བུ་མོ་ཚོ་ནི་མ་གཞི་ནས་རྒྱན་ཆས་འདོགས་པ་ལ་དགའ་པོ་ཡོད་ལ། དེ་ལས་ཀྱང་བོད་པའི་བུ་མོ་ཚོ་ལ་མཚོན་ན།མགོ་རྒྱན་དང་། སྐྲ་རྒྱན། སྐེ་རྒྱན་སོགས་ནི་གཟི་དང་། གཡུ། བྱུ་རུ། གསེར་དངུལ་རིན་པོ་ཆེ་ཡི་རྒྱན་ཆས་སྤྲས་པའི་ལུགས་ཤིག་ཡོད་པ་རེད། ཁམས་ཕྱོགས་ཀྱི་བུད་མེད་མང་ཆེ་བའི་རྒྱན་ཆས་བརྒྱན་ལུགས་འདྲ་བོ་ཡོད་ཀྱང་། ཁམས་རྫོགས་ཆེན་ཡུལ་གྱི་བུ་མོ་ཚོ་ཡིས་བྱུ་རུའི་རྣ་རྒྱན་དང་། སྤོས་ཤེལ་སུམ་འགྲིག གཡུ་དང་བྱུ་རུའི་སྐྲ་ཞགས་རྒྱན་ལུགས་འདི་ནི་སེང་ལྕམ་འབྲུག་མོའི་རྒྱན་ཆས་དང་འདྲ་བར། ཚང་མའི་མིག་ལ་མཛའ་བའི་རྒྱན་སྤྲས་ཤིག་ཏུ་ངོས་འཛིན་བྱེད་སྲོལ་ཆགས་འདུག
དགུན་གོས་གྱོན་པའི་ཨ་ཅེ་འབྲོག་མོ།
སྤོས་ཤེལ་སུམ་འགྲིག་བརྒྱན་པའི་རྫོགས་ཆེན་བུ་མོ།
སྡེ་དགེའི་ངག་རྒྱུན་ལ། ཟིལ་ཁྲོམ་གཡུང་དྲུང་རྡོ་རྗེ་ནི་གཞི་བདག་ནང་གི་མཛེས་ཤོས་ཡིན་པས། གངས་རིའི་ཁ་འཁོར་ཕྱོགས་ཀྱིས་རྫོགས་ཆེན་ལ་བུ་མོ་མཛེས་མ་མང་ཞེས་ཟེར་སྲོལ་ཡོད་པ་བཞིན། ཁམས་ཀྱི་རོང་བྲག་དང་རྫོགས་ཆེན་གཉིས་ནི་མདོ་ཁམས་ཡུལ་གྱི་མཛེས་མའི་ཕ་ས་དང་། ཞྭ་ལུགས་གོས་ཆས་སོགས་ལ་དམིགས་བསལ་ཁྱད་ཆོས་ཡོད་པའི་ཞིང་ས་བཟང་པོ་ཞིག་ཡིན་པའི་བཤད་སྲོལ་དེ་ནི་རྒྱུ་མཚན་དང་གནས་ལུགས་མེད་པ་ཞིག་ག་ལ་ཡིན། སྲོལ་རྒྱུན་གྱི་བྱེད་སྒོ་དང་མ་སྲུའི་རྒྱན་འདོགས་ཀྱི་བྱ་འགུལ་དེ་དག་གིས་འཚོ་བའི་ཁྲོད་བུད་མེད་ལ་མཐོང་ཆེན་དང་ལང་ཚོ་ལ་གཅེས་སྤྲས་བྱེད་པའི་རྣམ་པ་ཞིག་མཚོན་འདུག
ཚར་ཞྭ་ལེབ་མོ་གྱོན་པའི་བུ་མོ།
བྱུ་རུ་དམར་པོའི་སྐྲ་རྒྱན་སྤྲས་པའི་རྫོགས་ཆེན་བུ་མོ།