༄༅།། ཟྭ་པོའི་ཕན་ཡོན་འདི་དག་ཁྱེད་ཀྱིས་མཁྱེན་ནམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 04-21


       《སྔོ་སྨན་རྩྭ་འགྲེལ》(本草纲目)ནང་ཟྭ་པོ་ནི་འཁན་པ་དང་རུག་པ་སོགས་ཀྱི་སྔོ་སྨན་དང་འདྲ་པོ་ཡོད་ནའང་ཁ་དོག་དེ་ལས་སྔོ་བ་ཡོད། ཟྭ་པོའི་སྡོང་རྐང་ལི་སྨི་50ནས་100ཙམ་བར་འཚར་ཐུབ་པ་དང་ཚེར་སྤུ་མང་པོ་ལྡན་ཞེས་འཁོད་ཡོད། 
       བརྟག་དཔྱད་ལས་མངོན་པར། ཟྭ་པོའི་སྡོང་པོ་དང་ལོ་མའི་སྟེང་དུ་ཚེར་མ་ཕྲ་མོ་བ་སྤུ་ལྟ་བུ་ཁྱབ་པར་སྐྱེས་ཡོད་པས། རེག་ན་ལུས་ལ་ཟུག་ནས་ན་ཟུག་སྐྱེད་པའི་རྩྭ་ལྡུམ་ཞིག་རེད། དེའི་མྱུ་གུ་ཚོད་མ་བྱེད་ཆོག་ལ་རྩྭ་སྨན་ཞིག་ཀྱང་རེད། ཡིན་ནའང་ཟྭ་པོ་ཟུག་སྐབས་ཡི་ཙི་བྱུག་ནས་གཙང་བཤལ་བཏང་ཚེ་ན་ཟུག་འཇོམས་ཐུབ། ཟྭ་པོའི་ཡན་ལག་དང་ལོ་མར་སྤྲི་དཀར་དང་། འཚོ་རྒྱུ། གོང་ལ་ཕུག་གི་འཚོ་བཅུད་བཅས་ཕུན་སུམ་ཚོགས་པོ་ལྡན་པ་མ་ཟད། ལིན་དང་། མའེ། ཤིན། ཀལ་སོགས་ཀྱི་འཚོ་བཅུད་མི་ཉུང་བ་ཞིག་ལྡན་སྟབས་ཟས་ལ་བསྟེན་ན་དུག་སེལ་དང་། བཙོག་པ་གཤོང་པ། གཉིད་ཁུག་པ་སོགས་ཀྱི་ཕན་ནུས་ལྡན། འོན་ཀྱང་ཁྲག་ཤེད་མཐོ་བའི་མིས་བརྟེན་མི་རུང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1