དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་བྱེད་སྒོའི་ཟུར་བྲིས།
《ཏང་གི་འོད་ཟེར་དཀར་མཛེས་ཁུལ་ལ་འཕྲོས》ཞེས་པའི་གྱེར་འདོན།
སྐྱེས་པའི་ཁེར་གླུ་སྟེ《ལྷ་བྱ་འཕུར་ཡོང་།》
ལོ་བརྒྱའི་ཐུན་མོང་མ་ཡིན་པའི་ལོ་ཟླ། ལོ་བརྒྱའི་འོད་སྟོང་འབར་བའི་བརྒྱུད་རིམ།
སྤྱི་ཟླ6པའི་ཚེས25ཉིན་གྱི་དགོང་མོར། སྙན་ཞིང་འཇེབས་པའི་ལོ་བརྒྱ་འཁོར་བར་བསྟོད་པའི་གླུ་དབྱངས་ཤིག་དཀར་མཛེས་ཁུལ་གྱི་ས་གཞི་ཆེན་པོར་གྲགས་ནས་མི་མང་པོར་སེམས་འགུལ་ཐེབས་སུ་བཅུག དུས་གཏན་དུ་ཏང་གི་རྗེས་སུ་འབྲངས་ཞེས་པའི་དཀར་མཛེས་ཁུལ་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་དེ་ཁུལ་མི་རིགས་ལུས་རྩལ་ཁང་དུ་སྤྲོ་སེམས་ཆེན་པོ་འཕེལ་ནས་སྤེལ་བ་རེད། གླུ་ལེན་གར་འཁྲབ་ལ་མཁས་པའི་དཀར་མཛེས་ཁུལ་གྱི་བུ་ཕྲུག་རྣམས་ཀྱིས་བརྗིད་ཉམས་ལྡན་པའི་རིག་རྩལ་འཁྲབ་སྟོན་གྱི་རྣམ་པའི་ཐོག་ནས་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་འཁྲུངས་སྐར་ལ་ལེགས་སྐྱེས་འབུལ་བ་དང་སྒྱུ་རྩལ་གྱི་ཐོག་ནས་ལོ་བརྒྱའི་རིང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་སླར་ཡང་མངོན་པར་བྱས། དཀར་མཛེས་ཁུལ་གྱི་མི་རིགས་ཁག་གི་བུ་ཕྲུག་ཁྲི120ཡིས་ཏང་གི་རྗེས་སུ་འབྲངས་པ་དད་སེམས་བརྟན་པོ་དང་འབད་འཐབ་བྱེད་པའི་བརྩེ་སེམས་ཀྱི་བསྟོད་གླུ་ལེན་པ་རེད།
ཏང་གི་གཟབ་རྒྱས་ཀྱི་མཛད་སྒོ། མི་དམངས་ཀྱི་དུས་ཆེན། རིག་རྩལ་འཁྲབ་སྟོན་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་ཁུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་ཡུལ་སྐོར་ཅུས། ཁུལ་མི་རིགས་གླུ་གར་ཚོགས་པས་སྒྲུབ་གཉེར་བྱས་པ་རེད། འཁྲབ་སྟོན་པ260ལྷག་ཙམ་འཛོམས་ནས་གླུ་གར། གྱེར་འདོན་སོགས་ཀྱི་སྒྱུ་རྩལ་འཁྲབ་སྟོན་བྱས་ཏེ་ཕྱོགས་ཡོངས་ནས་ཀྲུང་གོ་གུང་ཁྲན་ཏང་གིས་གོམ་པ་རེ་རེ་བསྐྱོད་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུའི་ཐོག་དཀར་མཛེས་ཁུལ་གྱི་བུ་ཕྲུག་གིས་ཏང་གི་མགོ་ཁྲིད་འོག་འབད་འབུངས་མདུན་སྐྱོད་དང་མཛེས་སྡུག་ལྡན་པའི་འཚོ་བར་གཏོད་པའི་དོན་དངོས་ཀྱི་རྣམ་པ་གསོན་ཉམས་ལྡན་པའི་ངང་མངོན་པར་བྱས་ཡོད།
