དཔྱིད་ཀྱི་དཔལ་ཡོན་རྣམ་པ་བཞད་པའི་རྫོགས་ལྡན་གྱི་དུས་བཟང་སྟེ། སྤྱི་ཟླ5བའི་ཚེས24ཉིན་གྱི་ཕྱི་དྲོ་ལ། སྡེ་དགེའི་རྫོང་ཡོངས་ཀྱི་གོང་འོག་ཚང་མ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ནང་ཧུར་ཐག་ཞུགས་ནས། སྐྱེ་ཁམས་དང་རིག་གནས་མཉམ་འདྲེས་ཀྱི་ཕུན་སུམ་ཚོགས་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྡེ་དགེའི་རྒྱང་སྐྱོད་གསར་པ་ཕྱོགས་ཡོངས་ནས་བཏོད་དེ་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ངང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་འགག་རྩའི་དུས་སྐབས་སུ། སྡེ་དགེ་རྫོང་གི་པུའུ་ཨུ་ཁང་བརྩེགས་བཞི་བའི་གྲོས་ཚོགས་ཁང་ནང་དུ་སྡེ་དགེ་རྫོང་རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལས་ཁུངས་དབུ་བརྙེས་པའི་ཚོགས་ཆེན་དང་འཐུས་མི་ཚོགས་ཆེན་ཐེངས་དང་པོ་དེ་གཟབ་རྒྱས་ངང་ནས་འཚོགས་ཤིང་། ཚོགས་འདུར་སྡེ་དགེའི་རྫོང་ཁྱིམ་ཆེན་བཞིའི་དབུ་ཁྲིད་དང་། རྫོང་གི་སྡེ་ཚན་ཁག ལས་དོན་ཨུ་ལྷན་ཁག ཡུལ་ཚོ་གྲོང་རྡལ་ཁག་གི་འགན་འཁུར་བློ་མཐུན། སྡེ་དགེ་རྫོང་རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་དང་པོའི་འཐུས་མི་བཅས་ཚོགས་འདུར་ཞུགས། འཐུས་མི125ཕེབས་དགོས་པ་དང་དངོས་སུ་འཐུས་མི120ཕེབས་ཡོད་པས་ཚོགས་འདུ་ཁྲིམས་ཀྱི་གཏན་འབེབས་མི་གྲངས་དང་མཐུན་ཡོད། སྡེ་དགེའི་རྫོང་ཨུ་དྲིལ་བསྒྲགས་པུའུ་ཀྲང་ཉི་ལྷས་ཚོགས་འདུ་ལ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུ་ཐོག་ཏུ་ཐོག་མར་ཚང་མ་ཡར་བཞེངས་ཏེ་གཟི་བརྗིད་ལྡན་པའི་རྒྱལ་གླུ་མཉམ་དུ་བླངས། རྫོང་སྒྲིགས་བཅད་ཨུའི་གཞུང་ལས་ཁང་གི་རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ》དང《རྫོང་སྒྲིགས་བཅད་རྩ་འཛུགས་པུའུ་ཡི་བློ་མཐུན་འགྱུར་མེད་དབང་མོ་དང་ཟླ་བ་སྒྲོལ་མ་ལ་འགན་འཁུར་བའི་མིང་འདོན་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》 ཡི་བཀའ་ལན་དང་བརྡ་ཐོ་བསྒྲགས་པ་རེད། སྡེ་དགེ་རྫོང་རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་སྐབས་དང་པོའི་འོས་མི་འདེམ་སྒུག་གི་གྲོས་འགོ་མིང་ཐོ། སྤྱི་ཚོགས་ཚན་རིག་དང་རིག་རྩལ་མཉམ་འབྲེལ་གྱི་སྒྲིག་ཡིག(མ་ཟིན)དང་། སྤྱི་ཚོགས་ཚན་རིག་དང་རིག་རྩལ་མཉམ་འབྲེལ་གྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པའི་འོས་མི་འདེམ་སྒུག་བྱེད་ཐབས(མ་ཟིན)བཅས་ཀྱི་གྲོས་ཞིབ་ལ་འཐུས་མི་དག་གིས་འདེམ་གཅོད་བྱས་ཏེ།
