ཡུ་གུ་ནི་རྒན་པ་དང་དར་མ་རྣམས་ཧ་ཅང་དགའ་བའི་ཟས་རིགས་ཤིག་ཡིན་ལ།རྒྱུན་དུ་ཡུ་གུ་སྤྱད་ན་ལུས་པོ་བདེ་ཐང་ཡོང་བར་ཕན་པ་ཆེན་པོ་ཡོད།
གཅིག ཡུ་གུར་འདུས་པའི་ཚད་མ་ལོངས་པའི་ཚིལ་སྐྱུར་དངβརྒུན་འདྲེས་ཧྭགས་ནི་ལུས་པོའི་རྙིང་ཚབ་གསར་བརྗེ་བརྟན་བརླིང་ཡོང་བ་དང་ཁྲག་ཧྭགས་ཚོད་འཛིན་བྱེད་པ།སྙིང་གི་ཁྲག་རྩའི་ནད་འབྱུང་ཚད་ཇེ་དམའ་རུ་གཏོང་བ་སོགས་ལ་ཕན་པ་ཆེན་པོ་ཡོད།
གཉིས། ཡུ་གུར་སྣུམ་སྐྱུར་འབྲིང་མ(亚油酸)དང་ཆལ་དམར་རྒྱུ(皂甙素)ཕུན་སུམ་ཚོགས་པོ་འདུས་པས།དྭངས་ཁྲག་མཁྲིས་རྒྱུ་གཤེར་རྩི་དང་ཀན་སྣུམ་གསུམ་ཞག(甘油三酯)ཇེ་དམའ་རུ་གཏོང་བར་ཕན་པ་ཆེན་པོ་ཡོད་ལ།མཆིན་པ་ཚིལ་འགྱུར་གྱི་ནད་སྔོན་འགོག་དང་གསོ་བཅོས་བྱེད་པའི་ཐད་ལའང་ཕན་པ་ཆེན་པོ་ཡོད།
གསུམ། རྒྱུན་དུ་ཡུ་གུ་སྤྱད་ན་ལུས་པོའི་པགས་པ་ཇེ་འཇམ་དུ་འགྲོ་བ་རེད།ཨ་མེ་རི་ཁའི་ཟས་རིགས་དང་སྨན་རྫས་དོ་དམ་ཅུས་ཀྱིས་སྤྱིན་གཟུགས་ཡུ་གུ་ལ་པགས་ནད་འགོག་བཅོས་བྱེད་པའི་ནུས་པ་བླ་མེད་ཅིག་ཡོད་པར་བསམ་ཏེ་པགས་པར་བདག་སྐྱོང་བྱེད་པའི་དངོས་རྫས་སུ་སྤྱོད་ཀྱིན་ཡོད།
བཞི །ཡུ་གུར་ད་རུང་ཕོ་རྒྱུའི་ནུར་འགུལ་དང་བཤང་འགག་པ་གསོ་བཅོས་བྱེད་པའི་ནུས་པ་མི་དམན་པ་ཞིག་ཡོད།
ཡུ་གུ་དང་འོ་མ།སྲན་ཁུ་སོགས་མཉམ་དུ་སྤྱད་ན་ཧ་ཅང་བཟང་སྟེ།དཔེར་ན་སྲན་ཁུ་དང་ཡུ་གུའི་སྐྱོ་མ་འཐུང་ན་ཁ་ལ་ཞིམ་པར་མ་ཟད་ཕོ་རྒྱུ་ལ་ཕན་ཞིང་།སྤྲི་དཀར་ཁ་གསབ་བྱེད་པའི་ནུས་པ་ལྡན་པ་དང་།དུས་མཚུངས་སུ་ལུས་པོས་ཡུ་གུའི་འཚོ་བཅུད་བསྡུ་ལེན་བྱེད་པར་ཡང་ཕན་པ་ཡོད་དོ། །