རྟ་རྒོད་རྐྱང་རྐྱང་ཞིག་གི་རྔོག་རྩེ་རུ་འཐམས་ཞོར། །
མི་ཚེའི་ལམ་ལ་འཛུམ་གྱིས་བཞི་ཤད་རང་འབྲི་བའི། །
འབྲོག་ཚར་ཡག་པོ་གྱོན་པའི་འབྲོག་ཕྲུག་དེ་དྲན་སོང་། །
ནགས་ཚལ་མི་རོར་ཆགས་པའི་མི་ཡུལ་ནས་བསྡད་དེ། །
ཙག་དང་འཚུབ་མ་བཙན་པོའ་ིདཔའ་རྩལ་ལ་འགྲོགས་ཞོར། །
མ་ཎིས་ཕྲེང་ཐག་གཅོད་པའི་སེམས་བྱུང་དེ་མ་བོར། །
དགེ་སྡུག་མཉམ་དུ་བསྲེས་པའི་རྫི་བོ་དེ་དྲན་སོང་། །
དར་གྱི་ཁ་བཏགས་འཐེན་པའི་མཚོ་ཁ་ནས་བསྡད་དེ། །
འཚོ་བའི་གཞི་མདོར་སྡུག་གི་མདའ་གཞུ་ཞིག་ལས་ཞོར། །
ལྤགས་པ་སྐྱ་བོ་ཞིག་གི་གོང་གསེབ་ན་འཁོར་བའི། །
རྫི་བོ་དལ་གྱིས་བཀླགས་ན་ཡིད་སེམས་འདི་སྐྱིད་ཨང་། །