ལོ་བརྒྱའི་འགྲུལ་བཞུད།

ངག་དབང་རྒྱ་མཚོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-07


ལོ་བརྒྱའི་འགྲུལ་བཞུད།

དཔྱིད་དཔལ་གྱི་དུས་ཚིགས་དང་འགྲོགས་ནས་རྒྱང་ལ་བཞུར་རྗེས།

དེ་རིང་གི་གནམ་འོག་གསེར་མདོག་གི་ཞིང་ཁམས་རེད།

ཉི་ཟླའི་འོད་སྣང་གིས་བསྒྲུན་དུ་མེད་པའི་མེས་རྒྱལ་གྱི་ལྷག་བསམ།

ཕ་མའི་བྱམས་བརྩེ་བཞིན་དྭངས་གཙང་དང་ལྷད་མེད་ཀྱིས་འཚེར་ཏེ།

ང་ཚོའི་བདེ་སྐྱིད་ཀྱི་དགོད་སྒྲ་སྤྲིན་དཀར་དང་ནམ་མཁའ་ལ་འདྲེས་ཡོད།

ལོ་བརྒྱའི་འགྲུལ་བཞུད།

རླབས་ཆེན་གྱི་མི་བུ་རེ་རེས་དཀའ་སྡུག་གི་ལོ་ཟླ་བརྒལ་རྗེས།

དེ་རིང་གི་མེས་རྒྱལ་དང་། བདག་གི་ཕ་ཡུལ་ཉི་འོད་ཀྱི་ཞིང་ཁམས་རེད།

ཤེས་རིག་གི་རུ་དར་བསྒྲེངས་ཏེ་དཔལ་ཡོན་གྱི་ལམ་དུ་ཆས་དུས།

དེ་རིང་མདོ་དབུས་མཐོ་སྒང་གི་ཕུ་ནུ་ལྕམ་སྲིང་ཚོས།

མེས་རྒྱལ་ལ་རྟེན་འབྲེལ་དང་ཁ་གཡང་འབོད།

ལོ་བརྒྱའི་འགྲུལ་བཞུད།

དེ་རིང་གཞིས་ལ་ཕ་མ་འཛོམས་ཤིང་།

ཟས་ཀྱི་སྡེར་ཁ་བསྒྲིགས་ཏེ་ལོ་སར་ལ་རོལ་དུས།

ང་ཚོའི་བདེ་སྐྱིད་ཀྱི་འཚོ་བས་མེས་རྒྱལ་ལ་བཀའ་དྲིན་ཞུ། 

༼སྦྲང་ཆར་རྩོམ་སྒྲིག་ཁང་གིས་བསྒྲིགས་པའི་ལོ་བརྒྱའི་ལེགས་མཛད་ལས་བཏུས།༽


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1