པེ་ཏེན་གྱིས་ཁྲིམས་གཞི་འདིར་མིང་རྟགས་བཀོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-25



 
    ཟླ་5ཚེས་20ཉིན། ཨ་རིའི་ཙུང་ཐུང་པེ་ཏེན་གྱིས་ཕོ་བྲང་དཀར་པོ་རུ་ཏོག་གསར་རིམས་ནད་ཀྱི་གནས་ཚུལ་འོག་ཡ་གླིང་རྒྱུད་པར་འཁོན་འཛིན་བྱེད་པའི་བྱས་ཉེས་ལ་རྡུང་རྡེག་བྱེད་པའི་ཁྲིམས་གཞིར་མིང་རྟགས་བཀོད་ནས། མིང་ལ་《ཏོག་གསར་འཁོན་འཛིན་བྱས་ཉེས་ལ་རྒོལ་བའི་བཅའ་ཁྲིམས》བཏགས་པའི་ཁྲིམས་གཞི་དེ་དངོས་སུ་བཅའ་ཁྲིམས་ལ་བསྒྱུར་ཡོད།
    པེ་ཏེན་གྱིས་ཁྲིམས་གཞི་ལ་མིང་རྟགས་འགོད་པའི་མཛད་སྒོའི་ཐོག་ཏུ། ལོ་གཅིག་གི་རིང་། ཡ་གླིང་རྒྱུད་པའི་ཨ་རིའི་མི་ལ་ཏོག་གསར་གློ་ཚད་རིམས་ནད་དང་འཁོན་འཛིན་གྱི་རྡུང་རྡེག་གཉིས་ལ་འཕྲད་ནས། འཚོ་བ་འཇིགས་སྐྲག་དང་སེམས་ཁུར་གྱིས་སྐྱེལ་དགོས་ཐུག་ཡོད། འཁོན་འཛིན་བྱས་ཉེས་ཐུག་དུས། ཁ་ཁུ་སིམ་མེར་བསྡད་ནའང་ཉེས་རོགས་སུ་འགྱུར་འགྲོ། ཁོང་གིས་མང་ཚོགས་མཐུན་སྒྲིལ་བྱས་ནས། འཁོན་འཛིན་བྱས་ཉེས་དང་རིགས་རྒྱུད་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་བ་རེད། 
    ཨ་རིའི་ཙུང་ཐུང་གཞོན་པ་ཧ་རུའེ་སི་ཡིས། ཨ་རིར་རིགས་རྒྱུད་རིང་ལུགས་དང་ཕྱི་མི་ལ་སྡང་པོ་བྱེད་པའི་གནད་དོན་ཡོད། ཏོག་གསར་གློ་ཚད་རིམས་ནད་ཁྲོད་ཡ་གླིང་རྒྱུད་པར་དྲག་སྤྱོད་སྤེལ་པའི་དོན་རྐྱེན་ནི་གནས་ལུགས་མེད་པར་བྱུང་བ་མ་རེད། བཅའ་ཁྲིམས་འཛུགས་པ་ནི་ཆེས་མཐའ་མཇུག་གི་ས་ཚིགས་དེ་མིན། ཨ་རིས་སྔར་བཞིན་ཡ་གླིང་རྒྱུད་པར་དྲག་སྤྱོད་སྤེལ་པ་སོགས་དྲང་བདེན་མིན་པའི་གནད་དོན་ཐག་གཅོད་ཐད་ལ་གཞོལ་དགོས་པ་བསྟན། 
    《ཏོག་གསར་འཁོན་འཛིན་བྱས་ཉེས་ལ་རྒོལ་བའི་བཅའ་ཁྲིམས》ལ་གཞིགས་ན། ཨ་རིའི་ཁྲིམས་འཛིན་པུས་ཆེད་མངགས་ལས་གནས་བཙུགས་ནས་ཨེ་ཤ་ཡའི་མི་རྒྱུད་ལ་ངོ་རྒོལ་བྱེད་པའི་འཁོན་འཛིན་ཉེས་གསོག་ལ་ཞིབ་བཤེར་བྱེད་ཚད་མགྱོགས་སུ་གཏོང་རྒྱུ་དང་། སྐད་ཡིག་སྣ་མང་སྤྱད་ནས་འཁོན་འཛིན་ཉེས་གསོག་དྲ་ཐོག་ནས་ཐེར་འདོན་བྱེད་པའི་མ་ལག་འཛུགས་པ། མངའ་སྡེ་ཁག་དང་ས་གནས་ཁག་གི་ཁྲིམས་འཛིན་སྡེ་ཁག་གི་འཁོན་འཛིན་ཉེས་གསོག་སྐོར་གྱི་སྙན་ཞུ་དང་རྗེས་འདེད་སོགས་ལ་ཤུགས་སྣོན་རྒྱག་པ། སྤྱི་དམངས་ཀྱིས“རིམས་ནད་བྱུང་རིང་འཁོན་འཛིན་ཉེས་གསོག་ལ་ངོས་འཛིན་སྟངས་”སྟེ། རིམས་ནད་སྐོར་གླེང་དུས་རིགས་རྒྱུད་ལ་མཐོང་ཆུང་བྱེད་པའི་བརྗོད་པ་སྔོན་འགོག་བྱེད་ཚུལ་ཚུད་པའི་མཛུབ་ཁྲིད་བསམ་འཆར་མཁོ་འདོན་བྱ་རྒྱུ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1