༄༅། །རྩོམ་བསྡུའི་བརྡ་ཐོ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-06


    ཐོག་མར་རྒྱ་ཆེའི་ཀློག་པ་པོ་ཡོངས་ལ་སྤྱི་ལོའི་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་བ་དང་། ལོ་གསར་པའི་ནང་སྐུ་ཉིད་ཀྱི་བྱ་བ་ལེགས་འགྲུབ་དང་ཚེ་རིང་ནད་མེད་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། 《གངས་ལྗོངས་ཉི་གཞོན།》དང་《ཁ་བཏགས་དཀར་པོ།》བོད་ཡིག་དུས་དེབ་གཉིས་ནི་སི་ཁྲོན་གྱི་ཞིང་ཆེན་རིམ་པའི་དུས་དེབ་གཉིས་ཡིན་ཞིང་། དེ་ཡང་འདི་ནི་ང་ཚོའི་བསམ་བློ་བརྗེ་རེས་དང་བརྒལ་བརྟག་བྱེད་སའི་ཤེས་རིག་གི་ཞིང་ས་གཤིན་པོ་ཞིག་ཡིན་ལ། སྤྱི་ཚོགས་འཚོ་བའི་འཕེལ་རིམ་དང་འགྱུར་ལྡོག་གསལ་རྗེན་དུ་སྟོན་པའི་ཆ་འཕྲིན་གྱི་མེ་ལོང་དྭངས་མ་ཞིག་ཀྱང་ཡིན། རྒྱ་ཆེའི་སྨྱུག་ཐོགས་པ་ཀུན་དང་ཀློག་པ་པོ་ཡོངས་ཀྱི་རྒྱབ་སྐྱོར་དང་ཐུགས་ཁུར་ལ་བརྟེན་ནས། དུས་དེབ་འདི་གཉིས་ཀྱི་རྣམ་པ་དང་ནང་དོན་གང་ཅིའི་ཐད་འཐུས་སྒོ་ཇེ་ཚང་དང་། ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད་ལ། ད་རེས་ཀྱང་རྣམ་དཔྱོད་མཁའ་ལྟར་ཡངས་པའི་རྒྱ་ཆེའི་སྨྱུག་ཐོགས་པ་ཀུན་གྱིས་རྩོམ་ལུས་འདྲ་མིན་གྱི་རྩོམ་ཡིག་དང་སྤུས་ལེགས་པར་རིས་མུ་མཐུད་ནས་བསྐུར་གནང་ཡོང་བར་ང་ཚོས་དགའ་བསུ་གྲངས་མེད་ཞུ་རྒྱུ་ཡིན།

ས་གནས། སི་ཁྲོན་ཁྲེན་ཏུའུ་གྲོང་ཁྱེར་ཚོང་ལས་ཁྲོམ་ལམ་སྒོ་རྟགས་ཨང་3པ་《ཁ་བཏགས་དཀར་པོ།》རྩོམ་སྒྲིག་ཁང་།

འབྲེལ་བ་བྱ་ཡུལ། འོད་ཟེར།

ཁ་པར་ཨང་གྲངས། 028-86602127 13340963777

ཡིག་སྒྲོམ། swzdyg@163.com


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1