ལོ་བརྒྱའི་འཁྲུངས་སྐར་བསུ་བའི་མཆོད་པ།

གཅོད་པ་དོན་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-07


སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་འདིར། །

ཉམ་ཐག་འགྲོ་ཀུན་སྡུག་བསྔལ་རྒྱ་མཚོ་ལས། །

སྐྱོབ་ཕྱིར་དཔའ་རྒོད་འབུམ་གྱི་གཅེས་པའི་སྲོག །

ཕངས་མེད་བཏང་སྟེ་ཁམས་གསུམ་བདེ་ལ་བཀོད། །

མཉམ་མེད་ཏང་གི་རྣམ་དཔྱོད་བློ་གྲོས་ཀྱིས། །

དབུལ་ཞིང་ཕོངས་པའི་རྒྱལ་ཁབ་ཉམ་ཆུང་ཞིག །

སྟོབས་འབྱོར་མངའ་ཐང་རྒྱས་པའི་ལམ་དུ་འཁྲིད། །

འཛམ་གླིང་ཡོངས་སུ་མཚན་སྙན་འབྲུག་ལྟར་ལྡིར། །

ཁྱེད་ཉིད་དབུལ་བོ་ཀུན་གྱི་དྲིན་ཆེན་མ། །

དགྲ་སྡེ་རྨེག་མེད་འཇོམས་པའི་ལྕགས་ཀྱི་ཐོ། །

ཕན་བདེ་འདྲེན་པའི་སྐྱབས་གནས་བྱང་སེམས་ཅན། །

འགྲོ་ཀུན་སྐྱོང་ལ་བརྩེ་བའི་ཉིན་བྱེད་མཚུངས། །

རབ་དཀར་ལྷ་རྫས་བཏེགས་ནས་སྤྲོ་སྐྱིད་གར། །

འཁྲབ་དང་ལྷན་དུ་ཏང་ལ་བསྟོད་པའི་གླུ། །

སིང་སིང་འགྱུར་ཁུགས་སྙན་མོ་ལེན་དང་བཅས། །

ལོ་བརྒྱའི་ཏང་ལ་དགའ་སྟོན་རྟེན་འབྲེལ་ཞུ། ། 


རྩོམ་ཡིག་སྔོན་མ།
བསྐལ་བརྒྱའི་དྲན་གསོ།
རྩོམ་ཡིག་རྗེས་མ།
དུས་རབས་ཀྱི་འཕོ་འགྱུར་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1