དཀར་མཛེས་ཁུལ་གྱི་གཏེར་ལས་དབང་ཆ་ནང་བཤུག་ཡོང་འབབ་བསྡུ་ལེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་བསྐྲུན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 05-21



     ཉེ་སྔོན། གསར་འགོད་པས་དཀར་མཛེས་ཁུལ་རང་བྱུང་ཐོན་ཁུངས་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་ཁུལ་ཡོངས་སུ་གཏེར་ལས་དབང་ཆ་ནང་བཤུག་ཡོང་འབབ་བསྡུ་ལེན་བྱེད་ཚད་སྒོར་ཁྲི25743.2ལ་སླེབས་པ་དང་། དེ་དུས་མཚུངས་ལས11.62%འཕར་ཞིང་། གཏེར་ལས་དབང་ཆ་ནང་བཤུག་ཡོང་འབབ་བསྡུ་ལེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བསྐྲུན། 
    ད་ལོ་ནས་བཟུང་དཀར་མཛེས་ཁུལ་གྱིས་སྲིད་ཇུས་ཁྱབ་བསྒྲགས་ལ་ཤུགས་བསྣན་ནས། རྣམ་པ་མང་པོ་དང་ཐབས་ལམ་རྒྱ་སྐྱེད་ནས་གཏེར་ལས་དབང་ཆ་ནང་བཤུག་ཡོང་འབབ་བསྡུ་ལེན་སྲིད་ཇུས་ཀྱི་སྒྲིག་ཁྲིམས་ཁྱབ་བསྒྲགས་ཐེངས15བྱས་པ་དང་། ཁྱོན་ཡོངས་ནས་གཏེར་ལས་བདག་དབང་གི་ཁྲིམས་ལུགས་འདུ་ཤེས་ཇེ་མཐོ་རུ་བཏང་། 
    དེ་དང་ཆབས་ཅིག་འབྲེལ་མཐུད་ཞབས་ཞུ་བཟང་པོ་བསྒྲུབས་ནས་གཏེར་ལས་དབང་ཆ་ནང་བཤུག་ཡོང་འབབ་བསྡུ་ལེན་གྱི་ཆ་རྐྱེན་འཛོམས་པའི་གཏེར་རིའི་ཁེ་ལས་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་པ་དང་། རང་འགུལ་ངང་གཏེར་རིའི་ཁེ་ལས་དང་མཐུན་སྦྱོར་བྱེད་པ། གཏེར་ལས་དབང་ཆ་གཉེར་བའི་ཞིབ་མཆན་འགོད་སྟངས་ཁོང་དུ་ཆུད་པར་བྱེད་པ། ལག་ཁྱེར་སྤྲོད་མཁན་ལས་ཁུངས་ལ་མཐུན་སྦྱོར་བྱས་ཏེ་གཏེར་རིའི་ཁེ་ལས་ཀྱིས་གཏེར་ལས་གཉེར་བའི་དབང་ཆའི་ཞིབ་བཤེར་མཆན་འགོད་བྱེད་པའི་བརྒྱུད་རིམ་ནང་འཕྲད་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱས་ནས་དུས་ཐོག་ཏུ་མཛུབ་ཁྲིད་དང་ཞབས་ཞུ་མཁོ་འདོན་བྱས།
     དཀར་མཛེས་ཁུལ་གྱིས་ད་དུང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས་ཆེད་དོན་ལྟ་སྐུལ་ཞིབ་བཤེར་ཐེངས10བྱས་པ་དང་། གཏེར་རིའི་ཁེ་ལས་དབང་ཆ་སྤྲོད་པའི་ཁེ་ཕན་གཏེར་རིའི་ཁེ་ལས་དབང་ཆའི་ཞིབ་མཆན་འགོད་པའི་འགྲོ་ལུགས་མ་བསྒྲུབས་པའི་ཁེ་ལས3ལ་གནས་སྐབས་ལས་སྒོ་གཉེར་མཚམས་བཞག་སྟེ། གཏེར་ལས་དབང་ཆ་ཡོད་མཁན་ལ་ཁྲིམས་བཀོད་འོས་འགན་བསྒྲུབ་པར་ནུས་པ་ལྡན་པའི་ལྟ་སྐུལ་བྱས་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1