གླེང་སློང་།
དབུལ་གྲོལ་འགག་སྒྲོལ་བྱས་ཚུན་ཀྲུང་གོའི་དབུལ་པོ་མི་འབོར་དབྱེ་འབྱེད་དང་དུད་ཚང་ཚན་པར་བྱས་ནས་ཕྱིར་འབུད་བྱས་པ་དང་ཚད་འཇལ་གྱི་ཚད་གཞི་གཙོ་བོ་ནི་ཡོང་འབབ་གཅིག་དང་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་ཞེས་པ་དེ་རེད། ཡོང་འབབ་གཅིག་ནི་དུད་ཚང་དེའི་ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་བརྟན་པོའི་ངང་ད་ལྟ་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཚད་གཞི་ལས་བརྒལ་བ་དང་།སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་ཞེས་པ་ནི་ལྟོ་གོས་ལ་སེམས་ཁྲལ་མེད་པ་དང་། འོས་འགན་སློབ་གསོ། གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་ལ་འགན་ལེན་ཡོད་པ་དེ་རེད། ཀྲུང་གོའི་དབུལ་ཕོངས་མི་འབོར་ཕྱིར་འཐེན་གྱི་ཚད་གཞི་ནི་ཕྱོགས་བསྡུས་རང་བཞིན་གྱི་ཕྱོགས་མང་ཚད་གཞི་ཞིག་ཡིན་ཞིང་། ཡོང་འབབ་ཀྱི་ཆུ་ཚད་ཞིབ་བསྡུར་བྱེད་པར་མ་ཟད། ད་དུང་དབུལ་ཕོངས་མི་འབོར་གྱི་འཚོ་གནས་དབང་ཆ་དང་འཕེལ་རྒྱས་དབང་ཆ་མངོན་འགྱུར་བྱུང་ཚད་ལ་ཡང་བསམ་གཞིགས་བྱས་ཡོད་པས། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་གཞི་རྩའི་བླང་བྱ་མཚོན་ཡོད་པ་རེད། 《མིའི་རིགས་དབུལ་འཕྲི་ལས་ཀྲུང་གོའི་ལག་ལེན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ལས་བཤུས།
བཅོལ་གདམས་ཡིད་ལ་བཟུང་སྟེ། དབུལ་གྲོལ་འགག་སྒྲོལ་གཡུལ་འཐབ་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་བཟུང།
གནས་སྤོ་འབྲོག་པའི་བདེ་སྐྱིད་ཀྱི་འཚོ་བ། ཡིའུ་ཅན་ཀྲུང་གིས་པར་བླངས།
དྲན་གསལ་ལྟར་ན། 2018ལོའི་དཔྱིད་གསར་དུས་ཆེན་གྱི་ཡར་སྔོན་ལ། སི་ཁྲོན་གྱི་དབུལ་གྲོལ་འགག་སྒྲོལ་དེ་འགག་རྩའི་དུས་སྐབས་སུ་སླེབས་སྐབས་སྤྱི་ཁྱབ་ཧྲུའུ་ཅི་སྐུ་དངོས་སུ་ལིའང་ཧྲན་ཁུལ་དུ་ཕེབས་ནས་དབུལ་གྲོལ་འགག་སྒྲོལ་ལས་དོན་ལ་རྟོག་ཞིབ་གནང་བ་དང་། མེ་ཐབ་འགྲམ་དང་སྡོད་ཁང་གསར་པའི་ནང་ནས་སྤྱི་ཁྱབ་ཧྲུའུ་ཅི་སྐུ་དངོས་ཀྱིས་ལིའང་ཧྲན་གྱི་དབུལ་གྲོལ་འགག་སྒྲོལ་ལ་བརྟག་དཔྱད་གནང་བ་དང་ཁ་ཕྱོགས་གཏན་འཁེལ་གྱིས་སྣེ་ཁྲིད་གནང་བ་རེད།
བདེ་སྐྱིད་འཚོ་བར་མཐེ་བོང་བསྒྲེངས། མི་ལིན་གྱིས་པར་བླངས
དམག་དུང་སྒྲ་ཡིས་གཡུལ་ལ་སྐུལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བློ་བརྟན་འགྱུར་མེད་ངང་ལག་བསྟར་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ་སྔ་རྗེས་སུ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དང་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་80ལྷག་ཙམ་དང་།ཞིང་ཆེན་ཡོངས་ཀྱི་དབུལ་གྲོལ་འགག་སྒྲོལ་ཚོགས་ཆེན་ཐེངས་11 ཞིང་ཆེན་དབུལ་གྲོལ་འགག་སྒྲོལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་34བཅས་འཚོགས་ནས་སློབ་སྦྱོང་ལག་བསྟར་དང་བཀོད་སྒྲིག་ལ་སྐུལ་འདེད་བཏང་བ་རེད། བརྟག་ཞིབ་དང་བཅར་འདྲི་བྱེད་ཐེངས་རེ་རེ། ཇུས་འགོད་དང་བཀོད་སྒྲིག་བྱེད་ཐེངས་རེ་རེ་ནི་གཡུལ་ལ་སྐུལ་བའི་དམག་དུང་དང་འདྲ་བར་སི་ཁྲོན་གྱི་ས་གཞི་ཡོངས་ན་ལྷང་ངེར་གྲགས།དཔའ་ངར་ཆེན་པོས་མདུན་དུ་སྐྱོད་དེ། ཆེས་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས།
ཧུང་ཡོན་རྫོང་འོམ་ཐང་སྦྲ་གུར་ཡུལ་སྐོར་ལྟེ་གནས། བསྟན་འཛིན་ཉི་མས་པར་བླངས
