ཏང་གི་ལོ་བརྒྱའི་དུས་སུ་ཏང་གི་འཁྲུངས་སྐར་བསྟོད།

ཟམ་ཚ་དཀོན་མཆོག་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-07


མི་རིགས་ལྔ་དྲུག་མེས་རྒྱལ་གཅིག་གྱུར་དུ། །

མཐུན་སྒྲིལ་ཨ་ལོང་དམ་དུ་བསྒྲིལ་བའི་འཐུས། །

ཀྲུང་གོ་ཞེས་པ་རྒྱལ་སྤྱིའི་ཀློང་ཡངས་སུ། །

སྙན་པའི་གྲགས་པ་ས་གསུམ་ཁྱོན་དུ་འབར། །

ཀྲུང་གོའི་ཤེས་རིག་དར་ཞིང་རྒྱས་པ་དང་། །

མི་རིགས་སྲིད་ཇུས་བཟང་པོའི་སྣེ་ཁྲིད་འོག །

འདྲ་མཉམ་ངང་དུ་མདུན་སྐྱོད་གོམ་སྒྲ་ཡིས། །

ས་ཆེན་འཛིན་པའི་རྔ་སྒྲ་དྲག་ཏུ་བརྡུངས། །

དཔལ་གྱི་འབྱོར་བའི་ས་ཆ་མ་ལུས་ཀུན། །

ནུབ་རྒྱུད་གསར་སྤེལ་ཆེན་མོའི་ལས་གཞི་ལས། །

ཁོར་ཡུག་ལྗང་མདོག་ཅན་དུ་བསྒྱུར་བ་དང་། །

དེང་རབས་སྤྱི་ཚོགས་བསྐྲུན་པ་ངོ་མཚར་ཆེ། །

གནད་འཁེལ་དབུལ་སྐྱོར་གསར་དུ་བཏོད་པ་ནི། །

དམངས་ཀྱི་དཀའ་སྡུག་སེལ་ཞིང་བདེ་བ་རེག །

ཕུམ་སུམ་ཚོགས་པའི་འཚོ་བ་དར་ཞིང་རྒྱས། །

ཨེ་མ་རྨད་བྱུང་ཀྲུང་གོའི་ངོ་སོ་བསྟོད། ། 

༼སྦྲང་ཆར་རྩོམ་སྒྲིག་ཁང་གིས་བསྒྲིགས་པའི་ལོ་བརྒྱའི་ལེགས་མཛད་ལས་བཏུས།༽


རྩོམ་ཡིག་སྔོན་མ།
ལོ་བརྒྱའི་དྲན་གསོ།
རྩོམ་ཡིག་རྗེས་མ།
ལོ་བརྒྱའི་འགྲུལ་བཞུད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1