ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པ་དང་། བོད་ལྗོངས་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པ། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་སློབ་སྒྲུབ་གཉེར་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་ཆེད། ཉེ་ཆར། བོད་ལྗོངས་མི་རིགས་སློབ་ཆེན་གྱིས“ཏང་གི་ལོ་རྒྱུས་དབྱངས་སུ་གྱེར”ཞེས་པའི་གླུ་གཞས་འགྲན་བསྡུར་སྤེལ་བ་དང་། སློབ་གྲྭ་ཡོངས་སུ་དགེ་སློབ་ཀྱི་འཐུས་མི2000ལྷག་དང་འཐུས་ཚབ་རུ་ཁག16འགྲེམས་འཁྲབ་བྱ་འགུལ་ནང་ཞུགས་པ་རེད། ཞི་ཨན་དུ་བཅའ་སྡོད་བྱས་པའི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའུ་ཡི་མགོ་ཁྲིད་ལས་བྱེད་པ་གདན་ཞུས་ལྟར་བྱ་འགུལ་ལ་ཞུགས་ཡོད། ཐེངས་འདིའི་བྱ་འགུལ་དྲ་ཐོག་ཐད་གཏོང་བྱས་པ་བརྒྱུད་ལྟད་མོ་བ་ཁྲི2ལྷག་གིས་དྲ་ཐོག་ཏུ་དུས་མཉམ་དུ་བལྟས་པ་རེད། །