སྤྱི་ཟླ་4པའི་ཚེས་9ཉིན། རེ་བས་ཁེངས་པའི་ཞིང་ཁ།——དབུལ་གྲོལ་འགག་སྒྲོལ། འབྱོར་འབྲིང་མཉམ་སྤྱོད་ཅེས་པའི་རྒྱལ་ཡོངས་ཀྱི་པར་རྒྱག་འགྲེམས་སྟོན་དེ་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་གཉེར་བ་རེད།
རྩལ་ནུས་གསོ་སྦྱོང་ལག་ཁྱེར་རག་པའི་དབྱི་རིགས་ཀྱི་གཞོན་ནུ་མ་དང་། གྲོང་མི་ཚོར་མ་རྨོས་ལོ་ཏོག་འཁྱེར་རོགས་བྱེད་པའི་རོགས་སྐྱོར་ལས་བྱེད་པ། དཔེ་ཁུག་གསར་པ་རག་རྗེས་བཞིན་ལ་འཛུམ་མདངས་འཁོར་བའི་སློབ་ཆུང་སློབ་མ་སོགས་སི་ཁྲོན་གྱི་ཡིན་པའི་ངོ་གདོང་དེ་དག་པར་ལེན་བརྩམས་ཆོས་ཁྲོད་ན་ལྷང་ལ་བུད་འདུག །དེ་ནི་ལོ་ཟླའི་འགྱུར་བག་ཁྲོད་ན་གནས་པའི་སྐད་ཅིག་གི་བདེ་སྐྱིད་ཡིན་ལ། དེ་ནི་སི་ཁྲོན་པ་དབུལ་གྲོལ་བྱས་ནས་འབྱོར་འབྲིང་ལམ་ལ་སྐྱོད་པའི་མཛེས་སྡུག་གི་རྣམ་པ་རེད།
དེའི་རྒྱབ་ཏུ་སི་ཁྲོན་གྱིས་བཙུགས་པའི་སྤྱོད་གོ་ཆོད་པའི་སྲིད་ཇུས་མ་ལག་དང་། ལས་ཀའི་མ་ལག །ལམ་ལུགས་མ་ལག་ཆ་ཚང་ཞིག་བཙུགས་ནས་དབུལ་སྐྱོར་གྱི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱས་པ་དང་ཁ་བྲལ་ཐབས་མེད་པ་རེད།
རྩེ་རིམ་གྱི་ཇུས་འགོད། 2015ལོའི་ཟླ་7པར་སི་ཁྲོན་གྱིས་རྒྱལ་ཡོངས་ཀྱི་སྔོན་ལ་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་རྣམ་པའི་ཐོག《སྟོབས་ཤུགས་གཅིག་སྡུད་བྱས་ནས་དབུལ་སྐྱོར་གསར་སྤེལ་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱས་ཏེ་གོམ་སྟབས་གཅིག་མཚུངས་ངང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་གཏན་འབེབས》བཏོན་པ་རེད། 《གཏན་འབེབས》དང《སི་ཁྲོན་ཞིང་ཆེན་གྱི་གྲོང་གསེབ་དབུལ་སྐྱོར་གསར་སྤེལ་སྲོལ་ཡིག》དང་། 《སི་ཁྲོན་ཞིང་ཆེན་གྱི་གྲོང་གསེབ་དབུལ་སྐྱོར་གསར་སྤེལ་རྩ་གནད(2011ལོ་ནས་2020ལོ་བར)》ལས་རང་རེའི་ཞིང་ཆེན་གྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་པའི“སྤྱིའི་ལམ་རིས”ཤིག་གྲུབ་པ་བྱས།
ཞིབ་ཕྲ་ཅན་གྱི་བྱེད་ཐབས། རང་རེའི་ཞིང་ཆེན་གྱིས་དབུལ་སྐྱོར་ཆེད་དོན་ཇུས་གཞི་10བཟོས་པ་མ་ཟད། ལོ་ལྟར་ལག་བསྟར་ཇུས་གཞི་འགའ་ཞིག་ཆ་སྒྲིག་ངང་བཟོས་ཏེ་ཡུལ་མི་དབུལ་པོའི་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་ཁ་ཚ་དགོས་གཏུགས་ཀྱི་དཀའ་གནད་བསལ་ནས་དབུལ་གྲོལ་འགག་སྒྲོལ་གྱི་ལག་ལེན་ལ་མཛུབ་ཁྲིད་བྱེད་པའི་བཀོལ་སྤྱོད་ལག་དེབ་ཅིག་ཏུ་གྱུར།
དཔྱད་ཞིབ་དང་ཚོད་དཔག །ལོ་ལྟར་རང་རེའི་ཞིང་ཆེན་གྱིས་མཐོ་སློབ་དང་ཚན་ཞིབ་ཁང་སོགས་ཕྱོགས་གསུམ་པའི་སྒྲིག་གཞི་སྒྲིག་འཛུགས་བྱས་ཏེ་རྫོང་དབུལ་པོ་དང་། གྲོང་ཚོ་དབུལ་པོ། མི་འབོར་དབུལ་པོ་བཅས་ཀྱི་ཕྱིར་འབུད་ལ་དཔྱད་དཔོག་བྱས་ནས་དབུལ་སྒྲོལ་ངོ་མ་དང་དབུལ་སྒྲོལ་ངོ་མ་ཐུབ་པའི་འགན་ལེན་བྱས་ཏེ་དབུལ་སྒྲོལ་གྲུབ་འབྲས་ལ་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཁག་ཐེག་ཐུབ་པ་བྱས།
དབྱི་པིན་གྲོང་ཁྱེར་ཤིང་ཝུན་རྫོང་ཆུ་རགས་མིའོ་རིགས་ཤང་ཀུའུ་ཧྥོ་ཐའེ་གྲོང་ཚོར་དེ་སྔའི་དུད་ཚང་དབུལ་པོ་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཏུ་གྱུར་པ་དང་། པ་ཀྲུང་གྲོང་ཁྱེར་ནན་ཅང་རྫོང་ཀྲེན་ཀྲེང་གྲོང་རྡལ་ཁྲང་ཐན་གྲོང་ཚོར་ཚའེ་ལིན་ཐོན་ལས་ཀྱིས་གྲོང་མིའི་འཚོ་བ་ཡར་ངོའི་ཟླ་ལྟར་འཕེལ་བ་དང་། དཀར་མཛེས་ཁུལ་སྡེ་དགེ་རྫོང་དུ་དམངས་ཁྲོད་ཀྱི་བཟོ་ཁང་ཆུང་གྲས་དབུལ་སྐྱོར་གྱི་འཁོར་ཁང་ཆེ་མོར་གྱུར་པ། ལིའང་ཧྲན་ཁུལ་མེ་ཀུའུ་རྫོང་དུ་ཐོན་ལས་གླིང་རེ་རེ་དུད་ཚང་དབུལ་པོའི་ལས་ཞུགས་བཟོ་གྲྭར་གྱུར་པ་སོགས་ངོ་མཚར་བླ་ན་མེད།
