ཁམས་བྲག་མགོ་རྫོང་དུ་ས་མིང་རིག་གནས་སྐོར་གྱི་ཚོགས་འདུ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-21



     ཟླ4པའི་ཚེས19ཉིན་དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་། (ཁུལ་རྩོམ་སྒྱུར་ལྟེ་གནས)དང་བྲག་མགོ་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྣེ་ཁྲིད་སྒྲིག་འཛུགས་བྱས་ཏེ་བྲག་མགོ་རྫོང་དུ《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ས་མིང་རིག་གནས་འགྲེལ་བཤད》(བྲག་མགོའི་ཆེད་དེབ)ཀྱི་རྩོམ་སྒྲིག་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། བྲག་མགོ་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་བྲག་མགོ་རྫོང་དམངས་སྲིད་ཅུས། བྲག་མགོ་རྫོང་རྩོམ་པ་པོ་མཐུན་ཚོགས་སོགས་ཀྱི་འབྲེལ་ཡོད་མི་སྣ་ཚོགས་འདུར་ཞུགས་པ་རེད། བྲག་མགོ་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཤའོ་གོ་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང(ཁུལ་རྩོམ་སྒྱུར་ལྟེ་གནས)གི་རྩོམ་སྒྲིག་མི་སྣས་རྩོམ་སྒྲིག་ལས་དོན་སྐོར་གསལ་བཤད་བྱས་པ་རེད།
     དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང(ཁུལ་རྩོམ་སྒྱུར་ལྟེ་གནས)གི་མགོ་གཙོ་ལིའུ་ཁང་ཧྥེ་ཡིས་མངགས་བཅོལ་ལྟར་བྲག་མགོ་རྫོང་གི་ས་མིང་རིག་གནས་འགྲེལ་བཤད་ལས་དོན་གྱི་རྒྱབ་ལྗོངས་དང་བརྒྱུད་རིམ་རྩོམ་སྒྲིག་བྱས་པར་ལོ་རྒྱུས་ཀྱི་རིན་ཐང་དང་དངོས་ཡོད་ཀྱི་དོན་སྙིང་ལྡན་པའི་ངོ་སྤྲོད་མདོར་བསྡུས་བྱས་པར་མ་ཟད་བྲག་མགོ་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱིས་ལས་དོན་དེར་ཚད་མཐོའི་ཁས་ལེན་ཡང་བྱས་པ་རེད། ས་མིང་ནི་ས་ཁོངས་རིག་གནས་ཀྱི་གཞི་རྟེན་གལ་ཆེན་ཞིག་དང་ཀྲུང་ཧྭའི་ཤེས་དཔལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། དེབ་དེ་རྩོམ་སྒྲིག་བྱས་པ་དེས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་ཐུབ་པར་མ་ཟད། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་ཡག་པོ་བཏང་ཡོད་པས་རིག་གནས་ཀྱི་གདེང་ཚོད་ཆེ་རུ་ཏན་ཏིག་གཏོང་བའི་ཞིབ་ཕྲའི་བྱ་ཐབས་ཤིག་རེད།
     ཚོགས་འདུའི་ཐོག་རྩོམ་སྒྲིག་མི་སྣས་ལིའུ་ཁང་ཧྥེ་ཡིས་བྲག་མགོ་རྫོང་གི་ས་མིང་རིག་གནས་འགྲེལ་བཤད་རྩོམ་སྒྲིག་ལས་དོན་ཐད་བླང་བྱ་ཁག་བཞི་བཏོན་པ་སྟེ། གཅིག་ནི་རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དང་། གཉིས་ནི་འགན་འཁྲིའི་ལས་བགོས་ཁ་གསལ་བཟོ་དགོས། གསུམ་ནི་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། བཞི་ནས་ལས་ཀའི་མཉམ་ཤུགས་ཤིག་ཆགས་པ་བྱས་ནས་སྤུས་ཚད་མཐོ་བ་དང་ལས་ཆོད་ཆེ་བའི་སྒོ་ནས་རྩོམ་སྒྲིག་ལས་དོན་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས།
     ཚོགས་འདུའི་ཐོག་བྲག་མགོ་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཤའོ་གོ་ཆང་དང་། བྲག་མགོ་རྫོང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ལུའོ་ཏན། བྲག་མགོ་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧུའུ་ལེང་པིན། བྲག་མགོ་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཉི་མ་ནོར་བུ་སོགས་ཚོགས་ཞུགས་མི་སྣས་བྲག་མགོ་རྫོང་གི་ས་མིང་རིག་གནས་འགྲེལ་བཤད་ཀྱི་ནང་དོན་ལ་དམིགས་ནས་དོན་དངོས་དང་ཟུང་འབྲེལ་གྱིས་བརྟག་དཔྱད་དང་། འཚོལ་བསྡུ། དག་བཅོས། ལེགས་སྒྲིག། རྩོམ་སྒྲིག་ཞིབ་བཤེར། རིགས་པས་ཁུངས་སྐྱེལ། ཞིབ་བཤེར་སོགས་ཐད་དམིགས་སའི་རང་བཞིན་ལྡན་པའི་བསམ་འཆར་དང་གྲོས་མགོ་བཏོན་པ་རེད། འབྲེལ་ཡོད་ཀྱི་འབྲེལ་གཏུག་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱས་ཏེ་ས་མིང་རིག་གནས་འགྲེལ་བཤད་ཀྱི་གོམ་སྟབས་རྗེས་མའི་ཁ་གསབ་དང་། འཐུས་ཚང་། ཞིབ་བཤེར་གཏན་འབེབས་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1