ཆར་རླུང་ཁྲོད་ནས་ཡོང་བའི་ལམ་བུ་མི་བརྗེད།འགན་འཁྲི་སེམས་ལ་བརྟན་པོར་བཅངས་ནས་ཐོག་མའི་བསམ་འདུན་སྲུང་། རིག་རྩལ་འཁྲབ་སྟོན་བྱ་ཡུལ་དུ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་བསྟོད་གླུ་ཕུལ་བ་དང་། རླབས་ཆེ་བའི་བྱས་རྗེས་བཞག་པའི་ཏང་ལ་དགའ་ཞེན་ཚད་མེད་དང་སྨོན་འདུན་བཟང་པོ་བཏབ་པ་རེད།
《སྔོ་ལྗང་རི་ཆུ》ཞེས་པའི་འཁྲབ་ཚན།
《ཧྲུའུ་ཅི་དང་པོ》ཞེས་པའི་འཁྲབ་ཚན།
འཁྲབ་སྟོན་བྱ་ཡུལ་དུ།གླུ་ལེན་གར་འཁྲབ་བྱས་ནས་ཏང་གི་བཀའ་དྲིན་བསྟོད།
ལོ100ཡི་རིང་ཀྲུང་གོ་གུང་ཁྲན་ཏང་མིས་མི་རབས་ནས་མི་རབས་བར་འགྱུར་མེད་ཀྱི་དད་སེམས་བཅངས་ནས་འཛམ་གླིང་སྐྱེ་བོ་ཀུན་ཧང་སངས་དགོས་པའི་འོད་སྟོང་འཕྲོ་བའི་གསར་བརྗེའི་ལེའུ་ཞིག་བརྩམས་ཡོད།དཔེར་ན། དམར་དམག་གིས་ལྕགས་ཟམ་མྱུར་འཕྲོག་བྱས་པ་དང་། ཀྲུའུ་ཏེ་དང་དགེ་རྟགས་སྤྲུལ་སྐུ་སྐུ་ཕྲེང་ལྔ་པས་མི་རིགས་མཐུན་སྒྲིལ་གྱི་མཛའ་གྲོགས་ཟབ་མོ་གླེང་བ།བོད་རིགས་མང་ཚོགས་ཀྱིས་དམར་དམག་ལ་འབྲུ་རིགས་གསོག་འཇོག་བྱས་པ། བོད་རིགས་སྤུན་ཟླ་སྟོང་ཕྲག་ཁ་ཤས་དམར་དམག་ནང་ཞུགས་པ་སོགས་ཀྱི་གསར་བརྗེའི་དྲན་ཤེས་དེ་དག་དཀར་མཛེས་ཁུལ་གྱི་ས་གཞི་ཆེ་མོར་འཕྲོས་ཡོད། དེ་མིན《ཉེན་བའི་གཡང་གཟར་འུ་ལ》《དམར་དམག་བསུ་བ》《ཏང་གི་རྗེས་སུ་འབྲངས།》《གླུ་ཞིག་བླངས་ནས་ཏང་ལ་ཕུལ།》《འབྲོག་གླུ་སྙན་མོ་ཏང་ལ་ཕུལ》ཞེས་པ་སོགས་ཏང་གི་དྲིན་གཟོ་མཚོན་པའི་གླུ་སྐད་སྙན་མོས་བར་སྣང་ཡོངས་སུ་དཀྲོགས།
ཁུལ་མི་རིགས་གླུ་གར་ཚོགས་པའི་ཚོགས་གཙོ་གཞོན་པ་ཡེ་དགས་དམར་དམག་རྒྱང་སྐྱོད་དེ་དཀར་མཛེས་ས་ཁུལ་དུ་ཟླ་བ15རིང་གི་སྤེལ་ཡོད་པར་བརྟེན།དེ་ནི་ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ཐོག་གི་འོད་སྟོང་འཕྲོ་བའི་ལེའུ་ཞིག་ཡིན་ཞིང་། དེས་ན་