ཁུ་བྱུག་གི་སྙིང་ཆུང་དམར་པོ།
ཁྱོད་ཀྱི་ཕྱིར་དུ་ནམ་ཡང་ཁེར་རྐྱང་མིན།
དུངས་པ་མཚོ་མོ་ཡིན་པའི་ལོ་ཟླ་རུ།
ལྷོད་འཇམ་གྱི་ཟླ་འོད་ལྷ་མོ།
དཀར་སོབ་སོབ་ཀྱི་མཚན་མོ་རེར།
ངའང་མེ་ཏོག་དམར་ཆུང་ཞིག་གི་ཉམས་ཀྱིས།
ཁྱོད་ཀྱི་འཛུམ་བག་ལ་སེམས་པ་ཁེན་ནས།
ཁུ་བྱུག་གི་བརྩེ་བའི་གཏམ་རྒྱུད་ཁྱོད་ཀྱི་སྙིང་ལ་ལྷུག་པར་བཤད་ཆོག
ཟླ་འོད་ལྷ་མོ།
དབྱར་གཞུང་གི་ནམ་མཁའ་ཞིག་ལ།
ཐོལ་གྱིས་འབབ་པའི་རྫ་ཆུའི་དྭངས་ཤ་འདིའང་།
རི་དཔུང་བརྒྱ་ཚོགས་ཀྱི་བརྩེ་བ་ཟོལ་མེད་དེ་ཡིན་ན།
ང་དང་ཁྱོད་ཀྱི་བར་ཐག་ཀྱང་གནམ་དང་ས་ཡིན་པར་སྐྲག་མི་དགོས།
རླུང་བུ་འཇམ་པོ་ཞིག་གི་བང་རིམ་ནས།
ངའང་། ཁ་ཁུ་སིམ་མེར་ནམ་མཁའི་དབྱིངས་སུ།
དགའ་ལྷང་ལྷང་། དགའ་བས་ཡོང་ཆོག །