ཝུའུ་མེང་རི་ཁུལ་ནས་ཆིན་པ་རི་ཁུལ་བར། སི་ཁྲོན་ནུབ་བྱང་གི་ས་མཐོ་ནས་ལིའང་ཧྲན་ཆེ་ཆུང་གི་དབྱིས་རིགས་ས་ཁུལ་བར། ཉེ་བའི་ལོ་ཤས་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་དབུ་ཁྲིད་འོག །ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དབུལ་གྲོལ་འགག་སྒྲོལ་གྱི་དོན་ཆེན་ཨང་དང་པོ་དང་དམངས་འཚོའི་ལས་གྲྭ་ཨང་དང་པོ་འདིར་དམིགས་ནས། སེམས་ནུས་གཅིག་སྒྲིལ་དང་། འཐབ་ནུས་འདོན་པ། གནད་སྨིན་ཇུས་འདོན་བཅས་བྱས་ནས་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་ལ་དམིགས་ནས་ཡུལ་གཞན་དུ་གནས་སྤོར་དབུལ་སྐྱོར་གྱི་སྡོད་ཁང་འཛུགས་སྐྲུན་དང་། སློབ་གསོ། སྨན་བཅོས་འཕྲོད་བསྟེན། བདེ་འཇགས་འཐུང་ཆུ། གྲོང་ཚོའི་གཞུང་ལམ་ཤར་གཏོང་ཐུབ་པ་སོགས་ཀྱི་གནད་དོན་དཀའ་ངལ་ཅན་ནུས་ཤུགས་ཡོད་རྒུས་བསལ་ཏེ་ས་ཁུལ་དབུལ་པོའི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་མང་ཚོགས་དབུལ་པོའི་ཐོན་སྐྱེད་དང་འཚོ་བར་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།
གྲངས་གཞི་ལས་མངོན་པར། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་ཞིང་ཆེན་ཡོངས་ཀྱི་མི་ཁྲི་136ཡུལ་གཞན་དུ་གནས་སྤོར་དབུལ་སྐྱོར་བྱས་ནས་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་ཁྲི་62བསྒྱུར་བཀོད་བྱས་པ་དང་། དབུལ་ཕོངས་མང་ཚོགས་ཁྲི་354ཡི་ཆུ་གློག་ཤར་གཏོང་ཐུབ་པ། བདེ་འཇགས་ལྡན་པའི་སྡོད་ཁང་ནང་བསྡད་པ། མང་ཚོགས་དབུལ་པོ་ཁྲི་309ལ་བློ་བདེའི་ཆུ་འཐུང་རྒྱུ་བྱུང་བ། མི་འབོར་དབུལ་པོ་ཁྲི་510ཡི་གློག་གི་སྤུས་ཚད་མ་ལོན་པའི་གནད་དོན་ཐག་གཅོད་བྱུང་བ། ཞིང་ཆེན་དེ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་165གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞིར་བཅུག་ཡོད། 2020ལོར་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་ཁྱིམ་ཚང་དབུལ་པོའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་9480ཟིན་པ་དེ་2013ལོའི་ལོ་མཇུག་གི་ལྡབ་3.46ཡིན་པ་སོགས་གཞི་རྩའི་ལྟོ་གོས་ཐད་སེམས་ཁྲལ་མེད་པ་དང་ས་ཁུལ་དབུལ་པོའི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་བདེ་འཇགས་ཚོར་སེམས་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
གནད་སྨིན་ཇུས་འདོན་བྱས་ཏེ། རྒྱུན་མཐུད་ངང་ཉམས་པ་སླར་གསོ་དང་ཞན་ཆ་ཁ་གསབ་འགན་ལེན་བྱས་པ།
དཀར་མཛེས་ཁུལ་མི་དམངས་སྨན་ཁང་གིས་ཀོང་ཏུང་ཞིང་ཆེན་མི་དམངས་སྨན་ཁང་གཉིས་པ་དང་མཉམ་འབྲེལ་སྒོས་སེར་ཤུལ་རྫོང་དུ་རིན་མེད་སྨན་བཅོས་བྱེད་སྒོ་སྤེལ་བཞིན་པ།
བདེ་ཐང་ནི་བདེ་སྐྱིད་འཚོ་བའི་ཆེས་གལ་ཆེ་བའི་དམིགས་ཚད་ཡིན། ཉེ་བའི་ལོ་ཤས་རིང་། རང་རེའི་ཞིང་ཆེན་གྱིས་བདེ་ཐང་དབུལ་སྐྱོར་ལག་བསྟར་གཏིང་ཟབ་བྱས་པ་དང་། དབུལ་ཕོངས་མི་གྲངས་ཚང་མ་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་ལམ་ལུགས་ཀྱི་ཁྱབ་ཁོངས་སུ་ཚུད་པ་བྱས་ཡོད། ཞིང་ཆེན་ཡོངས་སུ་གཞི་རྩའི་ཆ་ནས་རྫོང་དང་ཡུལ་ཚོ། གྲོང་པ་བཅས་ཀྱི་རིམ་པ་གསུམ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མ་ལག་བསྐྲུན་ཡོད་པ་དང་། ཡུལ་ཚོ་དང་གྲོང་པ་ཡོངས་ལ་འཕྲོད་བསྟེན་ཁང་ཡོད། ནད་པ་དབུལ་ཕོངས་ཤིག་རྫོང་ཁོངས་ཀྱི་སྲིད་ཇུས་ཁྱབ་ཁོངས་ཀྱི་སྨན་ཁང་དུ་བསྡད་ཚེ་སྒེར་གྱི་སྨན་བཅོས་འགྲོ་གྲོན་དེ་10%ཡན་མི་བརྒལ་བ་ཚོད་འཛིན་བྱས་ཡོད། བོད་འབྲེལ་གྲོང་གསེབ་ཏུ་ཐུམ་འབུའི་ནད་པ་བྱུང་ཚད་ཇེ་དམའ་ཕྱིན་ནས་0.02%ལ་སླེབས་ཡོད་པ་དང་། བསྟུད་མར་ལོ་8རིང་གྲུམ་བུ་ཚིགས་ཆེན་ནད་པ་གསར་དུ་བྱུང་མེད། དབུལ་ཕོངས་མི་གྲངས་ལས་ནད་ཀྱིས་རྐྱེན་ནས་སླར་ཡང་དབུལ་ཕོངས་འགྱུར་བའི་གནས་ཚུལ་ལ་བཀག་འགོག་ནུས་ལྡན་ཐུབ་ཡོད།
དབུལ་སྐྱོར་ལ་ངེས་པར་དུ་ཤེས་རབ་སྐྱོར་དགོས། སློབ་གསོ་ནི་མི་རབས་ནས་མི་རབས་དབུལ་ཕོངས་འགྱུར་བར་འགོག་བྱེད་ཀྱི་གཞི་རྩའི་ཐབས་ཇུས་ཤིག་ཡིན། རང་རེའི་ཞིང་ཆེན་གྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་དབུལ་ཕོངས་ས་ཁུལ་གྱི་སློབ་གསོའི་ཆ་རྐྱེན་ཇེ་ལེགས་གཏོང་བཞིན་ཡོད་ལ། ཕྱོགས་ཡོངས་ནས་མི་རིགས་ས་ཁུལ་དུ་ལོ་15ལ་སློབ་ཡོན་མི་དགོས་པའི་རིན་མེད་སློབ་གསོ་དང་9+ 3རིན་མེད་ལས་རིགས་སློབ་གསོ་ལག་བསྟར་བྱེད་བཞིན་ཡོད་པ་དང་། སློབ་གསོ་དབུལ་སྐྱོར་གསར་བསྒྱུར་ལས་སློབ་གྲྭའི་འཛུགས་སྐྲུན་གྱི་ཟིན་ཚད་སྨི་གྲུ་བཞི་མ་ཁྲི་3133རྒྱ་བསྐྱེད་བཏང་ཡོད་པ། གྲོང་པ་རེ་ལ་བུ་བཅོལ་ཁང་རེ་ཞེས་པའི་བུ་བཅོལ་ས་ཚིགས་4888བསྐྲུན་པ་སོགས་སློབ་གསོའི་ནུས་པ་ཇེ་རྒྱས་སུ་བཏང་། དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་ཁྱིམ་ཚང་གི་མ་འོངས་པར་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད།
བདེ་ཐང་ནི་བདེ་སྐྱིད་འཚོ་བའི་ཆེས་གལ་ཆེ་བའི་དམིགས་ཚད་ཡིན། ཉེ་བའི་ལོ་ཤས་རིང་། རང་རེའི་ཞིང་ཆེན་གྱིས་བདེ་ཐང་དབུལ་སྐྱོར་ལག་བསྟར་གཏིང་ཟབ་བྱས་པ་དང་། དབུལ་ཕོངས་མི་གྲངས་ཚང་མ་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་ལམ་ལུགས་ཀྱི་ཁྱབ་ཁོངས་སུ་ཚུད་པ་བྱས་ཡོད། ཞིང་ཆེན་ཡོངས་སུ་གཞི་རྩའི་ཆ་ནས་རྫོང་དང་ཡུལ་ཚོ། གྲོང་པ་བཅས་ཀྱི་རིམ་པ་གསུམ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མ་ལག་བསྐྲུན་ཡོད་པ་དང་། ཡུལ་ཚོ་དང་གྲོང་པ་ཡོངས་ལ་འཕྲོད་བསྟེན་ཁང་ཡོད། ནད་པ་དབུལ་ཕོངས་ཤིག་རྫོང་ཁོངས་ཀྱི་སྲིད་ཇུས་ཁྱབ་ཁོངས་ཀྱི་སྨན་ཁང་དུ་བསྡད་ཚེ་སྒེར་གྱི་སྨན་བཅོས་འགྲོ་གྲོན་དེ་10%ཡན་མི་བརྒལ་བ་ཚོད་འཛིན་བྱས་ཡོད། བོད་འབྲེལ་གྲོང་གསེབ་ཏུ་ཐུམ་འབུའི་ནད་པ་བྱུང་ཚད་ཇེ་དམའ་ཕྱིན་ནས་0.02%ལ་སླེབས་ཡོད་པ་དང་། བསྟུད་མར་ལོ་8རིང་གྲུམ་བུ་ཚིགས་ཆེན་ནད་པ་གསར་དུ་བྱུང་མེད། དབུལ་ཕོངས་མི་གྲངས་ལས་ནད་ཀྱིས་རྐྱེན་ནས་སླར་ཡང་དབུལ་ཕོངས་འགྱུར་བའི་གནས་ཚུལ་ལ་བཀག་འགོག་ནུས་ལྡན་ཐུབ་ཡོད།
དབུལ་སྐྱོར་ལ་ངེས་པར་དུ་ཤེས་རབ་སྐྱོར་དགོས། སློབ་གསོ་ནི་མི་རབས་ནས་མི་རབས་དབུལ་ཕོངས་འགྱུར་བར་འགོག་བྱེད་ཀྱི་གཞི་རྩའི་ཐབས་ཇུས་ཤིག་ཡིན། རང་རེའི་ཞིང་ཆེན་གྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་དབུལ་ཕོངས་ས་ཁུལ་གྱི་སློབ་གསོའི་ཆ་རྐྱེན་ཇེ་ལེགས་གཏོང་བཞིན་ཡོད་ལ། ཕྱོགས་ཡོངས་ནས་མི་རིགས་ས་ཁུལ་དུ་ལོ་15ལ་སློབ་ཡོན་མི་དགོས་པའི་རིན་མེད་སློབ་གསོ་དང་9+ 