༄༅།།ཉི་ཁྲིའི་སྟོན་ཁ།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཡོངས་འཛིན་དྲ་བ། སྤེལ་དུས། 05-21


ཉིང་ཁྲིའི་སྟོན་ཁ།

 མགོ་ལ་བསིལ་ཞྭ་གྱོན་ཞིང་དཔུང་བར་རས་རྟགས་དམར་པོ་བཏགས་ནས་གངས་རི་དང་ནགས་ཚལ་གྱི་ཁྲོད་དུ་སོས་དལ་བག་ལྷོད་ཀྱིས་རྒྱ་བར་བྱེད་པ་སྟེ།  ཁྱིམ་ཚང་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤྲ་རྨོག་གྲོང་རྡལ་དུ་ཡོད་པའི་ཚེ་རིང་བཀྲ་ཤིས་ཀྱིས་ཟླ་བ་རེ་རེར་འདི་ལྟར་གདོད་མའི་ནགས་ཚལ་གྱི་ཁྲོད་དུ་བགྲོད་པར་བྱེད་ཅིང་། ཕར་བལྟས་ཚོད་ལ་ཁོ་རང་ཧ་ཅང་སོས་དལ་ཞིང་བག་ཕེབས་པ་ལྟ་བུར་སྣང་ཡང་། དོན་དུ་ཁོའི་སེམས་སུ་དོན་དག གང་མང་ཞིག་ཡོད་པ་རེད།ལོ་གཅིག་གི་སྔོན་དུ་ཚེ་རིང་བཀྲ་ཤིས་བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་ནགས་ཚལ་སྲུང་མཁན༢༤༤༠༠ལས་གཅིག་ཏུ་གྱུར་ཞིང་། སྤྱིར་སྤྱི་སྐད་བཤད་པ་ཆེར་མི་དག་པའི་ཁོས་ནགས་ཚལ་ལ་སྲུང་སྐྱོབ་བྱེད་པའི་འགན་ཁུར་སྐོར་གླེང་པའི་སྐབས་སུ་བྱང་ཆ་དང་ལྡན་པའི་སྒོ་ནས། སྡོང་བོར་གནོད་སྐྱོན་བཟོ་བའི་བྱ་སྤྱོད་ལ་བཀག་འགོག་བྱེད་དགོས་ལ། མེ་སྐྱོན་སོགས་བྱུང་སྐབས་དུས་ཐོག་ཏུ་སྙན་ཞུ་འབུལ་དགོས་པ་མ་ཟད། དོན་དག་ཐག་གཅོད་བྱེད་པའི་ལས་ཁུངས་ལ་རོགས་བྱས་ཏེ་མེ་སྐྱོན་བྱུང་བའི་དོན་རྐྱེན་ལ་བརྟག་བཤེར་བྱེད་དགོས་ཞེས་ཟེར། ས་གནས་དེའི་ཞིང་འབྲོག་མང་ཚོགས་གང་མང་དང་འདྲ་བར། ནགས་ཚལ་སྲུང་མཁན་དུ་བསྡད་པ་ནས་བཟུང་དགུང་ལོ་ལྔ་བཅུ་ཡན་ལོན་པའི་བཀྲ་ཤིས་ཚེ་རིང་ལགས་ལ་ཁྱིམ་གཉིས་ཡོད་པར་གྱུར་བ་སྟེ། གཅིག་ནི་མིང་གྲགས་དང་གོ་ཐོས་གང་ཡང་མེད་པའི་གྲོང་གསེབ་ཆུང་ཆུང་ཞིག་ཏུ་ཡོད་པ་དང་། གཞན་དེ་ནི་རི་ཀླུང་དང་ནགས་ཚལ་སྟུག་པོའི་ཁྲོད་དུ་ཡོད་པ་རེད། རི་ཀླུང་གི་ཁྲོད་ནས་ཁོས་གྲོང་ཚོའི་མི་སེར་རྣམས་ཀྱིས་གཏན་འཁེལ་བྱས་པའི་དུས་ཚོད་བགོས་ནས་ལས་ཀ་སྒྲུབ་པའི་ལམ་ལུགས་ལྟར། ཟླ་རེར་རི་སྟེང་གི་ནགས་ཚལ་སྲུང་བར་ཐེངས་གཉིས་འགྲོ་བར་བྱེད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1