ང་ཚོའི་འཁྲབ་སྟོན་གྱི་ཐོག་མའི་དཔྱད་གཞི་ཚང་མ་དམར་དམག་རྒྱང་སྐྱོད་ཀྱི་གཏམ་རྒྱུད་དངོས་ལས་བྱུང་བ་ཤ་སྟག་ཡིན། ང་ཚོས་ལྟད་མོ་བར་རླབས་ཆེན་གྱི་སྙིང་སྟོབས་དང་འཚོ་བ་དངོས་བསྟན་པ་ནི་བོད་རྒྱ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་དཀར་མཛེས་ཁུལ་གྱི་མི་རིགས་ཁག་གི་བུ་ཕྲུག་ནམ་ཡང་ཏང་གི་རྗེས་སུ་འབྲངས་རྒྱུ་དེ་ཡིན། ལོ100ཡི་རིང་ཏང་གི་མགོ་ཁྲིད་འོག་ཀྲུང་གོ་མི་དམངས་ཀྱིས་བློ་སྟོབས་གཅིག་སྒྲིལ་གྱིས་འབད་འབུངས་ཡར་བརྩོན་བྱས་ནས་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་ཀྱི་བརྗིད་ཉམས་ཆེ་བའི་ལོ་རྒྱུས་སྙན་ངག་བརྩམས་ཏེ་ལག་གཉིས་ལ་བརྟེན་ནས་ང་ཚོའི་འཚོ་བར་གནམ་ས་བླ་འོག་ཏུ་བསྒྱུར་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ཅེས་བཤད།
འཁྲབ་སྟོན་པ་ཚོས《འབྲོག་གླུ་སྙན་མོ་ཏང་ལ་ཕུལ》ཞེས་པ་ནས《ཧྲུའུ་ཅི་དང་པོ》དེ་ནས《རི་སྔོན་ཆུ་དྭངས》ཞེས་པར་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་རང་ཁུལ་འདི་ཉིད་ཀྲུང་གོ་གསར་པས་ཆེས་ཐོག་མར་བཙུགས་པའི་ས་ཁུལ་རིམ་པའི་རང་སྐྱོང་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཞིང་བྲན་ཡར་ལངས་ཀྱི་བདག་པོར་གྱུར་པ།དམངས་གཙོའི་བཅོས་བསྒྱུར་ལ་རྒྱལ་ཁ་ཐོབ་པ།གོམ་པ་རེ་རེ་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་བསྐྱོད་པ། བཅོས་བསྒྱུར་སྒོ་འབྱེད་ཀྱི་དཔྱིད་རླུང་འུ་ལག་རི་བོ་བརྒལ་ནས་ཁམས་པའི་མཐོ་སྒང་དུ་བསྐྱོད་ནས་དབུལ་ཐར་འགག་སྒྲོལ་བྱས་ཏེ་མི་རིགས་གཅིག་ཀྱང་རྗེས་ལུས་མི་ཐེབས་པའི་ཏང་གི་སྲིད་ཇུས་བཟང་པོའི་འོག་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱུང་བའི་རྣམ་པ་བསྟན་ཡོད།
འཁྲབ་སྟོན་དེ་བརྩེ་སེམས་ཟབ་ལ་འཁྲུག་ཆ་དོད་པའི་མཉམ་གཞས《འོད་སྟོང་འཕྲོ་བའི་ཉི་འོད་འོག》དང《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》ཅེས་པའི་ཁྲོད་མཇུག་འགྲིལ་བ་དང་དཀར་མཛེས་ཁུལ་གྱི་བུ་ཕྲུག་ཚོས་ཏང་དང་མེས་རྒྱལ་ལ་བཅངས་པའི་སྨོན་འདུན་བཟང་པོ་བརྒྱུད་སྤྲོད་བྱེད་བཞིན་མཆིས།