3རིན་མེད་ལས་རིགས་སློབ་གསོ་ལག་བསྟར་བྱེད་བཞིན་ཡོད་པ་དང་། སློབ་གསོ་དབུལ་སྐྱོར་གསར་བསྒྱུར་ལས་སློབ་གྲྭའི་འཛུགས་སྐྲུན་གྱི་ཟིན་ཚད་སྨི་གྲུ་བཞི་མ་ཁྲི་3133རྒྱ་བསྐྱེད་བཏང་ཡོད་པ། གྲོང་པ་རེ་ལ་བུ་བཅོལ་ཁང་རེ་ཞེས་པའི་བུ་བཅོལ་ས་ཚིགས་4888བསྐྲུན་པ་སོགས་སློབ་གསོའི་ནུས་པ་ཇེ་རྒྱས་སུ་བཏང་། དབུལ་ཕོངས་ས་ཁུལ་དང་དབུལ་ཕོངསསྔོན་ཆད། སྔོ་ཚལ་འདི་དག་རིག་མ་མྱོང་ལ། སྔོ་ཚལ་འདེབས་འཛུགས་བྱས་ན་སྒོར་མོ་བསྒྲུབ་ཐུབ་རྒྱུ་དེ་བས་བསམ་མྱོང་མེད་ཅེས་ཟེར་བཞིན། རྔ་བ་ཁུལ་འཛམ་ཐང་རྫོང་ལྡ་རི་གྲོང་པས་སྐྱེ་ལྡན་སྐྱེ་ཁམས་ཀྱི་སྔོ་ཚལ་འདེབས་འཛུགས་བྱས་ནས་གྲོང་མི་རིན་ཆེན་དཔལ་ཚང་ཕྱུག་པོར་གྱུར་ཡོད།
རང་བརྟེན་རྣམ་པའི་ཐོན་ལས་དབུལ་སྐྱོར་ནི་དབུལ་ཕོངས་མང་ཚོགས་བརྟན་པོའི་ངང་དབུལ་སྒྲོལ་ཐུབ་རྒྱུའི་གནད་འགག་དེ་རེད། རང་རེའི་ཞིང་ཆེན་གྱིས་དབུལ་སྐྱོར་ཐོན་ལས་དེ་དབུལ་གྲོལ་འགག་སྒྲོལ་གྱི་རྩ་བ་བཅོས་པའི་ཇུས་གཞི་ལ་བཟུང་ནས་ནུས་ཤུགས་ཡོད་རྒུས་ཁྱད་ལྡན་སྤུས་ལེགས་ཀྱི་ཐོན་ལས་གོང་འཕེལ་བཏང་བ། གྲོང་པ་རེ་ལ་ཐོན་རྫས་རེའི་སྲིད་ཇུས་ལག་བསྟར་བྱས་པ། འདེབས་གསོའི་གཞི་ཁྱོན་ཇེ་ཆེ་དང་ཐོན་རྫས་ཀྱི་སྤུས་ཀ་ཇེ་ལེགས། ཐོན་ལས་འབྲེལ་མཐུད་ཇེ་རིང་དུ་བཏང་བ། ད་སྐབས། དབུལ་ཕོངས་རྫོང་ཚང་མ་ལ་དེང་རབས་ཞིང་ལས་ར་བ་དང་དབུལ་ཕོངས་གྲོང་པ་ཚང་མ་ལ་ཐུན་མོང་དཔལ་འབྱོར་བསྐྲུན་ཡོད་ལ། རིམ་རྩིས་བྱས་ན་ཞིང་ལས་ཐོན་ལས་ཀྱི་དབུལ་སྐྱོར་ལས་གཞི་ཁྲི་1.9ལྷག་བསྒྲུབས་ཡོད། སྤྱི་ལོ་2019ལོར་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་རྫོང་ཁག་88ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་9557.9མངོན་འགྱུར་བྱུང་ཡོད་ལ། འདི་ནི་སྤྱི་ལོ་2013ལོའི་ལྡབ་1.68འཕར་བ་རེད།
དངོས་པོའི་དབུལ་ཕོངས་ནས་གྲོལ་བ་བྱེད་པ་དང་། བསམ་པའི་དབུལ་ཕོངས་ནས་དེ་བས་གྲོལ་ཐུབ་པ་བྱ་དགོས། རང་རེའི་ཞིང་ཆེན་གྱིས་དྲིན་གཟོ་འབོད་སྐུལ་གྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། ཞིང་པའི་མཚན་མོའི་སློབ་གྲྭ་ཁྲི་4.6བཙུགས་པ་དང་། ཞིང་ཆེན་རིམ་པའི་བཞི་ཡག་གྲོང་པ་5481གསར་བསྐྲུན་བྱས་ལ། ངེས་པ་དོན་གྱིས་གོམས་སྲོལ་བསྒྱུར་བར་སྐུལ་སྤེལ་བྱས། དེ་མིན་སྐར་རིམ་སྐུལ་སློང་དང་གྲོང་མིའི་ཆ་བསགས་ལམ་ལུགས་དོ་དམ་གྱི་བསམ་བློའི་དབུལ་སྐྱོར་རྣམ་པ་སྐུལ་སྤེལ་དང་། “སྟོང་སྡེ”རིག་གནས་དབུལ་སྐྱོར་བྱེད་སྒོ། “ཁྲི་སྟོང་བརྒྱ་བཅུ”ཞེས་པའི་རྩོམ་རིག་དབུལ་སྐྱོར་བྱེད་སྒོ་ལག་བསྟར་བྱེད་པ། མང་ཚོགས་དབུལ་པོའི་ཁྲོད་གསོན་ཉམས་ནུས་པ་ཆེ་རུ་བཏང་ནས། བསམ་པའི་རྣམ་པ་དང་བསམ་གཞིགས་ཀྱི་མཐོང་རྒྱ། ཚན་རིག་གི་ངོས་ཤེས། འཚོ་བ་རོལ་སྟངས། ཁྲིམས་སྐྱོང་འདུ་ཤེས་བཅས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད།
སྤྱི་ཟླ་4པའི་ཚེས་6ཉིན། 《མིའི་རིགས་དབུལ་འཕྲི་ལས་ཀྲུང་གོའི་ལག་ལེན》ཞེས་པའི་རྒྱབ་ཤ་དཀར་པོའི་དཔེ་དེབ་འགྲེམས་སྤེལ་བྱས་ཤིང་། རང་རེའི་ཞིང་ཆེན་གྱིས་སྤེལ་བའི་དབུལ་སྐྱོར་གསར་གཏོད་འཚོལ་ཞིབ་སློབ་ཞུགས་གོང་ནས་སྤྱི་སྐད་ཁོང་དུ་ཆུད་ཅེས་པ་དེའི་ནང་དུ་བྲིས་ཡོད།དབུལ་ཕོངས་སེལ་བ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་དང་བཅོས་སྐྱོང་གི་དཀའ་གནད་ཆེ་ཤོས་སུ་གྱུར་ཡོད།དབུལ་ཕོངས་སེལ་བའི་བརྒྱུད་རིམ་ཁྲོད་སི་ཁྲོན་ནི་དངོས་ཞུགས་མཁན་ཡིན་པར་མ་ཟད། མིའི་རིགས་ཀྱི་ཆེད་དུ་དབུལ་ཕོངས་ལ་རྒོལ་བའི་འཐབ་རྩོད་ཐད་ཉམས་མྱོང་དང་བློ་གྲོས་བཏོན་ཡོད།སྤྱི་ལོ་2019ལོའི་ཟླ་6པ་ནས། རང་རེའི་