མཛེས་སྡུག་བོད་གྲོང་གསར་པ། འབྱོར་འབྲིང་ལམ་དུ་བསྐྱོད་དོ།

བསྟན་འཛིན་ཉི་མ་དང་འཇིགས་མེད། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-07


ལོ་ཟླའི་འཕོ་འགྱུར། དུས་ཀྱི་འགྱུར་ཁུག 2021ལོར། ང་ཚོས་རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་100ལོན་པའི་འཁྲུངས་སྐར་བསུས།

ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་ར་སྐོར་གྲོང་ཚོ། ཝང་ཆིང་ཞིན་གྱིས་པར་བླངས།

དུས་བབ་དང་བསྟུན་ནས། རྒྱལ་ཁའི་དུང་སྒྲ་འབོད། ཞི་བའི་བཅིངས་འགྲོལ་ཐོབ་པ་ནས་དམངས་གཙོའི་བཅོས་བསྒྱུར་དང་། དེ་བཞིན་བཅོས་བསྒྱུར་སྒོ་འབྱེད་ཀྱི་དུས་བཟང་བརྒྱུད་ནས། སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་གོམ་ཁ་བསྒྱུར། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་ཀྱི་འགོ་ཁྲིད་འོག །གུང་ཁྲན་ཏང་ཡོན་རྣམས་ཀྱིས་མི་རབས་ནས་མི་རབས་བར་བརྩོན་པ་ལྷུར་ལེན་བྱས་ནས། རང་རྒྱལ་གྱི་བོད་འབྲེལ་ས་ཁུལ་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། དམར་དམག་སི་ཁྲོན་བོད་འབྲེལ་ས་ཁུལ་དུ་རྒྱང་སྐྱོད་བྱེད་སྐབས་ཤུལ་དུ་བཞག་པའི་གཟི་འོད་ཀྱི་སྙིང་སྟོབས་དང་བྱས་རྗེས་དེ། དུས་རབས་གང་ཡིན་རུང་བསམ་བློའི་སྙིང་བཅུད་དུ་གྱུར་ནས་སི་ཁྲོན་བོད་འབྲེལ་ས་ཁུལ་དུ་མིག་མཐོང་ལག་ཟིན་གྱི་གཡུར་དུ་ཟ་བའི་འབྲས་བུ་སྨིན་དང་སྨིན་བཞིན་ཡོད།

རྔ་བ་རྫོང་གཅའ་རོ་ཡུལ་ཤོག

ལོ་བརྒྱའི་འཕོ་འགྱུར། ལོ་བཅུའི་གཟི་བརྗིད། ལོ་ཟླ་ནི་ལོ་རྒྱུས་ཀྱི་ཟིན་བྲིས་མཁན་དེ་ཡིན་ལ། ལོ་རྒྱུས་ཀྱི་བདེན་དཔང་བའང་ཡིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་འདིར། ང་ཚོས“བོད་གྲོང་བརྒྱ་ཡིས་རྣམ་པ་གསར་པ་མངོན”ཞེས་པའི་ཁྱད་ལྡན་ལེ་ཚན་འཆར་འགོད་བྱས་ནས། པར་མིག་གི་ལམ་ནས་ཏང་གི་དམངས་ཕན་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ལྷག་པར་དུ་སི་ཁྲོན་བོད་འབྲེལ་ས་ཁུལ་དུ“དམངས་འཚོའི་ལས་གཞི་དྲུག”ལག་བསྟར་བྱས་རྗེས། བོད་འབྲེལ་ས་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱི་འཚོ་བར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་འཕེལ་རྒྱས་གྲུབ་འབྲས་ཀྱིས་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་ལེགས་སྐྱེས་སུ་འབུལ་ལོ། །

མཛོད་དགེ་རྫོང་སྟག་ཚ་དགོན་གྲོང་རྡལ་གྱི་རྣམ་པ་གསར་པ། ལེ་ཏུང་གིས་པར་བླངས།

ཉག་རོང་རྫོང་ལྷ་རི་མ་ཡུལ་སྡེ། ཡིའུ་ཅན་ཀྲུང་གིས་པར་བླངས།

ཆུ་ཆེན་རྫོང་མདོ་བུ་གྲོང་རྡལ་ཡུན་ཕན་གྲོང་ཚོ། ཏའེ་ཡུང་ཆིང་གིས་པར་བླངས།

ཧུང་ཡོན་རྫོང་ཧུ་ར་མ་གྲོང་ཚོ། བཀྲ་ཤིས་དོན་གྲུབ་ཀྱིས་པར་བླངས།

བྲག་འགོ་རྫོང་གི་ཞིང་གྲོང་གི་རྣམ་པ་གསར་པ། ཝང་ཞའོ་ཁང་གིས་པར་བླངས།


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1