《ལྕགས་ཟམ་འཕྲོག་ལེན》བྱས་ཚུལ་མཚོན་པའི་མཉམ་འཁྲབ།
《གཏན་དུ་ཏང་གི་རྗེས་སུ་འབྲངས》ཞེས་པའི་འཁྲབ་ཚན།
འཁྲབ་སྟོན་མི་སྣས། འབད་བརྩོན་ལྷོད་མེད་ཀྱིས་སྤུས་ཀ་འགན་ལེན་བྱས།
ཐེངས་འདིའི་འཁྲབ་སྟོན་ནང་འཁྲབ་སྟོན་པ་དང་ལས་སྒྲུབ་མི་སྣ260ལྷག་ཙམ་ཞུགས་ཡོད་པ་དང་། ལེ་ཚན་ཁག་གཅིག་ལོ་མགོ་ནས་ད་ལྟའི་བར་ནང་སྦྱོང་བྱས་ཡོད། དེའི་རིང་འཁྲབ་སྟོན་གྱི་སྤུས་ཀ་ཡག་པོ་ཡོང་ཆེད། འཁྲབ་སྟོན་པ་ཡོངས་ཀྱིས་དུས་ཆེན་དང་ངལ་གསོའི་དུས་ཚོད་ཚང་མ་དོར་ནས་བློ་སེམས་གཅིག་སྒྲིམ་གྱིས་ནང་སྦྱོང་བྱས་པ་རེད། ལྷག་པར་དུ་ཟླ་བ་གཉིས་རིང་ལ་ང་ཚོས་ཉིན་ལྟར་ཞོགས་པའི་ཆུ་ཚོད་བརྒྱད་དང་ཕྱེད་ཀ་ནས་དགོང་མོའི་ཆུ་ཚོད་བརྒྱད་པའི་བར་ནང་སྦྱོང་བྱས་ཤིང་། སྐབས་འགར་དེ་བས་ཕྱི་ཙམ་བྱས་ཡོད། ཞབས་བྲོ་འཁྲབ་སྟོན་པ་ཚང་མས་ཉུང་མཐའ་ཡང་ལེ་ཚན་ཁ་ཤས་འཁྲབ་འགན་འཁུར་ཡོད། འཁྲབ་སྟོན་པ་ལ་ལར་ནད་ཕོག་པ། འཁྲབ་སྟོན་པ་ལ་ལར་ནང་སྦྱོང་ཁྲོད་རྨས་སྐྱོན་ཐེབས་པ་རེད། ཡིན་ཡང་འཁྲབ་སྟོན་པ་སུས་ཀྱང་སྡུག་སྐད་རྒྱག་པ་དང་འཁྲབ་སྟོན་མི་བྱེད་མཁན་མེད་པ། ཚང་མས་རང་ཉིད་འཁྲབ་སྟོན་གྱི་སྤྲོ་སེམས་དང་གླུ་གར་གྱི་རབ་ཏུ་རྒྱས་པའི་བསམ་པའི་ཐོག་ནས་གར་སྟེགས་མངོན་པར་བྱས་ཡོད་ཅེས་ཡེ་དགའ་ཡིས་གསར་འགོད་པར་དེ་ལྟར་ངོ་སྤྲོད་བྱས་པ་རེད།
ཟོལ་མེད་ཀྱི་དམ་བཅའ།
ལྟད་མོ་བར། སྟོན་མོ་མིག་ལ་མཛེས་ཤིང་སློབ་གསོ་ཐེབས།
དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་པའི་ནང་སྐྱེས་པའི་ཚའེ་ཅྭ་ལི་ཡིས་མྱོང་ཚོར་ཟབ་མོ་ཡོད་པའི་ངང་ནས་དེ་རིང་ལྟད་མོ་བ་མང་པོ་ཞིག་གིས་རང་གི་བྱིས་པ་ཁྲིད་ནས་འཁྲབ་སྟོན་ལ་ལྟད་མོ་ལྟ་བཞིན་འདུག ད་ལྟ་ཆེས་བཟང་བའི་དུས་རབས་འདི་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ། མ་འོངས་གསར་གཏོད་བྱ་རྒྱུ་དེ་གཞོན་ནུའི་མི་རབས་ལ་ཐུག་ཡོད་པ་རེད་ཅེས་བཤད།