རྔ་བ་ཁུལ་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་བརྗོད་དོན་འགྲེམས་སྟོན་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 07-01


        ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་འཁྲུངས་སྐར་སླེབས་ལ་ཉེ་བའི་སྐབས་འདིའི་ཟླ6པའི་ཚེས27ཉིན་གྱི་སྔ་དྲོར། “ལོ་བརྒྱའི་ཏང་གི་ལོ་རྒྱུས། དྲིན་གཟོའི་མདུན་དུ་སྐྱོད་པ།  རྔ་བ་ཁུལ་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”འབར་ཁམས་གྲོང་ཁྱེར་ཁུལ་རིག་གནས་ཁང་གི་ཐང་ཆེན་དུ་སྤེལ། 

        བརྗོད་དོན་གཙོ་བོའི་འགྲེམས་སྟོན་བྱ་ཡུལ་གྱི་ཞིབ་ཅིང་ཕྲ་བའི་དཔྱད་གཞིའི་ཡིག་ཆ་དང་གསོན་ཉམས་དོད་པའི་རྣམ་པས་ཚང་མའི་ཡིད་དབང་འཕྲོག་ཡོད། ཁུལ་ཡོངས་ནས་ཡོང་བའི་ཏང་ཡོན་འཐུས་མི་གསར་པ100ཡིས་འགྲེལ་བཤད་ལ་ནན་ཏན་ངང་ཉན་པ་དང་ལྟ་སྐོར་བྱས་ཤིང་། ཕན་ཚུན་ལ་ལྟ་སྐོར་གྱི་མྱོང་ཚོར་བརྗེ་རེས་བྱས། ཁོང་ཚོས་གཅིག་རྗེས་གཉིས་མཐུད་ངང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། སྔོན་ཐོན་ལ་དམིགས་པ་དང་སྔོན་ཐོན་ལ་སློབ་སྦྱོང་། སྔོན་ཐོན་བརྩོན་ལེན་བཅས་བྱེད་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཐོག་མའི་ཕུགས་འདུན་ལག་བསྟར་དང་འགག་སྒྲོལ་དཀའ་སེལ་ཁྲོད་འགན་འཁྲི་ལག་ལེན་དུ་བསྟར་བ། དད་སེམས་བརྟན་པོ་དང་ཏང་ལ་ལྷག་བསམ་རྣམ་དག་བཅས་བྱས་ནས། རྔ་བ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཧུར་ཐག་གིས་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1