ཏང་གི་ལོ་རྒྱུས་སློབ།། གསར་བརྗེ་རྒྱུད་འཛིན་བྱེད།།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གསང་བདག་སྒྲོལ་མས་སྒྱུར་སྒྲིག་བྱས། སྤེལ་དུས། 06-28



རྔ་བ་ཁུལ་གྱི་རྫོང(གྲོང་ཁྱེར)སོ་སོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཟབ་སྦྱོང་དང་ཟབ་སྤེལ་བྱས།

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་མགོ་ཚུགས་པ་ནས་བཟུང་། རང་ཁུལ་གྱི་རྫོང(གྲོང་ཁྱེར) སོ་སོས་དོན་དངོས་ལ་གཞིགས་པ་དང་། དོན་འཁྱོལ་ལ་དམ་པོར་དམིགས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་བཞིན་ཡོད།


    རྔ་བ་ཁུལ་གྱི་ལས་འཁྱུར་ངལ་གསོ་པ་རྣམས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་གཙོའི་བྱེད་སྒོ་རབ་དང་རིམ་པ་སྤེལ།
    ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་ཆེད་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་ཆེད། ཟླ་6ཚེས་18ཉིན་རང་ཁུལ་གྱི་ལས་འཁྱུར་ངལ་གསོ་བ་རྣམས་ཀྱིས་ཏུའུ་ཅང་ཡན་གྲོང་ཁྱེར་དུ་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་གཙོའི་བྱེད་སྒོ་རབ་དང་རིམ་པ་སྤེལ།
    ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔའི་བར་དུ་ཁུལ་ཡོངས་ཀྱི་ཏང་ཡོན་རྒན་པ་དང་ལས་བྱེད་པ་རྒན་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཚོགས་འདུ་ཐེངས་120དང་། ཆེད་དོན་ཟུར་ཁྲིད་ཚོགས་འདུ་ཐེངས་221། བཞུགས་མོལ་ཚོགས་འདུ་དང་གྲོས་བསྡུར་ཐེངས་138། བརྗོད་གཙོའི་ཏང་གི་ཉིན་མོའི་བྱེད་སྒོ་ཐེངས་423། ཏང་གི་སློབ་གྲྭ་ཆུང་ངུའི་ཆེད་དོན་སློབ་ཁྲིད་ཐེངས་140སྤེལ་བ་དང་། ཏང་ཡོན་རྒན་པ་དང་ལས་བྱེད་པ་རྒན་པ་26གིས་བརྗོད་གཙོའི་སྒྲོག་འགྲེལ་སྤེལ་ཞིང་། རྒན་པ་ལྔའི(ལས་བྱེད་པ་རྒན་པ་དང་འཐབ་འཛིང་བ་རྒན་པ། མཁས་པ་རྒན་པ། དགེ་རྒན་རྒན་པ། མིག་དཔེ་རྒན་པ།)སྔོན་ཐོན་དཔེ་བཟང་གི་ཆེད་དོན་སྙན་ཞུ་ཐེངས་110དང་། ལས་འཁྱུར་ངལ་གསོ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིས་ཏང་གི་སློབ་ཚན་ཐེངས་160ཁྲིད་ལ། སློབ་གསོ་ཐོབ་པའི་བློ་མཐུན་རྒན་པ་ཁྲི་2.3ལྷག་ཟིན་པ་དང་། ཁུལ་ཡོངས་ཀྱི་ཏང་ཡོན་རྒན་པ་དང་ལས་བྱེད་པ་རྒན་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།