ཞིང་ཆེན་ནི་རྒྱལ་ཡོངས་ལས་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་ལ་ཕྱིར་ལྟ་དང་ཞིབ་བཤེར་ཆེན་པོ་ལག་བསྟར་བྱེད་སྔ་ཤོས་ཀྱི་གྲས་ཡིན། ལས་བྱེད་པ་ཁྲི་26གིས་གྲོང་པ་རེ་རེ་དང་དུད་ཚང་རེ་རེ། དོན་ཚན་རེ་རེ་བཞིན་དྲིས་པ་དང་། མང་ཚོགས་ལ་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་མངོན་གསལ་དོད་པའི་གནད་དོན་ཐད་འབེན་ལ་གཏད་ནས་བཅོས་པ་དང་ཚད་གཞི་བཅོས་སྒྲིག་བྱས། ཞིབ་བཤེར་ཆེན་པོའི་ཉམས་མྱོང་དང་བྱེད་ཐབས་ལ་ཀྲུང་དབྱང་གི་གདེང་འཇོག་ཐོབ་ཅིང་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་།
ཉེ་སྔོན་སྐད་གྲགས་ཆེ་བའི་ཆབ་སྲིད་དཔྱད་གཏམ་ཆེ་རིགས་ཀྱི་ཆེད་དོན་གློག་བརྙན《དབུལ་ཕོངས་སེལ་བ》ཞེས་པ་རུ། ཐེངས་དང་པོར་སི་ཁྲོན་དབུལ་གྲོལ་འགག་སྒྲོལ་གྱི་གནས་ཚུལ་ཞིབ་ཕྲ་སྟེ་2015ལོར་སི་ཁྲོན་གྱིས་ཀྲུང་དབྱང་ལ་བཞག་པའི་དབུལ་གྲོལ་འགག་སྒྲོལ་གྱི་འོས་འགན་དེབ་ཏུ་མིང་རྟགས་བཀོད་ཚུལ་ཞིག་སྟོན་ཡོད། མདུན་ཤོག་དམར་པོའི་དཀྱིལ་དུ་གསེར་བཙོ་མ་ལས་གྲུབ་པའི་ཏང་གི་མཚོན་རྟགས་དང་ཏང་གི་མཚོན་རྟགས་ཀྱི་གོང་དུ་དབུལ་གྲོལ་འགག་སྒྲོལ་གྱི་འོས་འགན་དེབ་ཅེས་པའི་ཡི་གེ་གཟེངས་སུ་ཐོན་པ་བདུན་བྲིས་ཡོད།
དབུལ་གྲོལ་ཕྱུག་འགྱུར་གྱི་ལམ་བུ་ཇེ་ཡངས་རེད། དེ་ཡང་ཏང་ཀྲུང་དབྱང་གིས་ལྟོས་བཅས་ཀྱི་དབུལ་ཕོངས་གནད་དོན་ལ་གཙིགས་མཐོང་ཆེན་པོ་གནང་སྟེ། ཡུན་ཕན་ལམ་སྲོལ་འཛུགས་རྒྱུ་དེ་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ཏེ། དབུལ་གྲོལ་གྱི་བརྟན་གནས་རང་བཞིན་དང་རྒྱུན་མཐུད་རང་བཞིན་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་།
2020ལོའི་ཟླ་4པ་ནས་བཟུང་། སི་ཁྲོན་གྱིས་རྫོང་དང་གྲོང་ཁྱེར་ཆུས་53ནས་ལྟོས་བཅས་ཀྱི་དབུལ་ཕོངས་ཀྱི་ཡུན་ཕན་ལམ་སྲོལ་ཚོད་ལྟ་བྱེད་གནས་བཙུགས་ཏེ། མི་ཕུད་པ་བཞིའི་བླང་བྱ་བཏོན་པ་སྟེ། སོ་སོ་ནི་དབུལ་ཞྭ་ཕུད་ཅིང་འགན་འཁྲི་མི་ཕུད་པ། དབུལ་ཞྭ་ཕུད་ཅིང་སྲིད་ཇུས་མི་ཕུད་པ། དབུལ་ཞྭ་ཕུད་ཅིང་རོགས་སྐྱོར་མི་ཕུད་པ། དབུལ་ཞྭ་ཕུད་ཅིང་ལྟ་སྐུལ་མི་ཕུད་པ་བཅས་ཀྱིས་དབུལ་གྲོལ་སྲིད་ཇུས་དེ་རྗེས་ཕྱོགས་ཀྱི་དུས་ཡུན་ངེས་ཅན་ཞིག་གི་ཁྲོད་དུ་མུ་མཐུད་དུ་རྒྱུན་འཁྱོངས་དང་རྒྱུན་བསྲིང་བྱེད་དུ་འཇུག་པ་རེད།
དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་གཏོང་བ་དང་། གྲོང་གསེབ་དར་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་གཏན་འཇགས་གཏོང་བ། སི་ཁྲོན་གྱིས་གོམ་པ་རེ་རེ་བཞིན་མདུན་དུ་སྐྱོད་བཞིན་ཡོད།
ཁ་དན་ཚིག་གནས་གསེར་ལས་རིན་ཐང་ཆེ། སི་ཁྲོན་གྱིས་འཛམ་གླིང་ལ་དབུལ་ཕོངས་རྫོང་ཁག་88ཀྱི་དབུལ་ཞྭ་ཕུད་པ་དང་དབུལ་ཕོངས་གྲོང་པ་11501ཐམས་ཅད་ཕྱུག་པོར་འགྱུར་བ། བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་ཁྲི་625ཐམས་ཅད་དབུལ་གྲོལ་བྱུང་ཡོད་ཅེས་བསྒྲགས་པ་རེད། ། ཁྱིམ་ཚང་གི་མ་འོངས་པར་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད།
གསར་སྤེལ་གསར་གཏོད་བྱས་ཏེ། ཕྱི་ལ་ལེགས་བཅོས་བྱས་པ་ནས་ནང་གི་ནུས་ཤུགས་ཇེ་ཆེར་བཏང་སྟེེ་གཞན་བརྟེན་ནས་རང་བརྟེན་ལ་བསྒྱུར་བ།
རྟའུ་རྫོང་དཔལ་སྨད་གྲོང་རྡལ་གྱི་མཐོ་སྒང་སྐྱེ་ཁམས་གླང་རྔ་འདེབས་འཛུགས་རྟེན་གཞི། བསྟན་འཛིན་ཉི་མས་པར་བླངས།
