ཞི་ཅིན་ཕིང་གིས་དབུལ་གྲོལ་གྱི་ལམ་དུ་མི་རིགས་གཅིག་ཀྱང་ལུས་མི་རུང་། ཀྲུང་གོ་གུང་ཁྲན་ཏང་གཏམ་ཐོག་ན་ཡོད་ཅེས་གསུངས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-29


   

སྤྱི་ཟླ་4པའི་ཚེས་25ཉིན་ནས་ཚེས་27ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཀོང་ཞི་རུ་རྟོག་ཞིབ་གནང་བར་ཕེབས། འདི་ནི་ཚེས་27ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ནན་ཉིང་གྲོང་ཁྱེར་མི་རིགས་དངོས་མང་བཤམས་སྟོན་ཁང་གི་ཕྱི་རུ། གསུམ་པའི་ཚེས་གསུམ་གྱི་གླུ་རོལ་དུས་ཆེན་གྱི་མི་རིགས་རིག་གནས་བྱེད་སྒོའི་རིགས་སོ་སོའི་མང་ཚོགས་དང་མཉམ་དུ་བརྩེ་བའི་བརྗེ་རེས་གནང་བཞིན་པའི་ཚུལ་རེད།

  སྤྱི་ཟླ་4པའི་ཚེས་27ཉིན་གྱི་སྔ་དྲོར། ཀོང་ཞི་ནན་ཉིང་དུ་རྟོག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀོང་ཞི་མི་རིགས་དངོས་མང་བཤམས་སྟོན་ཁང་དུ་ཕེབས་ཏེ། ཀྲོང་རིགས་ཀྱི་ལོ་རྒྱུས་དང་རིག་གནས་གོམས་གཤིས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་། དངོས་མང་བཤམས་སྟོན་ཁང་གི་ཕྱི་རུ། “གསུམ་པའི་ཚེས་གསུམ་གྱི་གླུ་རོལ་དུས་ཆེན”གྱི་མི་རིགས་རིག་གནས་བྱེད་སྒོ་སྤེལ་བཞིན་པར། ཞི་ཅིན་ཕིང་གིས་སྐབས་སྐབས་སུ་ཕེབས་མཚམས་བཞག་སྟེ་གཟིགས་མོ་གནང་ཞོར། མི་རྣམས་ལ་ཕྱག་གཡུག་གཡུག་གིས་གུས་ལེན་གནང་བ་དང་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་ཐུགས་དགྱེས་པའི་སྒོས། ཀོང་ཞི་ལོ་འདི་དག་རིང་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། དབུལ་གྲོལ་འགག་སྒྲོལ་གྱི་ལས་འགན་ཀྱང་ལེགས་གྲུབ་བྱུང་སྟེ། མི་ཁྲི་630ལྷག་དབུལ་གྲོལ་མངོན་འགྱུར་བྱུང་ཡོད། ངས་བཤད་མྱོང་། དབུལ་གྲོལ་གྱི་ལམ་དུ་མི་གཅིག་ཀྱང་ལུས་མི་རུང་བ་དང་། མི་རིགས་གཅིག་ཀྱང་ལུས་མི་ཉན། ཀྲུང་གོ་པའི་སྐད་ཆ་དང་། ཀྲུང་གོ་གུང་ཁྲན་ཏང་གི་སྐད་ཆ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱི་སྐད་ཆར་ཡིད་རྟོན་བྱ་ཆོག །ད་ལྟ་ཀྲུང་གོ་ཡོངས་ཀྱི་མི་རིགས་56ཚང་མ་དབུལ་གྲོལ་བྱུང་བས། ང་ཚོའི་གཟི་བརྗིད་ལྡན་པའི་དམ་བཅའ་མངོན་འགྱུར་བྱུང་བ་རེད། རེད་དེ་ང་ཚོ་ད་དུང་གོམ་མཚམས་འཇོག་མི་ཉན། ད་ནས་བཟུང་ལོ་བརྒྱའི་འབད་བརྩོན་གྱི་དམིགས་འབེན་གཉིས་པའི་འགྲུལ་བཞུད་གསར་པའི་ཕྱོགས་སུ་མདུན་སྐྱོད་བྱ་དགོས་ཏེ། མི་རིགས་གཅིག་ཀྱང་ལུས་མི་རུང་། ཚང་མས་ཤུགས་རྒྱོབས། ཧུར་ཐག་གྱིས། རྒྱང་སྐྱོད་གསར་པར་སྐྱོད་ཅིག་ཅེས་གསུངས་པ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1