ཀྲུའུ་ཞི་འགྱུར་མེད་དབང་མོས་འགན་བཞེས་ཀྱི་གཏམ་བཤད་བྱས་པ་སྟེ། ང་རང་སྡེ་དགེ་རྫོང་སྤྱི་ཚོགས་ཚན་རིག་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་པས་དགའ་སྤྲོ་ཆེན་པོ་བྱུང་། ལས་དོན་འདི་ནི་འགན་འཁྲི་ལྕི་ཞིང་གཟི་བརྗིད་ལྡན་པས། ངས་རང་ནུས་ཅི་ལྕོགས་ཀྱིས་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁོངས་མི་ཡོངས་དང་མཉམ་དུ་སྤྱི་ཚོགས་ཚན་རིག་དང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཚན་རིག་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་རྒྱུ་ཡིན། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ། གཅིག་ནས་ལྟེ་བར་དམིགས་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ། གཉིས་ནས་བརྩམས་ཆོས་རྩེ་གྲ་གསར་གཏོད་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ། གསུམ་ནས་འབྲེལ་གཏུག་ལ་ཤུགས་བརྒྱབ་ནས་མཐུན་ཚོགས་ལ་ཞབས་འདེགས་ཞུ་རྒྱུ། རྫོང་ཨུ་དང་རྫོང་སྲིད་གཞུང་གི་དབུ་ཁྲིད་དང་། དམངས་ཆེན་དང་སྲིད་གྲོས་ཀྱི་རྒྱབ་སྐྱོར་འོག་ཏུ། ང་ཚོས་སེམས་ཤུགས་གཅིག་སྒྲིལ་དང་། གསར་གཏོད་ཡར་བརྩོན། དུས་བསྟུན་མདུན་སྐྱོད་བཅས་བྱས་ནས། རིན་ཐང་ཆེ་ཞིང་སྒྱུ་རྩལ་ཁྱད་དུ་འཕགས་པའི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་མང་པོ་གསར་རྩོམ་བྱས་ནས། གནས་མཆོག་སྡེ་དགེའི་སྤྱི་ཚོགས་ཚན་རིག་དང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་གཞག་ཁྲོད་འོད་སྟོང་འབར་བའི་ལེའུ་གསར་པ་བསྐྲུན་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཅེས་བཤད།
མཐར་རྫོང་ཨུ་ཧྲུའུ་ཅི་སྐལ་བཟང་གཡུང་དྲུང་གིས་གསུང་བཤད་གལ་ཆེན་གནང་། སྡེ་དགེ་རྫོང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་འགོ་འགོ་བཙུགས་པ་དང་། ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་སྤྲོ་སེམས་འཁོལ་བའི་ངང་ནས་འབད་འཐབ་བྱེད་པའི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་ནང་། དེ་རིང་ང་ཚོས་རྫོང་རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་འཛུགས་པའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་འདི་ནི་སྡེ་དགེ་རྫོང་གི་ཆབ་སྲིད་དང་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ལ། རྫོང་གི་རྒྱ་ཆེའི་རྩོམ་རིག་སྒྱུ་རྩལ་ལས་སྒྲུབ་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་གྱི་བཀྲ་ཤིས་པའི་བྱ་བ་ཞིག་ཀྱང་ཡིན། ཁོང་གིས་ཀྲུང་གུང་སྡེ་དགེ་རྫོང་ཨུ་དང་་། སྡེ་དགེ་རྫོང་གི་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། སྡེ་དགེ་རྫོང་མི་དམངས་སྲིད་གཞུང་། སྲིད་གྲོས་སྡེ་དགེ་རྫོང་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚབ་བྱས་ནས་རྫོང་རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཙུགས་པར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་དང་འབྲེལ། རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་གིས་དུས་རབས་ཤིག་གི་ཉམས་འགྱུར་གྱི་ཚབ་ཆེ་ཤོས་དང་། དུས་རབས་ཤིག་གི་དར་སྲོལ་གྱི་སྣེ་ཁྲིད། དུས་རབས་ཤིག་གི་མདུན་སྐྱོད་ཀྱི་འབོད་སྒྲ་མཚོན་པ་དང་། དེ་ནི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་གཏོང་བར་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ས་ཁུལ་ཞིག་གི་རིག་གནས་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྩ་བའི་སྒུལ་ཤུགས་ཤིག སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་དང་བརྒྱུད་བསྒྲགས་ཀྱི་ཐེག་བྱེད་ནུས་ལྡན་ཡིན་ཞིག་ཀྱང་ཡིན། སྡེ་དགེ་རྫོང་ནི་ཁམས་པའི་རིག་གནས་ཀྱི་ལྟེ་བ། ཟུར་ལུགས་བསོ་རིག་གི་འབྱུང་གནས་། གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ། ཀྲུང་གོའི་བོད་ཀྱི་ལག་ཤེས་བཟོ་རིག་གི་ཕ་ས་བཅས་ཀྱི་མཚན་སྙན་ཡོད་ཅིང་། ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། རིག་གནས་ཀྱི་ནང་དོན་གཏིང་ཟབ་པས། རིག་གནས་ཀྱི་གཞི་རྒྱུ་ཕུན་སུམ་ཚོགས་པ། རིག་གནས་ཀྱི་ཤེས་ལྡན་མི་སྣ་ཟམ་མི་ཆད་པར་ཐོན་ནས། རིག་གནས་ཀྱི་རྫོང་ཆེན་འདིའི་གི་རྩ་བ་ལོ་རྒྱུས་ཀྱིས་ཕྱུག་ནས་དུས་རབས་ཀྱི་རྒྱན་ཆ་ཞིག་ཏུ་གྱུར་ཡོད། “དམིགས་བསལ་གཉིས”དང་། “ཁེངས་ཡོད་པ་གཉིས”། “ནུས་པ་བཞི”། “ངེས་པར་དུ་བཞི”། མ་འོངས་པའི་ལག་ཤེས་བཟོ་རྩལ་དང་། རིག་གནས་གསར་གཏོད་ཡུལ་སྐོར་ཐོན་རྫས་ཀྱི་ཚོང་རྟགས་གྲགས་ཅན་བསྐྲུན་རྒྱུ། ཁྱད་པར་དུ་གླིང་གེ་སར་ལོ་རྒྱུས་དང་ཟུར་ལུགས་གསོ་རིག་གི་སྔོག་འདོན། མཐུན་ཚོགས་ཁག་ལ་གར་སྟེགས་བསྐྲུན་ནས་སྡེ་དགེའི་རིག་གནས་་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ། རླབས་ཆེ་བའི་དུས་རབས་འདི་འདྲ་ཞིག་གི་ནང་དུ་རིག་རྩལ་ལས་སྒྲུབ་པ་དག་ལ་ལྗིད་ཏིག་ཏིག་གི་འགན་འཁྲི་ཕྲག་ཏུ་ཡོད་པ་དང་། མདུན་ལམ་ཆེན་ལ་མདུན་ལྗོངས་རིང་། རྒྱ་ཆེའི་རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་ལས་སྒྲུབ་པས་འགན་འཁྲིར་ངོ་མི་གནོང་བ་དང་། རང་གཅུན་རང་ནན་པོ་བྱས་ཏེ། དུས་རབས་ཀྱི་སྣེ་ཁྲིད་པ་བྱ་དགོས། བསམ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་སྡེ་དགེ་རྫོང་གི་རིག་གནས་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས“རིག་གནས་སྡེ་དགེ”སྒོ་ཀུན་ནས་བསྐྲུན་ཕྱིར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།