སྤྱི་ཟླ6པའི་ཚེས28ཉིན་ལ། རང་ཁུལ་གྱིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་གྲོས་ཚོགས་འཚོགས་ཏེ། ཏང་གི་ལོ་རྒྱུས་ལམ་བུ་འོད་སྟོང་འཕྲོ་བ་བསྐྱར་དྲན་དང་ཏང་གི་བྱས་རྗེས་གཟེངས་སུ་ཐོན་པ་བསྟོད་བསྔགས། སྔོན་ཐོན་དཔེ་མཚོན་ལ་གཟེངས་བསྟོད་བཅས་བྱས་ནས་ཁུལ་ཡོངས་ཀྱི་ཏང་མི་ལས་བྱེད་པས་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོར་བཅངས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱ་ཆེད་བྱས་རྗེས་གསར་པ་དང་ངོ་མཚར་གསར་པ་བསྐྲུན་དགོས་པའི་སྐུལ་མ་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་བཞུགས་མོལ་གྲོས་ཚོགས་སུ་ཞུགས་ཤིང་གསུང་བཤད་ཀྱང་གནང་།
གུང་ཁྲན་ཏང་ཡོན་ཕུལ་བྱུང་།
ཏང་དོན་ལས་སྒྲུབ་པ་ཕུལ་བྱུང་།
སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས།
གྲོས་ཚོགས་ཐོག་ཏུ《ཀྲུང་གུང་དཀར་མཛེས་ཁུལ་གྱིས་གུང་ཁྲན་ཏང་མི་ཕུལ་དུ་བྱུང་བ་དང་ཏང་དོན་ལས་སྒྲུབ་པ་ཕུལ་དུ་བྱུང་བ། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས》སྒྲོག་འདོན་བྱས་ཤིང་། ཏང་མི་ཕུལ་དུ་བྱུང་བ72དང་ཏང་དོན་ལས་སྒྲུབ་པ་ཕུལ་དུ་བྱུང་བ40དང་། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས70བཅས་ལ་གཟེངས་བསྟོད་བྱ་རྒྱུའི་གཏན་འབེབས་བྱས།
ཚོགས་ཐོག་ཏུ་གཟེངས་བསྟོད་ཐོབ་པའི་ཏང་མི་ཕུལ་དུ་བྱུང་བའི་འཐུས་ཚབ6དང་ཏང་དོན་ལས་སྒྲུབ་པ་ཕུལ་དུ་བྱུང་བའི་འཐུས་ཚབ6དང་། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐུས་ཚབ8བཅས་ལ་གཟེངས་བསྟོད་བྱ་དགའ་སྤྲད་ཅིང་། གཟེངས་བསྟོད་ཐོབ་པའི་འཐུས་ཚབ3དང་ཏང་མི་རྒན་གྲས2དང་། ལས་བྱེད་པ་རྒན་གྲས་ཀྱི་འཐུས་ཚབ་བཅས་ཀྱིས་ཚོགས་ཐོག་ལ་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་བྱས་པ་རེད།
ཧྲི་ཀང་གིས་ཁུལ་ཨུའི་ཚབ་མཛད་དེ་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་སྤྲོ་སེམས་འཕེལ་བའི་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག། ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་མི་ཡོངས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པ་རེད། ཧྲི་ཀང་གིས་ད་ལོ་ནི་ཏང་བཙུགས་ནས་ལོ100འཁོར་བ་ཡིན་ཞིང་། ཁུལ་ཡོངས་ཀྱི་རིམ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་མི་ལས་བྱེད་པས་ཏང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན་བྱས་ཏེ། ཁུལ་ཨུའི་ལས་དོན་སྤྱིའི་བཀོད་སྒྲིག་ལ་དམ་པོར་དམིགས་ཤིང་། མ་བསྐུལ་དང་ལེན་གྱིས་འགན་འཁྲི་ཁུར་བ་དང་དོན་གཉེར་འཇོན་ནུས་བཏོན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་གསར་དུ་སྟོབས་ཤུགས་དགེ་མཚན་ལྡན་པ་ཕུལ་ཏེ། གྲུབ་འབྲས་གཡུར་དུ་ཟ་བས་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་གསུངས་པ་རེད།།