས་བརྗོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1