1.ཨ་མའི་འོ་མར་ཟླ་4ནས་6དྲུག་བར་གྱི་ཕྲུ་གུར་དགོས་པའི་འཚོ་བཅུད་ཚང་མ་ཡོད།
2.ཨ་མའི་འོ་མར་ད་དུང་ཕྲུ་གུར་དགོས་ངེས་ཀྱི་སྤྲི་དཀར་དང་ཚིལ་ཡོད།
3.ཨ་མའི་འོ་མར་འོ་མ་གཞན་ལས་འདུས་ཚད་མང་བའི་གཟུགས་པོར་མཁོ་བའི་མངར་རྒྱུ་ཡོད།
4.ཨ་མའི་འོ་མར་འཚོ་བཅུད་འདང་ངེས་ཡོད་པས། ཨ་མའི་འོ་མ་སྟེར་རིང་ཕྲུ་གུར་འཚོ་བཅུད་དང་
ཤིང་ཏོག་ཁུ་བ་གསབ་མི་དགོས།
5.ཨ་མའི་འོ་མར་འཚོ་བཅུད་ལྕགས་འདང་ངེས་ཡོད་པས་འདུས་ཚད་མཐོ་པོ་མེད་རུང་ཕྲུ་གུས་འཚོ་
བཅུད་ལེན་སླ་བས། འཚོ་བཅུད་ལྕགས་མི་འདང་བའི་དབང་གིས་ཟུངས་ཁྲག་ཉམས་པའི་གནས་ཚུལ་
ཐོན་མི་སྲིད།
6.ཨ་མའི་འོ་མར་ཕྲུ་གུའི་ཀླད་ཆེན་འཚར་བར་མཁོ་བའི་ཨན་གཞི་སྐྱུར་ཡོད་པས་ཕྲུ་གུའི་ཀླད་ཆེན་
འཚར་བར་ཕན་པ་ངེས་ཅན་ཡོད།
7.ཨ་མའི་འོ་མ་སྟེར་བའི་ཕྲུ་གུར་འོ་ཀྲིན་སྟེར་བའི་ཕྲུ་གུ་ལས་བཤལ་ནད་ཕོག་ཚད་ཉུང་བ་དང་ཆབས་ཅིག དབུགས་ལམ་དང་རྣ་སྐྱིའི་གཉན་ཚད་ཕོག་ཉུང་བ་ཡོད། དེ་ནི་ཨ་མའི་འོ་མར་གཉེན་ཚད་འཇོམས་པའི་ནུས་པ་ཡོད་པས་རེད།