མཛོད་དགེ་རྫོང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཤེས་བྱ་འགྲན་སྡུར་སྤེལ།
    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རྣམ་པ་ཕུན་སུམ་ཇེ་ཚོགས་དང་། སློབ་སྦྱོང་གི་ཁོར་ཡུག་བཟང་བོ་ཞིག་སྐྲུན་ཆེད། ཉེ་ཆར། མཛོད་དགེ་རྫོང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གཞུང་ལས་ཁང་གིས་གཙོ་སྒྲུབ་བྱས་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཤེས་བྱ་འགྲན་སྡུར་དེ་རྫོང་ཨུའི་གྲོས་ཚོགས་ལྟེ་གནས་སུ་སྤེལ་བ་དང་། རྫོང་ཡོངས་ཀྱི་ལས་ཁུངས་དང་གྲོང་རྡལ་སོ་སོའི་ལས་བྱེད་པའི་འཐུས་མི་བརྒྱ་ལྷག་ཤེས་བྱ་འགྲན་སྡུར་དུ་ཞུགས། ཐེངས་འདིའི་འགྲན་སྡུར་དུ་རྒྱུགས་ལེན་ཁ་བྱང་45ཡོད་པ་དང་། དེ་ལས་སྣ་གཅིག་གདམ་གསེས་དང་སྣ་མང་གདམ་གསེས། བརྡར་ཤ་གཅོད་པ་སོགས་ཡོད།
    ཤེས་བྱའི་འགྲན་སྡུར་དེ་སྤེལ་བ་བརྒྱུད། འགྲན་ཞུགས་པ་དང་རྒྱ་ཆེའི་ལས་བྱེད་པ་རྣམས་ལ་ཀྲུང་གོའི་གུང་ཁྲན་ཏང་གི་མཚར་སྡུག་འོད་སྟོང་འབར་བའི་ལོ་རྒྱུས་བསྐྱར་དྲན་བྱེད་དུ་བཅུག་པར་མ་ཟད། ཏང་གི་ལོ་རྒྱུས་ཤེས་བྱ་ཁྱབ་གདལ་དང་གསར་བརྗེའི་རིག་གནས་དར་སྤེལ་བཏང་བ་དང་། ཏང་ཡོན་གྱི་ཀུན་སྤྱོད་ཇེ་ལེགས་དང་རུལ་འགོག་ནུས་པ་ཇེ་ཆེ། ལས་འགན་གྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་།
    བྱེད་སྒོ་མཇུག་འགྲིལ་རྗེས། ལས་བྱེད་པ་ཡོངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཤེས་བྱར་སྤྲོ་སེམས་ཡོད་པ་དེ་སློབ་སྦྱོང་དང་ལས་ཀའི་སྒུལ་ཤུགས་སུ་བཟུང་སྟེ། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་བསུ་དགོས་ཞེས་བཤད།

 3 
འབར་ཁམས་གྲོང་ཁྱེར་གྱི་སྐོར་བྲོ་རུ་ཁག་གིས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བ་དང་སྐོར་བྲོ་མཛའ་འབྲེལ་ལྷན་ཚོགས་སྐབས་དང་བོ་འཚོགས།
    ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཏང་གི་བྱས་རྗེས་རླབས་ཆེན་ལ་བསྔགས་བརྗོད་བྱ་ཆེད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཞིབ་ཚགས་ངང་སྤེལ་ཆེད། བོད་རིགས་དང་ཆའང་རིགས་ཀྱི་སྐོར་བྲོ་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཅས་བྱ་ཆེད། ཉེ་ཆར་རྔ་བ་ཁུལ་རྒྱལ་རོང་གདོད་མའི་སྐོར་བྲོ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་བའི་འབར་ཁམས་གྲོང་ཁྱེར་གྱི་སྐོར་བྲོ་རུ་ཁག་གིས་ཏང་བཙུགས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བ་དང་སྐོར་བྲོ་མཛའ་འབྲེལ་ལྷན་ཚོགས་སྐབས་དང་བོ་དེ་རྔ་བ་ཁུལ་མི་རིགས་རིག་གནས་ཐང་ཆེན་དུ་འཚོགས་ཤིང་། འབར་ཁམས་གྲོང་ཁྱེར་གྱི་སྐོར་བྲོ་རུ་ཁག་12དང་མི་300ལྷག་ཞུགས་ཡོད།
    བྱེད་སྒོ་དེ་སྐོར་བྲོ་རུ་ཁག་ཡོངས་ཀྱིས《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་བ་མེད 》ཅེས་པའི་གླུ་དབྱངས་བླངས་པ་ནས་མགོ་བརྩམས་ཤིང་། དེའི་འཕྲོར་སྐོར་བྲོ་རུ་ཁག་སོ་སོས་སྤྲོ་སེམས་འཁོལ་བའི་སྒོ་ནས་འཁྲབ་སྟོན་བྱས་ཏེ་ཏང་དང་མེས་རྒྱལ་ལ་བཅངས་པའི་བརྩེ་སེམས་མཚོན་པ་དང་། མི་དམངས་མང་ཚོགས་ཀྱིས་ཏང་དང་མེས་རྒྱལ། ཁྱིམ་ཚང་ལ་དགའ་བའི་བརྩེ་སེམས་ཀྱང་མཚོན།
    བྱེད་སྒོ་དེས་འཁྲབ་སྟོན་པ་ཡོངས་ལ་ཏང་དང་རྒྱལ་ཁབ་ལ་གཅེས་པའི་སྤྲོ་སེམས་འཕེལ་བ་དང་། རང་ཁུལ་གྱི་མི་རིགས་སོ་སོས་ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་བསུ་བ་ཞུ་བའི་སྤྲོ་སྣང་གང་ལེགས་མཚོན་པར་མ་ཟད། བོད་རིགས་དང་ཆའང་རིགས་ཀྱི་སྐོར་བྲོ་རིག་གནས་རྒྱུན་འཛིན་དང་གྲོང་གསེབ་དར་རྒྱས་། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་ཀྱི་ཐད་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1