༄༅། །གཅན་ཚའི་བུ་མོ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-14


རུས་རྐང་གི་ནང་སྙིང་རུལ་གྱིན་པའི།

དུང་བ་ལྷུང་ལྷུང་བཞུར་བའི་གནའ་བོའ་ིམཚར་སྡུག་གི་ཕ་ས་དྲོན་མོའ་ིརྩེད་ར་རུ།
གཉོམ་དུང་དུང་གི་གླུ་སྐད་རླུང་ལ་བསྐུར་དུས།
འཛུལ་དམུལ་དམུལ་གྱི་ངོ་གདོང་མཆི་མས་ཁེངས་པའི་དུས།
རྨ་ཆུ་རབ་ཁ་ན། ས་ཆེན་གྱི་སྲས་མོ་ཡིན་པའི།
མེ་ཏོག་ལྟ་བུའི་གཅན་ཚའི་བུ་མོ།
སུ་ཞིག་གི་ལོ་རྒྱུས་ཀྱི་གས་ཆག་ཁྲོད་ནར་མ་སོན་པའི་རྟེའུ་ཕྲ་ཚགས་དེ་ཡིན།
མེ་ཏོག་གི་ཞྭ་མོ་རང་ཉིད་ཀྱིས་སེམས་སུ་བཏེགས་ནས་བཟུང་།
གཅན་ཚའི་བུ་མོ། ཨ་སྲིན་པོ་བྲང་གཞུང་དུ།
རང་ཉིད་རང་ཉིད་ཡིན་པའི་དམ་ཚིག་ཉར་ནས།
ཆུ་ཐིགས་ལྟ་བུའི་རང་ཉིད་ཀྱི་མིག་ཆུ་དྲོན་པོ་ས་ཆེན་ལ་ཕུལ་མ་མྱོང་།
མེ་ཏོག་ལྟ་བུའི་རང་ཉིད་ཀྱི་ལང་ཚོ་གཉོམ་པོ་དྲག་རླུང་གིས་སྒུལ་མ་མྱོང་།
ཕ་ཡུལ་ཕ་ཡུལ་ཡིན་པའི་རྐྱེན་གྱི།
གཅན་ཚའི་བུ་མོ། ངའི་སེམས་ཁོངས་སུ་བཞད་པའི་མེ་ཏོག་རྐང་ཅིག་ཅི་ལ་མིན།
ཁྱོད་མེད་དུས།
ཁྱོད་མེད་དུས། མཚན་མོའ་ིསློབ་གླིང་གི་སྒེའུ་ཁུང་ལས།
ཚོད་ཚོད་ལ་ཀི་རིང་རེ་བཏབ་ཅིང་།

སྨུག་པ་ལྟ་བུའི་དྲན་གདུང་གི་སྐྱོ་བ་མཐའ་དག 


མེ་ཏོག་ལྟ་བུའི་སྙན་ངག་གི་ཚིག་གྲུབ་ཏུ་བསྡུས་ནས།
ལས་དབང་གི་དབྱངས་རྟ་གླུ་རུ་བླངས།
ཁྱོད་མེད་དུས། ཕྱིར་དྲན་གྱི་བསམ་གཞིག་གི་ཀློང་ནས།
འོ་ཇ་མངར་མོ་ཞིག་བརྩེ་བ་རུ་སྒོམ་གྱིན།
འདས་དོན་བསྐྱུར་མོ་ཞིག་སྙིང་ཁོང་དུ་རུམ་བཞིན།

ཁེར་རྐྱང་གི་རང་ཉིད་དང་བཅས་པའི་སེམས་པ་དང་སྐྱོ་བ་ཡོད་ཚད།
ལྗིད་ཏིག་ཏིག་གི་སུན་སྣང་ལས་དཀྲོགས་ཐབས་བྱས།
ཁྱོད་མེད་དུས།
ཁྱོད་མེད་དུས།
ང་ལ་འདི་འདྲའི་སྐྱོ་གདུང་གི་མནར་དོན་ཅི།


རྩོམ་ཡིག་སྔོན་མ།
༄༅། །དགའ་བའི་རོལ་སྟངས།
རྩོམ་ཡིག་རྗེས་མ།
༄༅། །རྫི་བོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1