སྔོན་ཆད། སྔོ་ཚལ་འདི་དག་རིག་མ་མྱོང་ལ། སྔོ་ཚལ་འདེབས་འཛུགས་བྱས་ན་སྒོར་མོ་བསྒྲུབ་ཐུབ་རྒྱུ་དེ་བས་བསམ་མྱོང་མེད་ཅེས་ཟེར་བཞིན། རྔ་བ་ཁུལ་འཛམ་ཐང་རྫོང་ལྡ་རི་གྲོང་པས་སྐྱེ་ལྡན་སྐྱེ་ཁམས་ཀྱི་སྔོ་ཚལ་འདེབས་འཛུགས་བྱས་ནས་གྲོང་མི་རིན་ཆེན་དཔལ་ཚང་ཕྱུག་པོར་གྱུར་ཡོད།རང་བརྟེན་རྣམ་པའི་ཐོན་ལས་དབུལ་སྐྱོར་ནི་དབུལ་ཕོངས་མང་ཚོགས་བརྟན་པོའི་ངང་དབུལ་སྒྲོལ་ཐུབ་རྒྱུའི་གནད་འགག་དེ་རེད། རང་རེའི་ཞིང་ཆེན་གྱིས་དབུལ་སྐྱོར་ཐོན་ལས་དེ་དབུལ་གྲོལ་འགག་སྒྲོལ་གྱི་རྩ་བ་བཅོས་པའི་ཇུས་གཞི་ལ་བཟུང་ནས་ནུས་ཤུགས་ཡོད་རྒུས་ཁྱད་ལྡན་སྤུས་ལེགས་ཀྱི་ཐོན་ལས་གོང་འཕེལ་བཏང་བ། གྲོང་པ་རེ་ལ་ཐོན་རྫས་རེའི་སྲིད་ཇུས་ལག་བསྟར་བྱས་པ། འདེབས་གསོའི་གཞི་ཁྱོན་ཇེ་ཆེ་དང་ཐོན་རྫས་ཀྱི་སྤུས་ཀ་ཇེ་ལེགས། ཐོན་ལས་འབྲེལ་མཐུད་ཇེ་རིང་དུ་བཏང་བ། ད་སྐབས། དབུལ་ཕོངས་རྫོང་ཚང་མ་ལ་དེང་རབས་ཞིང་ལས་ར་བ་དང་དབུལ་ཕོངས་གྲོང་པ་ཚང་མ་ལ་ཐུན་མོང་དཔལ་འབྱོར་བསྐྲུན་ཡོད་ལ། རིམ་རྩིས་བྱས་ན་ཞིང་ལས་ཐོན་ལས་ཀྱི་དབུལ་སྐྱོར་ལས་གཞི་ཁྲི་1.9ལྷག་བསྒྲུབས་ཡོད། སྤྱི་ལོ་2019ལོར་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་རྫོང་ཁག་88ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་9557.9མངོན་འགྱུར་བྱུང་ཡོད་ལ། འདི་ནི་སྤྱི་ལོ་2013ལོའི་ལྡབ་1.68འཕར་བ་རེད།དངོས་པོའི་དབུལ་ཕོངས་ནས་གྲོལ་བ་བྱེད་པ་དང་། བསམ་པའི་དབུལ་ཕོངས་ནས་དེ་བས་གྲོལ་ཐུབ་པ་བྱ་དགོས། རང་རེའི་ཞིང་ཆེན་གྱིས་དྲིན་གཟོ་འབོད་སྐུལ་གྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། ཞིང་པའི་མཚན་མོའི་སློབ་གྲྭ་ཁྲི་4.6བཙུགས་པ་དང་། ཞིང་ཆེན་རིམ་པའི་བཞི་ཡག་གྲོང་པ་5481གསར་བསྐྲུན་བྱས་ལ། ངེས་པ་དོན་གྱིས་གོམས་སྲོལ་བསྒྱུར་བར་སྐུལ་སྤེལ་བྱས། དེ་མིན་སྐར་རིམ་སྐུལ་སློང་དང་གྲོང་མིའི་ཆ་བསགས་ལམ་ལུགས་དོ་དམ་གྱི་བསམ་བློའི་དབུལ་སྐྱོར་རྣམ་པ་སྐུལ་སྤེལ་དང་། “སྟོང་སྡེ”རིག་གནས་དབུལ་སྐྱོར་བྱེད་སྒོ། “ཁྲི་སྟོང་བརྒྱ་བཅུ”ཞེས་པའི་རྩོམ་རིག་དབུལ་སྐྱོར་བྱེད་སྒོ་ལག་བསྟར་བྱེད་པ། མང་ཚོགས་དབུལ་པོའི་ཁྲོད་གསོན་ཉམས་ནུས་པ་ཆེ་རུ་བཏང་ནས། བསམ་པའི་རྣམ་པ་དང་བསམ་གཞིགས་ཀྱི་མཐོང་རྒྱ། ཚན་རིག་གི་ངོས་ཤེས། འཚོ་བ་རོལ་སྟངས། ཁྲིམས་སྐྱོང་འདུ་ཤེས་བཅས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད།
སེར་ཤུལ་རྫོང་གི་རྒྱལ་གཉེར་འབྲོག་ར། བསྟན་འཛིན་ཉི་མས་པར་བླངས
སྤྱི་ཟླ་4པའི་ཚེས་6ཉིན། 《མིའི་རིགས་དབུལ་འཕྲི་ལས་ཀྲུང་གོའི་ལག་ལེན》ཞེས་པའི་རྒྱབ་ཤ་དཀར་པོའི་དཔེ་དེབ་འགྲེམས་སྤེལ་བྱས་ཤིང་། རང་རེའི་ཞིང་ཆེན་གྱིས་སྤེལ་བའི་དབུལ་སྐྱོར་གསར་གཏོད་འཚོལ་ཞིབ་སློབ་ཞུགས་གོང་ནས་སྤྱི་སྐད་ཁོང་དུ་ཆུད་ཅེས་པ་དེའི་ནང་དུ་བྲིས་ཡོད།དབུལ་ཕོངས་སེལ་བ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་དང་བཅོས་སྐྱོང་གི་དཀའ་གནད་ཆེ་ཤོས་སུ་གྱུར་ཡོད།དབུལ་ཕོངས་སེལ་བའི་བརྒྱུད་རིམ་ཁྲོད་སི་ཁྲོན་ནི་དངོས་ཞུགས་མཁན་ཡིན་པར་མ་ཟད། མིའི་རིགས་ཀྱི་ཆེད་དུ་དབུལ་ཕོངས་ལ་རྒོལ་བའི་འཐབ་རྩོད་ཐད་ཉམས་མྱོང་དང་བློ་གྲོས་བཏོན་ཡོད།
