ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས8ཉིན་གྱི་དགོང་མོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་བརྙན་ལམ་ནས་ཧྥེ་གླིང་དཔལ་འབྱོར་དངོས་ཚན་གྱི་དངུལ་སྡུད་མཐོ་རིམ་གྲོས་ཚོགས་ལ་ཞུགས་ཤིང་གསུང་བཤད་གནང་།
ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་བརྙན་ལམ་ནས་ཧྥེ་གླིང་དཔལ་འབྱོར་དངོས་ཚན་གྱི་དངུལ་སྡུད་མཐོ་རིམ་གྲོས་ཚོགས་ལ་ཞུགས་ཤིང་གསུང་བཤད་གནང་།
ཧན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཧྥེ་ནི་བདེ་སྡུག་མཉམ་གནས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་ཞེས་བསྟན། འཛམ་གླིང་ཧྲིལ་བོར་པྲོག་གསར་གློ་ཚད་བྱུང་བ་ནས་བཟུང་། ཀྲུང་གོས་ཧུར་ཐག་གིས་ཧྥེ་གླིང་ལ་རོགས་སྐྱོར་བྱས་ཏེ་ཀྲུང་ཧྥེའི་སྐྱིད་སྡུག་མཉམ་མྱོང་གི་ལེའུ་གསར་བ་བརྩམས། ཧན་ཀྲིན་གྱིས་བསྟན་དོན། རིམས་ནད་ཀྱི་མདུན་དུ་ཧྥེ་གླིང་གི་འཕེལ་ཕྱོགས་སླར་གསོ་དང་རྒྱུན་མཐུད་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། དེར་བརྟེན། ཀྲུང་གོས་གྲོས་འགོ་བཞི་བཏོན་ཡོད་དེ། གཅིག་ནས་ཁ་དན་ཚིག་ལ་གནས་པ་མཐའ་འཁྱོངས་བྱས་ནས་ཧྥེ་གླིང་གི་བུ་ལོན་གྱི་གནོན་ཤུགས་སེལ་རོགས་བྱ་དགོས། ཀྲུང་གོས་རྒྱལ་ཁབ་ཉི་ཤུ་ཚོགས་པས་བུ་ལོན་སེལ་རོགས་བྱ་བའི་གྲོས་འགོ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ“ཐུན་མོང་ཐོག་བྱ་སྤྱོད་སྤེལ་བ་དང་དྲང་གཞག་ངང་ཁུར་པོ་འཁུར་བའི”རྩ་དོན་ལྟར་ཧྥེ་གླིང་རྒྱལ་ཁབ་ཀྱི་བུ་ལོན་གྱི་ཁུར་པོ་ཇེ་ཡང་དུ་གཏོང་རོགས་བྱེད་འདོད་ཡོད། སྟོབས་ལྡན་རྒྱལ་ཁབ་དང་ཕྱོགས་མང་དངུལ་རྩའི་ལས་ཁུངས། ཚོང་ལས་བུན་བདག་གིས་དོན་དངོས་ཀྱི་བྱ་སྤྱོད་སྤེལ་རྒྱུའི་རེ་བ་ཡོད། ཀྲུང་གོས་དམིགས་བསལ་དངུལ་ལེན་དབང་ཆ་ཡོད་པའི་རྒྱལ་ཁབ་ཕྱུག་པོ་དག་གིས་དམིགས་བསལ་དངུལ་ལེན་དབང་ཆ་དེ་དགོས་མཁོ་ཡོད་ལ་ཡོང་འབབ་དམའ་བའི་ཧྥེ་གླིང་གི་རྒྱལ་ཁབ་ལ་གཡར་རྒྱུར་རྒྱབ་སྐྱོར་བྱེད། གཉིས་ནས་མཉམ་ལས་གཉིས་ཕན་མཐའ་འཁྱོངས་བྱས་ཏེ་ཧྥེ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོས་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞི་དང་སྒེར་གཉེར་སྡེ་ཁག་སོགས་ཀྱིས་ཧྥེ་གླིང་གི་ཡུན་རིང་འཕེལ་རྒྱས་ཐད་ཀྱི་དངུལ་སྡུད་བྱེད་རྒྱ་ཆེ་རུ་བཏང་ནས། རྨང་གཞིའི་སྒྲིག་བཀོད་དང་ནུས་པའི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཧྥེ་གླིང་རྒྱལ་ཁབ་ཀྱི་དཔལ་འབྱོར་རང་བདག་དང་རྒྱུན་མཐུད་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུར་རྒྱབ་སྐྱོར་བྱེད། གསུམ་ནས་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་ཧྥེ་གླིང་གི་དཔལ་འབྱོར་འཕར་སྟངས་བསྒྱུར་བར་སྐུལ་འདེད་གཏོང་དགོས། ཀྲུང་གོས་རྒྱལ་ཁབ་སོ་སོ་དང་མཉམ་དུ“ཧྥེ་གླིང་གི་ལྗང་མདོག་ལྕགས་རིའི”འཆར་གཞིའི་ཐད་གླེང་མོལ་དང་འབྲེལ་འདྲིས་བྱས་ནས་ཕན་ཡོད་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེད་འདོད་ཡོད། བཞི་ནས་བདེ་སྡུག་མཉམ་མྱོང་མཐའ་འཁྱོངས་ཀྱིས་འདྲ་མཉམ་ངང་ཧྥེ་གླིང་ལ་རིམས་འགོག་སྨན་ཁབ་བགོ་བཤའ་རྒྱག་པར་སྐུལ་འདེད་གཏོང་དགོས། ཀྲུང་གོས་མུ་མཐུད་དུ་ཧྥེ་གླིང་ལ་རིམས་འགོག་སྨན་ཁབ་ཀྱི་རོགས་སྐྱོར་བྱ་རྒྱུ་མ་ཟད། འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཀྲུང་གོ་ནས་རིམས་འགོག་སྨན་ཁབ་ཉོ་སྒྲུབ་ལ་རོགས་རམ་བྱ་རྒྱུ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་སྟོབས་ལྡན་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་དང་རོགས་རམ་སྔར་བས་མང་བོ་བྱས་ཏེ་ཧྥེ་གླིང་གི་རྒྱལ་ཁབ་ཏུ་རིམས་འགོག་སྨན་ཁབ་སྤྱོད་གོ་ཆོད་པ་དང་སྤྱོད་ཐུབ་པར་ཁག་ཐེག་བྱ་རྒྱུའི་རེ་བ་ཡོད།
ཧྥེ་གླིང་གི་དཔལ་འབྱོར་དངོས་ཚན་གྱི་མ་དངུལ་བསྡུ་སྒྲིལ་དབུ་ཚོགས་དེ་ཧྥ་རན་སེས་གྲོས་འགོ་བཏོན་ནས་གཉེར་བ་དང་དྲ་ཐོག་དྲ་ཕྱི་ཟུང་འབྲེལ་བྱས་ནས་འཚོགས།《ཧྥེ་གླིང་གི་དཔལ་འབྱོར་དངོས་ཚན་གྱི་མ་དངུལ་བསྡུ་སྒྲིལ་དབུ་ཚོགས་ཀྱི་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་། །