ཟླ་6ཚེས་23ཉིན། མི་རྣམས་ཀྱིས་རྒྱ་གར་པང་ཀ་ལོར་དུ་ཏོག་གསར་གློ་ཚད་བརྟག་དཔྱད་བྱེད་བཞིན་པ།
རྒྱ་གར་དུ་རིམས་བརྩིས་བྱས་ན་ཏོག་གསར་གློ་ཚད་རིམས་ནད་གཏན་འཁེལ་བྱུང་བའི་ནད་དཔེ་ཁྲི་3000ཟིན་པ་དང་། ཨ་རིའི་རྗེས་སུ་གྲངས་ཀ་འདི་ལས་བརྒལ་བའི་རྒྱལ་ཁབ་ཏུ་གྱུར་བ་རེད། ཟླ་ཕྱེད་རིང་རྒྱ་གར་གྱི་རིམས་འགོག་རྣམ་པ་ཇེ་ལེགས་སུ་ཅུང་ཙམ་གྱུར་ཡོད་ནའང་། ཏོག་གསར་གློ་ཚད་ནད་དུག་བྱུང་ཚད་དང་རིམས་འགོག་སྨན་ཁབ་བརྒྱབ་པའི་བསྡུར་ཚད་ཅུང་དམའ་བ་དང་། བཀག་སྡོམ་སྒྲོལ་བ་ལས་མི་སྣ་འགྲོ་འོང་མང་བ་སོགས་ཀྱི་རྐྱེན་གྱིས་རྒྱ་གར་དུ་མ་འོངས་པར་རིམས་ནད་གནས་ཚུལ་སྔར་བཞིན་ངེས་གཏན་ཞིག་མ་རེད། རིགས་གཅིག་མཁས་པ་མང་པོས་ཉེན་བརྡ་བཏང་སྟེ། རྒྱ་གར་དུ་ཏོག་གསར་གློ་ཚད་རིམས་ནད་སྐོར་ཐེངས་གསུམ་པ་འབྱུང་སྲིད་པ་བཤད།