སྤྱི་ལོ་2019ལོའི་ཟླ་6པ་ནས། རང་རེའི་ཞིང་ཆེན་ནི་རྒྱལ་ཡོངས་ལས་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་ལ་ཕྱིར་ལྟ་དང་ཞིབ་བཤེར་ཆེན་པོ་ལག་བསྟར་བྱེད་སྔ་ཤོས་ཀྱི་གྲས་ཡིན། ལས་བྱེད་པ་ཁྲི་26གིས་གྲོང་པ་རེ་རེ་དང་དུད་ཚང་རེ་རེ། དོན་ཚན་རེ་རེ་བཞིན་དྲིས་པ་དང་། མང་ཚོགས་ལ་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་མངོན་གསལ་དོད་པའི་གནད་དོན་ཐད་འབེན་ལ་གཏད་ནས་བཅོས་པ་དང་ཚད་གཞི་བཅོས་སྒྲིག་བྱས། ཞིབ་བཤེར་ཆེན་པོའི་ཉམས་མྱོང་དང་བྱེད་ཐབས་ལ་ཀྲུང་དབྱང་གི་གདེང་འཇོག་ཐོབ་ཅིང་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་།
ཉེ་སྔོན་སྐད་གྲགས་ཆེ་བའི་ཆབ་སྲིད་དཔྱད་གཏམ་ཆེ་རིགས་ཀྱི་ཆེད་དོན་གློག་བརྙན《དབུལ་ཕོངས་སེལ་བ》ཞེས་པ་རུ། ཐེངས་དང་པོར་སི་ཁྲོན་དབུལ་གྲོལ་འགག་སྒྲོལ་གྱི་གནས་ཚུལ་ཞིབ་ཕྲ་སྟེ་2015ལོར་སི་ཁྲོན་གྱིས་ཀྲུང་དབྱང་ལ་བཞག་པའི་དབུལ་གྲོལ་འགག་སྒྲོལ་གྱི་འོས་འགན་དེབ་ཏུ་མིང་རྟགས་བཀོད་ཚུལ་ཞིག་སྟོན་ཡོད། མདུན་ཤོག་དམར་པོའི་དཀྱིལ་དུ་གསེར་བཙོ་མ་ལས་གྲུབ་པའི་ཏང་གི་མཚོན་རྟགས་དང་ཏང་གི་མཚོན་རྟགས་ཀྱི་གོང་དུ་དབུལ་གྲོལ་འགག་སྒྲོལ་གྱི་འོས་འགན་དེབ་ཅེས་པའི་ཡི་གེ་གཟེངས་སུ་ཐོན་པ་བདུན་བྲིས་ཡོད། དབུལ་གྲོལ་ཕྱུག་འགྱུར་གྱི་ལམ་བུ་ཇེ་ཡངས་རེད། དེ་ཡང་ཏང་ཀྲུང་དབྱང་གིས་ལྟོས་བཅས་ཀྱི་དབུལ་ཕོངས་གནད་དོན་ལ་གཙིགས་མཐོང་ཆེན་པོ་གནང་སྟེ། ཡུན་ཕན་ལམ་སྲོལ་འཛུགས་རྒྱུ་དེ་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ཏེ། དབུལ་གྲོལ་གྱི་བརྟན་གནས་རང་བཞིན་དང་རྒྱུན་མཐུད་རང་བཞིན་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་།
2020ལོའི་ཟླ་4པ་ནས་བཟུང་། སི་ཁྲོན་གྱིས་རྫོང་དང་གྲོང་ཁྱེར་ཆུས་53ནས་ལྟོས་བཅས་ཀྱི་དབུལ་ཕོངས་ཀྱི་ཡུན་ཕན་ལམ་སྲོལ་ཚོད་ལྟ་བྱེད་གནས་བཙུགས་ཏེ། མི་ཕུད་པ་བཞིའི་བླང་བྱ་བཏོན་པ་སྟེ། སོ་སོ་ནི་དབུལ་ཞྭ་ཕུད་ཅིང་འགན་འཁྲི་མི་ཕུད་པ། དབུལ་ཞྭ་ཕུད་ཅིང་སྲིད་ཇུས་མི་ཕུད་པ། དབུལ་ཞྭ་ཕུད་ཅིང་རོགས་སྐྱོར་མི་ཕུད་པ། དབུལ་ཞྭ་ཕུད་ཅིང་ལྟ་སྐུལ་མི་ཕུད་པ་བཅས་ཀྱིས་དབུལ་གྲོལ་སྲིད་ཇུས་དེ་རྗེས་ཕྱོགས་ཀྱི་དུས་ཡུན་ངེས་ཅན་ཞིག་གི་ཁྲོད་དུ་མུ་མཐུད་དུ་རྒྱུན་འཁྱོངས་དང་རྒྱུན་བསྲིང་བྱེད་དུ་འཇུག་པ་རེད།དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་གཏོང་བ་དང་། གྲོང་གསེབ་དར་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་གཏན་འཇགས་གཏོང་བ། སི་ཁྲོན་གྱིས་གོམ་པ་རེ་རེ་བཞིན་མདུན་དུ་སྐྱོད་བཞིན་ཡོད།ཁ་དན་ཚིག་གནས་གསེར་ལས་རིན་ཐང་ཆེ། སི་ཁྲོན་གྱིས་འཛམ་གླིང་ལ་དབུལ་ཕོངས་རྫོང་ཁག་88ཀྱི་དབུལ་ཞྭ་ཕུད་པ་དང་དབུལ་ཕོངས་གྲོང་པ་11501ཐམས་ཅད་ཕྱུག་པོར་འགྱུར་བ། བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་ཁྲི་625ཐམས་ཅད་དབུལ་གྲོལ་བྱུང་ཡོད་ཅེས་བསྒྲགས་པ་རེད། །
མཇུག་བསྡུའི་གཏམ།
དབུལ་ཞྭ་ཕུད་པ་ནི་མཇུག་སྒྲིལ་གནས་མིན་ལ། དེ་ནི་འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་ཚུགས་ས་ཡིན། ང་ཚོའི་མདུན་དུ་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་བཏང་ནས་གྲོང་གསེབ་དར་རྒྱས་ལ་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ཁག་བསྒྲུབ་རྒྱུ་ལུས་ཡོད་ཅིང་། ད་དུང་ཞིང་ལས་ཀྱི་སྤུས་ཀ་དང་ནུས་པ་མཐོ་བ། གྲོང་གསེབ་ཀྱི་སྡོད་གནས་དང་ལས་ཀར་འཚམ་པ། ཞིང་པ་ཕྱུག་པོ་དང་འབྱོར་ལྡན་འགྱུར་བའི་དམིགས་ཚད་ལ་མུ་མཐུད་དུ་འབད་པ་བྱ་དགོས་སོ། །